མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངོ་དེབ་ཀྱིས་རྒྱ་གཞུང་ལ་ངོ་དགའ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་གྱིས་ངོ་དེབ་ཐོག་རང་ལུས་མེར་བསྲེགས་ཀྱི་བརྙན་ཐུང་ཞིག་བཞག་ཡོད་པ་དེ་ངོ་དེབ་ལས་ཁུངས་ཀྱིས་ནག་གསུབ་བཏང་ཡོད་འདུག

ཁ་སང་ནེའུ་ཡོག་དུས་བབ་དྲ་རྒྱ་དང་དབྱིན་ཡུལ་གྱི་ཏར་འཕྲིན་གྱི་དྲ་ཚིགས་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༢༣ ཉིན་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བཞིན་པའི་བརྙན་ཐུང་ཞིག་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་གྱིས་སྒེར་གྱི་ངོ་དེབ་ཐོག་སྤེལ་ཡོད་པ་དེ། ཉིན་གཅིག་གི་རྗེས་སུ་ངོ་དེབ་ཐོག་ནས་ནག་གསུབ་བཏང་ཡོད་པ་མ་ཟད། ནག་གསུབ་བཏང་ཟིན་པའི་བརྡ་ཐོ་ཞིག་ཀྱང་ཁོ་མོར་འབྱོར་ཡོད་སྟབས། དཔྱད་བརྗོད་པ་ཚོས་དེ་ནི་ངོ་དེབ་གསར་གཏོད་བྱེད་མཁན་མག་རྫུ་ཁར་བྷག་གིས་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་འདོད་ཀྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་སོགས་བཀོད་འདུག

འདིའི་ཐད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ནེའུ་ཡོག་དུས་བབ་ཐོག་བརྗོད་དོན། “ང་ལ་བརྙན་ཐུང་དེ་ནག་གསུབ་བཏང་ཟིན་པའི་བརྡ་ཐོ་འབྱོར་སྐབས་བློ་ཡུལ་ལས་འདས་པའི་ཚོར་བ་ཞིག་བྱུང་བ་མ་ཟད། སྐབས་དེར་ངས་ངོ་དེབ་དེ་གང་འདྲ་བྱས་ནས་རྒྱ་ནག་ནང་གི་དྲ་ཚིགས་ལྟར་ཆགས་པ་རེད་བསམ་ནས་སེམས་ནང་དོགས་པ་རྣམ་རྟོག་མང་པོ་ཞིག་སྐྱེས་བྱུང་”ཞེས་བརྗོད་འདུག

ངོ་དོབ་ཀྱི་འབྲེལ་ཡོད་ལས་བྱེད་ཞིག་གིས་དབྱིན་ཡུལ་གྱི་ཏར་འཕྲིན་ (The Telegraph) ཞེས་པའི་ཐོག་གསལ་བཤད་བྱས་དོན། “བརྙན་ཐུང་དེ་ནག་གསུབ་གཏོང་དོན་ནི་དེའི་བཟོ་བཀོད་དང་སྒྲིག་སྦྱོར་བྱེད་སྟངས་ཚད་ལས་བརྒལ་བ་ཞིག་ཡིན་པ་མ་ཟད། མི་གཞན་གྱིས་ལྟ་མི་བཟོད་པ་ཞིག་ཡིན་སྟབས། རྒྱུ་རྐྱེན་གཞན་མེད་པར་ང་ཚོར་བརྙན་ཐུང་དེ་བཀག་འགོག་བྱེད་ཆེད་ཀྱི་མ་ལག་མེད་སྟབས་རྦད་དེ་ནག་གསུབ་བཏང་བ་ཡིན།” ཞེས་བརྗོད་ཡོད་སྟབས། འོད་ཟེར་ལགས་ཀྱིས་ཨི་རག་ནང་ཁ་ཆེའི་དྲག་སྤྱོད་པས་གསར་འགོད་པའི་མགོ་བཏུབ་པའི་བརྙན་པར་ལ་ངོ་དེབ་ཀྱིས་ཆོག་མཆན་སྤྲད་ཡོད་སྟབས། བོད་མིའི་རང་སྲེག་བརྙན་ཐུང་དེ་གསུབ་དགོས་དོན་གང་ཡང་ཆགས་མེད་ཅེས་ལན་འདེབས་བྱས་འདུག

དི་ལོའི་ཕྱི་ཟླ་ ༡༠ པའི་ནང་མག་ཛུ་གྷར་བྷག་གིས་རྒྱ་ནག་ཤིན་ཧྭ་སློབ་གྲྭ་ཆེན་མོའི་ནང་ཡོང་སྐབས། རྒྱ་སྐད་ཐོག་ནས་སློབ་མས་བཏོན་པའི་དྲི་བར་ལན་འདེབས་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༥ ཉིན་རྒྱ་ནག་གི་དྲ་རྒྱ་བཀོད་འདོམ་ལྷན་ཁང་གི་བློན་ཆེན་ལེའུ་ཝེ་ (Lu Wei)ཨ་རིར་སྐྱོད་སྐབས། ཨ་རིའི་གྲོང་ཁྱེར་ཀཱེལ་ལི་ཧྥོར་ཎེ་ཡཱར་རྟེན་གཞི་བྱས་པའི་ངོ་དེབ་ལས་ཁུངས་ཨ་མའི་ནང་ལྟ་སྐོར་དུ་ཕྱིན་ཡོད་པ་དང་། སྐབས་དེར་ཁོས་མག་ཛུ་གྷར་བྷག་གི་ཁང་པའི་ཅོག་ཙེའི་ཐོག་ཞི་ཅིན་ཕིན་གྱིས་རྒྱ་ནག་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ཤོག་ལྷེ་ ༥༠༥ ཅན་གྱི་དེབ་ཅིག་བཞག་ཡོད་པ་མཐོང་བ་མ་ཟད། ཁོས་ལེའུ་ཝེ་ལ་ངས་ལས་རོགས་ཚོ་ལའང་དེབ་འདི་ཉོས་ཏེ། ཁོང་ཚོར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུས་ལོན་བྱས་བཅུག་པ་ཡིན་ཞེས་བརྗོད་ཡོད་ཚུལ་སོགས་ལབ་སྟེ། རྒྱ་ནག་ནང་ངོ་དེབ་ཀྱི་ཁྲོམ་རྭ་འཚོལ་ཐབས་བྱས་ཡོད་འདུག

འོན་ཀྱང་རྒྱ་དཔོན་ལེའུ་ཝེ་ཡིས་མག་ཛུ་ལ་ངས་ངོ་དེབ་རྒྱ་ནག་གི་ཁྲོམ་ར་ནང་འཛུལ་ཐུབ་ཀྱི་མ་རེད་ལབ་རྒྱུ་མ་བྱུང་ལ་འཛུལ་ཐུབ་ཀྱི་རེད་ཀྱང་ལབ་མེད། ཡིན་ཡང་ང་ཚོས་རྒྱལ་སྤྱིའི་ཁེ་ལས་རྒྱ་ནག་གི་ཁྲོམ་རར་འཛུལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་གནོད་སྐྱོན་བཟོ་མཁན་ཚོར་ཆོག་མཆན་སྤྲོད་ཀྱི་མེད་ཅེས་ལན་འདེབས་བྱས་ཡོད་འདུག

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧུ་ཅཱ་ (Hu Jia ) ཡིས། “ད་ལྟ་ངོ་དེབ་ཀྱིས་ཡཱ་ཧོ་ལྷར་རྒྱ་ནག་ལ་གྲོགས་པོ་སྒྲིག་ནས་དྲ་རྒྱའི་རང་དབང་ལ་དོ་ཕོག་ཡོང་གཞིའི་ནོར་འཁྲུལ་ཞིག་བཟོ་བཞིན་འདུག”ཅེས་དང་། མིང་སྨྲོས་མེད་པའི་བོད་རིགས་མཁས་པ་ཞིག་གིས་དབྱིན་ཡུལ་གྱི་ཏར་འཕྲིན་ཐོག་བརྗོད་དོན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་བྱང་ཀོ་རི་ཡ་ལས་མང་བ་ཡོད་སྟབས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་དྲ་རྒྱ་ཁག་གིས་གནས་ཚུལ་ཕྱིར་གྱར་མ་བྱས་ཀྱང་། བོད་ནང་གི་གནས་ཚུལ་དག་ཕྱིར་འཐོན་ཀྱི་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist