མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་རྒོལ་ལས་འགུལ་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པའི་ངོས་འཛིན།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མིན་ཧྲིན་དངུལ་ཁང་གི་འགན་འཛིན་མའོ་ཞོ་ཧྥིན་བཀག་ཉར་ཞིབ་བཤེར་འོག་ཚུད་ཡོད་པའི་གནས་ཚུལ་ཞིག་ཐོན་པ་དང་བསྟུན་ཏེ། སྲིད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་ཕྱི་ལོ་གསར་པ་དང་བསྟུན་ཏེ་རུལ་རྒོལ་ལས་ཁུལ་གྱི་ཁ་ཕྱོགས་ཀྱང་གསར་བརྗེ་བྱས་ཡོད་སྐོར་གླེང་།

ཟླ་སྔོན་མའི་ཚེས་ ༣༡ ཉིན་མིན་ཧྲིན་ (Minsheng)དངུལ་ཁང་དྲ་བའི་སྟེང་། དངུལ་ཁང་དེའི་འགན་འཛིན་མའོ་ཞོ་ཧྥིན་ (Mao Xiaofeng)དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་བརྟག་དཔྱད་འོག་ཚུད་ཡོད་པ་འཁོད་ཡོད་ཀྱང་། ཅུང་ཙམ་རྗེས་དྲ་ཚིགས་དེའི་སྟེང་སླར་ཡང་མའོ་ཞོ་ཧྥིན་གྱིས་མིན་ཧྲིན་དངུལ་ཁང་ནས་དགོངས་པ་ཞུས་ཚུལ་བསྒྲགས་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་ནས་བཟུང་རྒྱ་ནག་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་མའོ་ཞོ་ཧྥིན་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་རིམ་བསྟུད་དུ་ཐོན་ཡོད་ཅིང་། མང་པོ་ཞིག་གིས་མའོ་ཞོ་ཧྥིན་དེ་སྔ་གོ་གནས་ཕབ་ཟིན་པའི་ལིན་ཅི་ཧྭ་དང་འབྲེལ་བ་ཡོད་པ་དང་ཅིང་ཤོག་ཁག་གི་མི་སྣ་ཡིན་པ། ཁོ་ནི་ན་གཞོན་ཡང་ལྐོག་ཟ་རུལ་སུངས་དང་བུད་མེད་ཚོར་ཚུལ་མིན་བྱེད་མཁན་སྤྱོད་ངན་ཞིག་ཡིན་སྐོར་གླེང་།

རྒྱ་ནག་གི་ཚད་ཞིན་དྲ་བའི་སྟེང་མའོ་ཞོ་ཧྥིན་གྱི་ཆགས་སྲེད་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། མའོ་ཞོ་ཧྥིན་གྱིས་དུས་རྒྱུན་མིན་ཧྲིན་དངུལ་ཁང་གི་ལས་བྱེད་བུད་མེད་ཚོར་ལྐོག་འབྲེལ་བྱེད་ཀྱིན་ཡོད་པ་མ་ཟད། ཁོ་རྒྱ་ནག་གི་བུད་མེད་འཁྲབ་སྟོན་མ་ཚོར་འབྲེལ་བ་ཡོད་པ་དང་། འཁྲབ་སྟོན་མ་དེ་ཚོར་ཐོག་མར་ངོ་ཐུག་པ་ཙམ་གྱིས་(Audi A4)རྟགས་ཅན་གྱི་རླངས་འཁོར་ལག་སྐྱེས་སུ་སྤྲོད་བཞིན་ཡོད་འདུག མའོ་ཞོ་ཧྥིན་ལ་དེ་ལྟ་བུའི་རྒྱུ་ཤུགས་དང་ང་རྒྱལ་ཆེན་པོ་ཡོད་དོན་ནི། དེ་སྔོན་ཁོའི་གནས་རིམ་ཁྲོད་དུ་ཁོ་རང་ཟླ་ཕོགས་མཐོ་ཤོས་དེ་ཡིན་འདུག་ལ། ལོ་གཅིག་ལ་རྒྱ་སྒོར་ས་ཡ་བཞི་དང་ཉིས་འབུམ་ (༤༢༥༠༠༠༠)ཙམ་ཡོད་འདུག

ཚེས་ ༣ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་། མའོ་ཞོ་ཧྥིན་གྱི་སྐྱེས་དམན་ཁྲིན་ཐན་ཅཱ་ (Chen Tinjia)ཡི་འདྲ་པར་ཞིག་ཁྱབ་བསྒྲགས་བྱས་པ་དང་བསྟུན་ཏེ། མའོ་ཞོ་ཧྥིན་དང་ལིན་ཅི་ཧཱ་ཡི་ཁྱིམ་རྒྱུད་འབྲེལ་བ་ཡོད་སྐོར་གླེང་སློང་བྱུང་ཡོད་ཅིང་། མའོ་ཞོ་ཧྥིན་ད་ལྟ་ལྐོག་ཟ་རུལ་སུངས་ཞིབ་བཤེར་འོག་ཚུད་ཡོད་པ་སྨྲོས་མེད་ཡིན་ཡང་། ཁོའི་སྐྱེས་དམན་ཁྲིན་ཐན་ཅཱ་གྱོད་དོན་དེ་དང་འབྲེལ་བ་ཡོད་མེད་གླེང་སློང་བྱས་མི་འདུག ཁྲིན་ཐན་ཅཱ་མཐའ་མཇུག་ཝའེ་པའོ་དྲ་བའི་སྟེང་བཞུགས་པའི་ཉིན་མོ་ནི་ ༢༠༡༥ལོའི་ཟླ་ ༡ཚེས་ ༢༤ ཉིན་གྱི་ཆུ་ཚོད་ ༢༠:༢༥ ཡིན་འདུག

མའོ་ཞོ་ཧྥིན་དང་ལིན་ཅི་ཧྭ་ (Ling Jihua)ཡི་ཁྱིམ་ཚང་བར་འབྲེལ་བ་ཐེངས་གཉིས་བྱུང་ཡོད་པ་དང་། གཅིག་ནི་ལིན་ཅི་ཧཱ་ཡི་སྤུན་མཆེད་ལི་བན་ཁྲིན་ (Ling Wancheng)དང་མའོ་ཞོ་ཧྥིན་གཉིས་སྔོན་ཆད་ཧའོ་ནན་སློབ་ཆེན་ནས་སློབ་སྦྱོང་བྱས་སྐབས་འབྲེལ་བ་ཡོད་པ་དང་། གཞན་ཞིག་ནི། མིན་ཧྲིན་དངུལ་ཁང་ནང་ལོགས་སུ་བུད་མེད་སྤྲོ་ཚོམས་ཁང་ཞིག་ཡོད་ཅིང་། སྤྲོ་ཚོམས་ཁང་དེར་ཀོ་ལི་ཕིན་ (Gu liping)དང་སྔོན་ཆད་རྒྱ་ནག་དབུས་སྲིད་གྲོས་འགན་འཛིན་གཞོན་པ་སཱོ་རོན་ (Surong)གྱི་སྐྱེས་དམེན་ལེ་ཧྥོང་ (Lifang)སོགས་མཐོ་རིམ་དཔོན་རིགས་དག་གི་སྐྱེས་དམན་བཅུ་གྲངས་ཤིག་གིས་ལས་ཀ་བྱེད་མི་དགོས་པར་ཟླ་ཕོགས་ལེན་བཞིན་ཡོད་འདུག ད་དུང་ཀོ་ལི་ཕིན་སྔོན་ཆད་མིན་ཧྲིན་དངུལ་ཁང་ཡན་ལག་བོགས་གཏོང་ལས་དོན་གྱི་འགན་འཛིན་དུ་ལོ་ ༣ ཙམ་རིང་བསྡད་མྱོང་སྐོར་ཞིག་མའོ་ཞོ་ཧྥིན་ཁོ་རང་ཉིད་ཀྱིས་བཤད་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་རྒྱ་ནག་གི་གསར་འགོད་པ་ལོའོ་ཁྲོང་ཕིན་(Lou Changping)གྱིས་གནས་ཚུལ་སྤེལ་པ་ལྟར་ན། ལིན་ཅི་ཧཱ་ནི་མ་དངུལ་ཁྲོམ་ར་དང་དངུལ་ལོར་ས་ཁུལ་མང་པོ་ཞིག་ལ་འབྲེལ་པ་ཡོད་སྟབས། མའོ་ཞོ་ཧྥིན་ནི་ལིན་ཅི་ཧཱ་ཡིས་ཕུགས་རྒྱང་རིང་བོར་བསམ་བློ་བཏང་ཡོད་པའི་མི་སྣ་གལ་ཆེན་གྲས་ཤིག་ཡིན་འདུག

ཟླ་འདིའི་ཚེས་ ༥ ཉིན་ཏཱ་ཅིས་ཡེན་དྲ་ཚིགས་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། མའོ་ཞོ་ཧྥིན་ཞིབ་བཤེར་ལ་ཁྱབ་བསྒྲགས་བྱས་པའི་ཉིན་གཉིས་ཀྱི་རྗེས་ཏེ་ཚེས་ ༢ ཉིན་རྒྱ་ནག་ཚོང་ལས་དངུལ་ཁང་ཚཱོང་ཀྲའོ་ཡན་ལག་པའོ་ཐའོ་ཀྲི་དངུལ་ཁང་གི་འགན་འཛིན་ཁང་རྩེག་སྟེང་ནས་རང་ཤི་བརྒྱབ་ཡོད་པ་དང་། དགོང་མོ་དེར་པེ་ཅིན་དངུལ་ཁང་གི་མ་རྐང་ལས་ཁང་གསུམ་པའི་འགན་འཛིན་ལོ་ཧེ་ཅོན་ (Lu Haijun)རྒྱ་གཞུང་གིས་འཛིན་བཟུང་ཞིབ་བཤེར་ཁྱབ་བསྒྲགས་བྱས་ཡོད་འདུག

དབྱེ་ཞིབ་པ་ཚོས། ད་ལྟ་རྒྱ་ནག་གཞུང་གི་རྒྱུ་དབང་ཡོད་པའི་དཔོན་རིགས་ཚོར་རྒོལ་རྡུང་ལས་འགུལ་གྱི་ཁ་ཕྱོགས་གསར་པ་ཞིག་ཏུ་སྐྱོད་བཞིན་ཡོད་ཅིང་། འདིའི་དམིགས་ཡུལ་ཅང་ཙེ་མིན་ཤོག་ཁག་གི་རྒྱུ་དབང་ཡོད་ཚད་ཕྱིར་ལེན་བྱ་རྒྱུ་དེ་ཡིན་སྐོར་བརྗོད་འདུག

ཧོང་ཀོང་རྨ་བྱ་བརྙན་འཕྲིན་ལས་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། མིན་ཧྲིན་དངུལ་ཁང་གི་འགན་འཛིན་མའོ་ཞོ་ཧྥིན་གྱི་གྱོད་དོན་བརྒྱུད་དེ། ཞི་ཅིན་ཕིན་གྱི་རུལ་སུངས་རྒོལ་རྡུང་ལས་འགུལ་དེ་ད་དུང་གཏིང་ཟབ་དུ་འགྲོ་བཞིན་ཡོད་པ་མཚོན་ཞིང་། ལྐོག་ཟ་རུལ་སུངས་གྱོད་དོན་ཡོད་ཚད་དབང་ཆ་བེད་སྤྱོད་བཏང་སྟེ་རྒྱུ་ནོར་ལེན་པ་དང་། རྒྱུ་ནོར་བཀོལ་ནས་དབང་ཆ་ཉོ་བ་སོགས་རྒྱུ་དང་དབང་ཆའི་ཉོ་ཚོང་ཞིག་ཡིན་སྟབས། མང་པོ་ཞིག་གིས་དཔལ་འབྱོར་གྱི་སྒྲིག་སྲོལ་ལག་བསྟར་བྱེད་ཀྱིན་ཡོད་པའི་མིང་ཐོག་ནས་མ་དངུལ་འབོར་ཆེན་ཕན་ཚུན་ལ་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅིང་། གནད་དོན་འདིར་ཕྱིའི་ངོ་བོ་ཙམ་གྱི་ཐོག་ནས་བལྟས་ན་རབ་རུབ་ཅིག་ཡིན་ཡང་། དོན་དངོས་སུ་དེ་ནི་ཛ་དྲག་གི་གནད་དོན་ཆགས་ཆགས་ཡོད་ཅེས་སོགས་བརྗོད་འདུག

ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འདི་གཙོ་བོ་རྒྱུ་ནོར་ལ་ཐུག་ཡོད་སྟབས། ཞི་ཅིན་ཕིན་གྱིས་ ༢༠༡༢ ལོའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ཝང་ཆེ་ཧྲན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དུ་ཉར་ཡོད་པ་དེ་ནི། དཔལ་འབྱོར་རུལ་སུངས་རྒོལ་རྡུང་ཐད་སྔོན་བརྡ་ཞིག་ཡིན་པ་དང་། ད་རེབ་དངུལ་ཁང་གི་དཔོན་རིགས་ཚོར་ཞིབ་བཤེར་བྱེད་པ་དེ་ནི་རུལ་སུངས་རྒོལ་རྡུང་ལས་འགུལ་ཁྲོད་ཀྱི་ཁ་ཕྱོགས་གསར་པ་དེ་རེད། ཅེས་སོགས་བརྗོད་འདུག

ཕྱི་སྡོད་རྒྱ་མི་ཆབ་སྲིད་དཔྱད་ཞིབ་པ་ཞཱ་ཞའོ་ཆུང་ (Xia Xiaoqiang)གིས། མའོ་ཞོ་ཧྥིན་གོ་གནས་ནས་ཕབ་པ་ནི་ལིན་ཅི་ཧྭ་ལ་འབྲེལ་བ་ཡོད་པ་མ་ཟད། གྱོད་དོན་འདི་དག་དང་འགྲོག་ནས་ད་དུང་གནས་ཚུལ་འདྲ་མིན་ཞིག་ཕྱི་རུ་ཐོན་སྲིད་པ་དང་། ཞི་ཅིན་ཕིན་གྱིས་ཅང་ཙེ་མིན་གྱི་ཕྱོགས་ཡོངས་ནས་སྐོར་བཅོམ་བྱེད་བཞིན་ཡོད་པ་རྒྱ་ནག་སྤྱི་ཚོགས་ནང་གསལ་པོ་ཆགས་བཞིན་ཡོད་སྟབས། དཔལ་འབྱོར་རུལ་སུངས་ལ་རྒོལ་རྡུང་གཏོང་པ་ནི། ཞི་ཅིན་ཕིན་གྱི་གཡུལ་འཐབ་ཁྲོད་ཀྱི་ཆ་ཤས་ཙམ་རེད་ཅེས་བརྗོད་འདུག

མའོ་ཞོ་ཧྥིན་ནི་ ༡༩༧༢ ལོར་སྐྱེས་ཤིང་། ཨ་རིའི་ཧཱ་བོ་ཊི་སློབ་ཆེན་ནས་རབ་འབྱམས་པའི་གནས་རིམ་མཐར་ཕྱིན་ཡོད་པ་དང་། ཧའོ་ནན་སློབ་ཆེན་གྱི་འབུམ་རམས་པ་ཐོན་རྗེས། རྒྱ་ནག་རྒྱལ་ཡོངས་སློབ་ཕྲུག་ཚོགས་པའི་འགན་འཛིན་བྱས་ཡོད་པ་དང་། ༢༠༡༤ཟླ་ ༨པ་ནས་རྒྱ་ནག་མིན་ཧྲིན་དངུལ་ཁང་གི་འགན་འཛིན་བྱས་ཡོད་འདུག

མའོ་ཞོ་ཧྥིན་གྱི་སྐྱེས་དམན་ཁྲིན་ཐན་ཅཱ་ ༡༩༨༠ ལོར་ཟླ་ ༡༡ ཚེས་ ༡༥ཉིན་སྐྱེས་ཤིང་། ༢༠༠༥ལོར་ཁྲོན་ཆིན་གྲོང་ཁྱེར་གློག་བརྙན་སློབ་ཆེན་ནས་མཐར་ཕྱིན་རྗེས། རྒྱ་ནག་ནང་ཁུལ་གྱི་གློག་བརྙན་ཁ་ཤས་འཁྲབ་ཡོད་འདུག ༢༠༡༤ལོར་རྒྱ་ནག་རྒྱལ་ཡོངས་འཁྲབ་སྟོན་མའི་རྟགས་མ་ཞིག་ཀྱང་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༢༣ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ མང་པོ་ཞིག་གིས་མའོ་ཞོ་ཧྥིན་དེ་སྔ་གོ་གནས་ཕབ་ཟིན་པའི་ལིན་ཅི་ཧྭ་དང་འབྲེལ་བ་ཡོད་པ་དང་ཅིང་ཤོག་ཁག་གི་མི་སྣ་ཡིན་པ། ཁོ་ནི་ན་གཞོན་ཡང་ལྐོག་ཟ་རུལ་སུངས་དང་བུད་མེད་ཚོར་ཚུལ་མིན་བྱེད་མཁན་སྤྱོད་ངན་ཞིག་ཡིན་སྐོར་གླེང་། ་་་་་་
    དང་།
    ་་་་ དབྱེ་ཞིབ་པ་ཚོས། ད་ལྟ་རྒྱ་ནག་གཞུང་གི་རྒྱུ་དབང་ཡོད་པའི་དཔོན་རིགས་ཚོར་རྒོལ་རྡུང་ལས་འགུལ་གྱི་ཁ་ཕྱོགས་གསར་པ་ཞིག་ཏུ་སྐྱོད་བཞིན་ཡོད་ཅིང་། འདིའི་དམིགས་ཡུལ་ཅང་ཙེ་མིན་ཤོག་ཁག་གི་རྒྱུ་དབང་ཡོད་ཚད་ཕྱིར་ལེན་བྱ་རྒྱུ་དེ་ཡིན་སྐོར་བརྗོད་འདུག ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese