མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་ཕོགས་སྤར་སྟངས་འདྲ་མཉམ་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གྲོས་ཚོགས་ནང་སྤྱི་འཐུས་ཁག་གཅིག་དང་སྲིད་སྐྱོང་མཆོག་གི་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའི་ཟླ་ཕོགས་སྤར་ཕྱོགས་སྐོར་ལ་དྲི་བ་དྲིས་ལེན་གནང་སོང་།

ཁ་སང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་དགུ་པའི་སྔ་དྲོར། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གནང་སྐབས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ། སྐབས་ ༡༤ པའི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཀྱི་གསོལ་ཕོགས་སྤར་རྒྱུར་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡང་། ཚོགས་ཆུང་གི་སྙན་ཐོ་ཕུལ་འབྱོར་རྗེས་སྙན་ཐོ་རྩིས་མེད་བཏང་སྟེ། བཀའ་ཤག་གིས་བར་བརྒལ་ངལ་སེལ་གྱི་རྩ་ཕོགས་བརྒྱ་ཆ་ ༣༢ སྤར་བ་དང་། མཛད་གཙོ་རྣམ་རྣམ་པ་དང་སྲི་ཞུ་ལས་བྱེད་ཚོར་གཞུང་དོན་ཕྱོགས་བསྐྱོད་སྐབས་ཟུར་ཕོགས་སྤྱི་མཚུངས་སྤར་ཆ་མ་གནང་བ་བཅས་ཀྱི་ཐད། རྩ་ཕོགས་ནས་བརྒྱ་ཆ་ ༣༢ ཙམ་བར་བརྒལ་ངལ་སེལ་དུ་སྤར་བ་དེ་རྩ་ཕོགས་ཐོག་མི་སྣོན་དོན་གང་ཡིན་དང་། ལས་བྱེད་མང་པོ་ཞིག་གིས་བརྒྱ་ཆ་ ༣༢ དེ་རྩ་ཕོགས་ཐོག་གནན་དགོས་པའི་བདེ་སྡུག་སྙན་ཞུ་ཞིག་བཀའ་ཤག་ལ་ཕུལ་ཡོད་པ་དེར་དགོངས་བཞེད་གནང་འཆར་ཡོད་མེད་དྲི་བ་བཏོན་པའི་ཐད་སྲིད་སྐྱོང་མཆོག་གིས། རྩ་ཕོགས་སྟེང་བརྒྱ་ཆ་ ༣༢ བསྣན་ཚེ་བཀའ་ཤག་གིས་ཐབས་འཚོལ་ཐུབ་པའི་དམིགས་བསལ་མ་དངུལ་དང་གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་དངུལ་འབོར་གཉིས་འདུམས་ཀྱི་མེད་པ་དང་། བརྒྱ་ཆ་ ༣༢ རྩ་ཕོགས་ཐོག་མ་བསྣན་པ་དེས་གཟིགས་གསོལ་དང་གསོག་དངུལ་གྱི་ཁེ་ཕན་ཡོད་མཁན་ད་ཡོད་ལས་བྱེད་བགྲེས་ཡོད་འགྲོ་མཁན་རྣམས་ལ་ཁྱད་པར་ཆགས་ཀྱིན་ཡོད་པ། དེ་བཞིན། ད་ཆ་ལས་བྱེད་པའི་ཕོགས་རིམ་བསྐྱར་ཞིབ་གནང་ཐུབ་མེད་སྟབས་ཕྱོགས་སྐྱོད་ཟུར་ཕོགས་སྔ་སོར་གནས་པ་ཡིན་སྐོར་སོགས་ལན་འདེབས་གནང་སོང་།  

སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་འཕྲོས་དོན་དྲི་བར། བཀའ་ཤག་གིས་ཕོགས་རིམ་ཚོགས་ཆུང་གི་སྙན་ཐོར་ངོས་བཞེས་མ་ཐུབ་པའི་དོན་གནད་གཙོ་བོ་དེ། ཕོགས་རིམ་ཚོགས་ཆུང་གི་ཕོགས་རིམ་རྗེས་འབྲེལ་གྱི་འགྲོ་གྲོན་ཁག་ཅིག་མ་ཚུད་པར་བརྟེན་ནས་བྱུང་བ་ཞིག་མཐོང་གི་འདུག་སྟབས། ཕོགས་རིམ་རྗེས་འབྲེལ་ཀྱི་འགྲོ་གྲོན་མ་ཚུད་པ་གང་དག་དང་། གལ་སྲིད་འགྲོ་གྲོན་དེ་དག་ཚུད་ཀྱི་མེད་ན་བཀའ་ཤག་རང་གིས་བསྐྱར་དུ་ཕྱག་འབུལ་གནང་དགོས་ཀྱི་རེད་ཅེས་བཀའ་གནང་མ་ཐུབ་པའི་གནས་སྟངས་གང་ཆགས་ཡོད་དམ་ཅེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བཀའ་ཤག་གིས་ཕོགས་རིམ་ཚོགས་ཆུང་ལ་བཀའ་ཤག་ནས་ཐབས་ཤེས་བྱས་པའི་དངུལ་ཁྱོན་བསྡོམས་འབུམ་ ༤༠༠ དང་དབུས་ལས་བྱེད་ཁོངས་འབུམ་ ༢༥༠ ཡོད་ཅིང་། དེ་གཞིར་བཟུང་ཁྱེད་རང་ཚོས་སྙན་ཐོ་འཁྱེར་ཡོང་རོགས་ཞེས་ཞུས་ཡོད། ཁོ་ཚོས་སྙན་ཐོ་འཁྱེར་ཡོང་སྐབས་དེའི་ནང་འབུམ་ ༢༠༠ མ་ཟིན་ཙམ་ཞིག་བར་བརྒལ་ངལ་སེལ་ཁོངས་བཏང་ཡོད་ཀྱང་། ཡུལ་ཐང་གུན་གསབ་དང་ཁང་དོད། གསོག་དངུལ་དང་གཟིགས་གསོལ་བཅས་སྤྱི་ཡོངས་ལ་ག་ཚོད་སྤར་གྱི་ཡོད་པ་དེ་འབུམ་ ༢༥༠ ནང་ལ་ཚུད་ཀྱི་མེད་སྟབས། ཕོགས་རིམ་ཚོགས་ཆུང་གི་སྙན་ཐོ་དེར་བཀའ་ཤག་གིས་རྩིས་མེད་བཏང་བ་མིན་ཡང་ད་ལྟ་ལག་ལེན་བསྟར་ཐུབ་ཀྱི་མི་འདུག་ཞུས་པ་རེད། ད་ལྟའི་ཆར་ཡུལ་ཐང་གུན་གསབ་དང་ཁང་དོད། གཟིགས་གསོལ། གསོག་དངུལ་བཅས་བསྡོམས་ན་འབུམ་ ༢༠༠ དེའི་སྒང་ལ་ལོ་རེར་འབུམ་ ༧༥ ཙམ་དང་། དབུས་རང་ཁུངས་ལས་བྱེད་དང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲ་ཁག་གི་དགེ་རྒན་དང་ལས་བྱེད་ཆེད་འབུམ་ ༤༠ མན་ཙམ་ཐོད་པ་འགྲོ་གི་འདུག བཀའ་ཤག་གིས་ཐབས་འཚོལ་བྱས་པའི་འབུམ་ ༤༠༠ ཐོག་འབུམ་ ༡༠༠ ལྷག་འགྲོ་གི་ཡོད་སྟབས། ད་ལན་སྤར་ཆ་དེ་གསོག་དངུལ་ལ་སྦྱར་ཐུབ་མེད་སྟབས་བར་བརྒལ་ངལ་སེལ་ཁོངས་སུ་འཇོག་ དགོས་ཐུག་པ་རེད་ཅེས་གསུངས་སོང་།

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཀའ་ཤག་གིས་བརྒྱ་ཆ་ ༣༢ གསུང་གི་ཡོད་པ་དེ་བརྒྱ་ཆ་ ༣༢ མིན་པར་བརྒྱ་ཆ་ལྔ་དྲུག་བདུན་བྱས་ནས་རྩ་ཕོགས་ཐོག་སྤར་ན་ཁྱད་པར་གང་ཡོད་དང་། མིང་བར་བརྒལ་ངལ་སེལ་ཞེས་བཏགས་ན་ཡག་པ་འདུག་དགོངས་དོན་གང་ཡིན་ནམ་ཞེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། དེ་དུས་བཀའ་བསྡུར་མང་པོ་བྱུང་ཡོད་པ་མ་ཟད། ལས་བྱེད་དང་བཀའ་བསྡུར་ཡང་བྱུང་ཡོད་པ་རེད། གསོག་དངུལ་དང་སྨན་དོད། དཔྱ་དངུལ་ལག་དེབ་ཀྱི་དངུལ་ཡར་ཕུལ་བ་སོགས་དང་། བར་བརྒལ་ངལ་སེལ་གྱི་བརྒྱ་ཆ་ ༣༢ དེ་ལས་བྱེད་ཀྱི་ལག་པར་རག་པ་ཡིན་ན། དངུལ་མང་བ་ལས་བྱེད་ཀྱི་སྦ་ཁུག་ནང་ལྷགས་ཀྱི་ཡོད་པ་མ་ཟད། གསོག་དངུལ་མ་སྤྲད་པ་ཚོར་གསོག་དངུལ་དང་། སྨན་དོད་དང་དཔྱ་ཁྱལ་ལག་དེབ་ཆེད་ཕོགས་ནས་བརྒྱ་ཆ་ ༥ སྤར་ཡོད་སྟབས། ལས་བྱེད་ཀྱི་ལག་པར་དངུལ་མང་བ་རག་གི་ཡོད་སྟབས་བར་བརྒལ་ངལ་སེལ་ཁོངས་བཞག་པ་རེད། ང་ཚོའི་གནས་སྟངས་འདི་ལུང་པ་གཞན་དང་མི་འདྲ་བར་གཞན་དབང་སྟབས་བསྟུན་ཡིན་སྟབས། མཐའ་མ་ཕྱི་ཕྱོགས་ནས་དངུལ་ཐབས་འཚོལ་བྱེད་ཐུབ་པ་གཞིར་བཟུང་འགྲོ་དགོས་པ་ཆགས་ཡོད། བརྒྱ་ཆ་ ༣༢ སྤར་ཟེར་བ་དེ་ལོ་རེར་རྩིས་ན་འབུམ་ ༤༠༠ རེ་སྤར་དགོས་སྟབས་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། ཅེས་གསུངས་སོང་།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལས་བྱེད་ཁག་ཅིག་གིས་བདེ་སྡུག་སྙན་ཞུ་ཕུལ་ཡོད་པ་དེར་བཀའ་ཤག་དགོངས་པ་བཞེས་མ་ཐུབ་པ་རེད་དམ་ཞེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བདེ་སྡུག་སྙན་ཞུ་འཕུལ་མཁན་ལས་བྱེད་མང་ཆེ་བ་གསོག་དངུལ་ཡོད་མཁན་དག་ཆགས་ཡོད། བར་བརྒལ་ངལ་སེལ་བརྒྱ་ཆ་ ༣༢ དེས་རྒན་ཡོལ་ཕེབས་མཁན་ཚོར་རྒན་ཕོགས་ལ་ཁྱད་པར་འགྲོ་བཞིན་ཡོད་པ་མ་རེད། ལས་བྱེད་ཁྱོན་བསྡོམས་ ༥༡༧ ཡོད་པ་ནས་ ༡༨༣ ལ་གསོག་དངུལ་ཡོད་པ་དང་། ༣༠༠ ལྷག་ལ་གསོག་དངུལ་མེད་སྟབས། གསོག་དངུལ་ལ་ཁྱད་པར་ཆེན་པོ་ཡོད་ན་གསོག་དངུལ་མེད་མཁན་ཚོར་རང་བཞིན་གྱིས་གྱོང་རག་གི་ཡོད་པ་རེད། གསོག་དངུལ་ཕུལ་མཁན་ཚོར་སྒྲིག་འཛུགས་ངོས་ནས་བརྒྱ་ཆ་ ༨ བསྣོན་དགོས་ཀྱི་ཡོད་པར་བརྟེན། མ་ཕུལ་མཁན་ཚོར་སྒྲིག་འཛུགས་ནས་བརྒྱ་ཆ་ ༨ དེ་རག་གི་མེད་པས་ལས་བྱེད་ ༣༠༠ ལྷག་ལ་གྱོང་རག་གི་ཡོད་པ་མ་ཟད། དབུས་རང་ཁུངས་ལས་བྱེད་ཚོས་ཀྱང་བདེ་སྡུག་ཞུ་གི་ཡོད་སྟབས། བཀའ་ཤག་ངོས་ནས་སྤྱི་ཡོངས་ལ་དགོངས་པ་བཞེས་དགོས་པ་ཆགས་ཀྱི་ཡོད། ཅེས་སོགས་གསུངས་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ལས་བྱེད་ལ་གཟིགས་རྟོག་གནང་མཁན་གཙོ་བོ་འཛིན་སྐྱོང་བཀའ་ཤག་ཆགས་ཡོད་སྟབས། བཀའ་ཤག་གིས་ལས་བྱེད་ལ་རྩ་ཕོགས་སྤར་མ་ཐུབ་ན་ང་ཚོར་སྤར་ཡང་ལེན་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ང་ཚོས་ལས་བྱེད་ཀྱི་དཀའ་ངལ་དེ་སེལ་ཐུབ་མ་སོང་གསུངས་མ་ཐུབ་པའི་གནས་བབ་ག་རེ་ཆགས་ཡོད་དམ་ཞེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བཀའ་ཤག་གིས་དགོངས་ཚུལ་ག་རེ་ཡོད་པ་དེ་ཡིག་ཐོག་ཏུ་བཀོད་ནས་འབུམ་ ༤༠༠ ཡིན། དེར་གྲོས་ཚོགས་ནས་བཀའ་འཁྲོལ་གནང་རོགས་གནང་། བཀའ་འཁྲོལ་གནང་བ་གཞིར་བཟུང་སྤར་རྒྱུ་ཡིན་ཞེས་བརྗོད་པ་ལྟར། གྲོས་ཚོགས་ནས་བཀའ་འཁྲོལ་གནང་སྟེ་སྤར་བ་རེད། མཛད་གཙོ་རྣམ་པར་ཕོགས་སྤར་རྒྱུའི་སྐུ་དབང་དེ་གྲོས་ཚོགས་ལ་ཡོད་སྟབས། གྲོས་ཚོགས་ཀྱིས་ལག་བསྟར་གནང་བ་རེད། ལས་བྱེད་ནང་ལ་མཛད་གཙོ་རྣམ་པའི་གླ་ཕོགས་སྤར་སོང་། ང་ཚོ་ལས་བྱེད་ཚོར་ཡ་མ་བྱས་པར་ལྷགས་སོང་ཟེར་མཁན་དེ་འདྲ་ཡོད་ས་རེད། དེའི་འབྱུང་རྐྱེན་མང་ཆེ་བ་མཛད་གཙོ་རྣམ་པའི་ཟླ་ཕོགས་སྤར་བར་བརྟེན་ནས་བྱུང་སོང་བསམ་པ་ཞིག་བྱུང་། ང་ཚོ་བཀའ་ཤག་གིས་རེ་བར་ཞལ་ལག་དང་ཆུ། སྨན་འདྲ་པོ་གནང་ཡོད་བསམ་པ་ཞིག་བྱུང་ཡང་། དེ་སྤར་བ་དེ་ཡག་ཏུ་འགྲོ་རྒྱུའི་ཚབ་ཏུ་དུག་ཏུ་འགྱུར་གྲབས་བྱེད་ཀྱིན་འདུག བགློ་གླེང་འདི་མཛད་གཙོ་རྣམ་པར་སྤར་བར་བརྟེན་ནས་ཆགས་སོང་མ་གཏོགས། དེ་སྔོན་ལས་བྱེད་ནང་ལ་བསམ་ཚུལ་རྩ་ནས་མེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese