མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་རིགས་དབྱེ་འབྱེད་སྲིད་བྱུས་གླེང་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་སྐོར་བརྗོད་ཀྱང་། ལོ་ཤས་གོང་ནས་བོད་དང་ཤིན་ཅང་མི་རིགས་ལ་དམིགས་བསལ་དམ་དྲག་བྱེད་མགོ་བཙུགས་ཏེ། ལས་ཀ་དང་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་འདྲ་མཉམ་མེད་པ་མ་ཟད། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མགྲོན་ཁང་དུ་སྡོད་པ་དང་འགྲུལ་བཞུད་སོགས་སུ་དབྱེ་འབྱེད་ཆེན་པོ་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་ཐོག་གླེང་གཞི་ཆེན་པོ་ཆགས་ཡོད།   

ཟླ་འདིའི་ཚེས་ ༢༠ ཉིན་ཨེ་ཕེ་གསར་ཁང་གི་གསར་འགོད་པ་ཁཱེ་སི་ཌོ་ཧྥར་ (CHRISTOPHER BODEEN) གྱིས་ ༼རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གཅིག་དང་སྲིད་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག༽ ཅེས་པའི་ཆེད་བརྗོད་ཅིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འདས་པའི་ལོ་བཅུ་ཕྲག་རིང་མི་སེར་ལ་ཕྱི་སྐྱོད་ཐོངས་མཆན་སྤྲོད་རྒྱུར་དམ་དྲག་བྱས་ཡོད་ཀྱང་། ཉེ་ལམ་ཞིག་ནས་སྲིད་ཇུས་གུ་ཡངས་སུ་བཏང་སྟེ། ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་། ལས་འཚོལ་སོགས་སུ་སྐྱོད་པར་ཐོངས་མཆན་སྤྲོད་མགོ་བཙུགས་ཡོད་ཀྱང་། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཡུ་གུར་བ་དང་བོད་རིགས་སོགས་ལ་ཐོངས་མཆན་སྤྲོད་ཀྱི་མེད་པ་མ་ཟད། ཟླ་འདིའི་ཚེས་ ༡༥ ཉིན་ཤིན་ཅང་གི་ཨི་ལེ་ཀཱ་ཛ་ཁེ་རང་སྐྱོང་ས་ཁུལ་  (Ili Kazakh Autonomous Prefecture ) ནང་གནས་སྡོད་མང་ཚོགས་ས་ཡ་ ༤།༤ ལ་སོ་སོའི་ཕྱི་སྐྱོད་ལག་འཁྱེར་གཞུང་གི་ཉེན་རྟོག་པར་རྩིས་སྤྲོད་བྱེད་དགོས་པ་དང་། གལ་སྲིད་མ་སྤྲད་ཚེ་ནུས་མེད་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྐོར་སོགས་བཀོད་འདུག

ད་དུང་གནས་ཚུལ་དེའི་ནང་། ཤིན་ཅང་ནི་ཡུ་གུར་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ལོ་འགའི་གོང་ནས་ཁོ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་མངའ་ཁུལ་གྱི་བརྟན་བརླིང་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་རྒྱ་ནག་ནང་ཁུལ་གྱི་ཞིང་ཆེན་ཁག་ནང་འགྲོ་རྒྱུར་ཡང་བཀག་འགོག་དང་། གནམ་གྲུའི་འཛིན་བྱང་ཉོ་བ་དང་མགྲོན་ཁང་དུ་སྡོད་པ་སོགས་ལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། བོད་རིགས་ལའང་དེ་མཚུངས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་ནག་ཞི་ཨན་གྲོང་ཁྱེར་གྱི་མཐོ་རིམ་ལས་བྱེད་ཅིག་གིས་སྲིད་བྱུས་དེ་གྲངས་ཉུང་མི་རིགས་ཚང་མར་བཀོལ་སྤྱོད་གཅིག་པ་བྱེད་ཀྱིན་ཡོད་པ་ལས་དབྱེ་འབྱེད་བྱེད་ཀྱི་མེད་སྐོར་བརྗོད་འདུག

རྒྱ་ནག་རྒྱལ་ནང་གི་ཡུ་གུར་བ་དང་བོད་རིགས་ས་ཡ་ ༡༦ ལྷག་གིས། རྒྱ་ནག་གཞུང་གིས་ཧན་མི་རིགས་དང་གཅིག་མཚུངས་ལྟ་ཕྱོགས་བཟུང་སྟེ། ཁོ་ཚོར་ཐོངས་མཆན་སྤྲོད་ཀྱི་མེད་པ་མ་ཟད། གལ་ཏེ་སྤྲད་པའི་དབང་དུ་བཏང་ཡང་་དུས་འགྱངས་བྱས་ཏེ་དུས་ཡུན་རིང་པོ་སོང་རྗེས་མ་གཏོགས་སྤྲོད་ཀྱི་མེད། ལོ་ལྟར་རྒྱ་རིགས་ཁ་ཆེ་བ་ཚོ་ཁ་ཆེའི་གནས་མཆོག་མེ་ཀཱོ་ (Mecca) ལ་གནས་སྐོར་དུ་འགྲོ་བཞིན་ཡོད་པ་ལྟར། ན་ནིང་ཁ་ཆེ་བ་ ༡༤༥༠༠ ཕྱིན་ཡོད་ཀྱང་། ཡུ་གུར་བ་ག་ཚོད་བཏང་ཡོད་མེད་རྟོགས་ཐུབ་མེད། ༢༠༡༢ ལོར་རྒྱ་གར་རྡོར་རྗེ་གདན་དུ་ཏཱ་ལའི་བླ་མ་མཆོག་གིས་དུས་འཁོར་དབང་ཆེན་བསྩལ་སྐབས་བོད་མི་མང་པོ་ཞིག་བཅར་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོ་ཚོ་ཕྱིར་ལོག་བྱས་རྗེས་བཀག་ཉར་འདྲི་བརྩད་བྱས་ཡོད་པ་མ་ཟད། ཐོངས་མཆན་ལག་འཁྱེར་གཞུང་བཞེས་བཏང་ཡོད། ཅེས་སོགས་བཀོད་འདུག

ཟླ་འདིའི་ཚེས་ ༡༩ ཉིན་གཞིས་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ནེའུ་ཡོག་དུས་བབ་ཐོག་ ༡༩༩༧ ལོ་ནས་བཟུང་ངས་རྒྱ་ནག་གཞུང་ལ་ཐོངས་མཆན་ལག་འཁྱེར་སྤྲོད་རོགས་ཞུས་ཀྱང་སྤྲད་མེད་པ་མ་ཟད། ༢༠༡༢ ལོར་ཡང་བསྐྱར་ཞུས་སྐབས་ཉེན་རྟོག་པས་ང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ཕྱིར་གཏོང་མི་ཆོག་པའི་མིང་ཐོའི་ཁོངས་ཡོད་སྟབས་རྒྱ་ནག་ནས་ཁ་བྲལ་མི་ཆོག་པའི་བཀའ་ཡོད་སྐོར་བརྗོད་བྱུང་ཟེར། ཡང་ཁོ་མོས་ཐོངས་མཆན་ལག་འཁྱེར་མེད་པ་དེས་ངའི་མི་ཚེར་དོ་ཕོག་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ཨ་རི་དང་འཇར་མན་ནང་རྩོམ་བྲིས་ཀྱི་བྱ་གཞག་ཐོག་ནུས་པ་འདོན་རྒྱུའི་གོ་སྐབས་ཐོབ་ཀྱང་ཐོངས་མཆན་གྱི་དབང་གིས་གོ་སྐབས་དེ་དག་བློས་གཏོང་བྱེད་དགོས་བྱུང་སོང་། ཞེས་བརྗོད་འདུག

༡༩༩༠ ལོ་ནས་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་རྗེས། རྒྱ་ནག་གི་ཆབ་འབངས་དུ་མ་ཡུ་རོབ་གཙོས་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་དང་ལས་ཀར་སྐྱོད་མགོ་བཙུགས་ཏེ། ལོ་རེར་རྒྱ་རིགས་ས་ཡ་ ༡༠ ལྷག་འགྲོ་བཞིན་ཡོད་པ་མ་ཟད། ༢༠༠༤ ལོའི་རྗེས་རྒྱ་རིགས་ཕྱི་རྒྱལ་ལ་འགྲོ་མཁན་སྔར་ལྷག་ཇེ་མང་དུ་ཕྱིན་ཏེ་ལོ་རེར་ཉུང་མཐར་རྒྱ་རིགས་ས་ཡ་ ༣༠ ལྷག་སློབ་སྦྱོང་དང་ཡུལ་སྐོར་སྤྲོ་འཆམ། ལས་དོན་སོགས་ཀྱི་ཆེད་དུ་སྐྱོད་བཞིན་ཡོད། ན་ནིང་རྒྱ་ནག་གི་མི་སེར་ས་ཡ་ ༡༠༧ ཙམ་ལ་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཐོངས་མཆན་ཐོབ་ནས་ཕྱིན་ཡོད་ཀྱང་། གྲངས་ཉུང་མི་རིགས་དག་ལ་ཐོངས་མཆན་མ་སྤྲད་པ་དང་སྤྲད་ཀྱང་གནམ་ཐང་ནས་འཕྲོག་པ་སོགས་བྱས་པར། སྲིད་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་ཆེད་ཡིན་སྐོར་ལས་འགྲེལ་བཤད་གང་ཡང་བརྒྱབ་མེད།

དེ་རིང་རོའུ་ཊར་གསར་ལམ་ཐོག ད་བར་རྒྱ་ནག་གཞུང་གིས་ ༡༩༨༩ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལས་འགུལ་སྤེལ་མཁན་གྲས་ཀྲང་ཧྥན་ (Cheng Fan) ལ་ཐོངས་མཆན་སྤྲད་མེད་པ་མ་ཟད། ཁོང་ལ་ཐོངས་མཆན་སྤྲད་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་སྐྱོན་གཏོང་སྲིད་སྟབས་ཁོ་ཕྱི་རྒྱལ་དུ་གཏོང་མི་རུང་སྐོར་བརྗོད་ཡོད་ཅེས་དང་། ༢༠༠༨ ལོར་རྒྱ་གཞུང་གིས་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་གདན་ཞུས་སློབ་དཔོན་དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཐེན་པེའོ་ (Teng Biao) ཕྱི་རྒྱལ་གྱི་ལྷན་ཚོགས་ཤིག་ལ་བཅར་སྐབས། གནམ་ཐང་ནས་ཕྱི་སྤྱོད་ལག་འཁྱེར་གཞུང་བཞེས་བཏང་ཡོད་པ་དང་། ༢༠༡༡ ལོར་རྒྱ་ནག་གི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ (Ai Weiwei) དང་། ད་ལྟ་བཙོན་འོག་ཏུ་ཡོད་པའི་ཡུ་གུར་གྱི་མཁས་པ་ཨེ་ཧམ་ཐོའུ་ཌི་( Ilham Tohti) རྣམ་གཉིས་ཀྱི་ཐོངས་མཆན་ལག་འཁྱེར་བཙན་འཕྲོག་བྱས་ཡོད་པ་མ་ཟད། བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་ད་བར་ཕྱི་སྐྱོད་ཐོངས་མཆན་སྤྲད་མེད་ཅེས་སོགས་བཀོད་འདུག

ད་ནངས་ཨ་རིའི་ཕོག་སེ་གསར་ལམ་དང་རྒྱ་གར་བང་ཆེན་ཐོག་ཨ་རིའི་པཱོ་མཱོ་ཎཱ་མཐོ་སློབ་ (Pomona College) ཀྱི་དགེ་རྒན་ཆེན་མོ་བ་ཌི་རུ་གྷ་ལཱ་ཌི་ཎེ་ (Dru Gladney) ཡིས། རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་མི་ཚོའི་འགྲོ་སྐྱོད་ཐོག་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དེ་གྲངས་ཉུང་མི་རིགས་ལ་སྔར་ལས་ཁོང་ཁྲོ་སློང་བཞིན་ཡོད་པ་མ་ཟད། དེ་ནི་རང་དབང་འཕྲོག་པའི་སྲིད་བྱུས་ཤིག་ཡིན་སྟབས། རྒྱ་ནག་གཞུང་གིས་དུས་རབས་བར་མའི་སྐབས་ཀྱི་དྲག་འཛིང་ཐབས་ལམ་མི་བཀོལ་བར། ད་ལྟའི་དུས་རབས་ཉེར་གཅིག་དང་འཚམ་པའི་ལངས་ཕྱོགས་ཤིག་བཟུང་སྟེ། གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་འདྲ་མཉམ་བྱེད་དགོས་པ་ལས་མི་རིགས་དབྱེ་འབྱེད་རྩ་བ་ནས་བྱེད་མི་རུང་། ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ། 

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༤ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese