མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ་གླེང་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁྲིན་ཕའོ་ཁུང་གིས་བརྩམས། པདྨ་མཚོས་བསྒྱུར།

འདི་ལོ་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ནི། རྒྱ་ནག་གི་མགོ་ཁྲིད་ཟུར་པ་ཧུའུ་ཡའོ་པང་སྐུ་གྲོངས་ནས་ལོ་ངོ་ ༢༦ འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་ལ། རྒྱ་ནག་གཞུང་གིས་ཉིན་མོ་འདི་བདམས་ཏེ་༼༢༠༡༥ ལོའི་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ། བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་གདམ་ག༽ཅེས་པ་འགྲེམས་སྤེལ་བྱས་ཡོད།

གུང་ཁྲན་ཏང་ནང་ཉུང་ངུ་ལས་མེད་པའི་གུ་ཡངས་རིང་ལུགས་པ་དང་གསར་བརྗེ་བ་ཧུའུ་ཡའོ་པང་གིས་བོད་ལ་གདུང་སེམས་མཉམ་སྐྱེད་གནང་སྟེ་སྙན་གྲགས་ཡོད་པ་རེད། ཕྱི་ལོ་ ༡༩༨༠ ལོར་ཧུའུ་ཡའོ་པང་གིས་བོད་ལྗོངས་སུ་ལྟ་ཞིབ་གནང་སྟེ། བོད་ལ་གོད་ཆག་ཚབས་ཆེན་ཐེབས་རྗེས་ཀྱི་ཡ་ང་བའི་གནས་སྟངས་དངོས་སུ་མཐོང་སྐབས་སེམས་ཚབས་ཆེན་པོ་བྱུང་བར་བརྟེན། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་ཚོགས་ཆེན་ཐོག ཁོང་གིས་ངེས་པར་དུ་བོད་ལྗོངས་ཀྱི་འཚོ་བའི་གནས་སྟངས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་ཚད་གཞིར་སླར་གསོ་བྱེད་དགོས་ཞེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་བོད་ལྗོངས་དེ་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་གི་སྤྱི་ཚོགས་ཤིག་ཏུ་འབོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཕྱི་ལོ་ ༡༩༥༩ ལོའི་སྔོན་དུ་བོད་རང་སྐྱོང་གི་ངོ་བོའི་ཐོག་ནས་རང་མཁོ་རང་སྒྲུབ་ཀྱིས་མུ་གེ་གཏན་ནས་བྱུང་མྱོང་མེད། འོན་ཀྱང་། ཕྱི་ལོ་ ༡༩༥༩ ལོར་མའོ་ཙེ་ཏུང་གིས་བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་ཟེར་བའི་ལས་འགུལ་སྤེལ་ཏེ། བོད་རྒྱའི་བར་དུ་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ ལ་མངོན་སུམ་འཛེམས་མེད་ཀྱིས་རྩིས་མེད་རྡོག་རོལ་བཏང་ཡོད་པ་རེད།

སྒེར་གཅོད་པ་ཆེན་པོ་ཞིག་གིས་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱས་པའི་བརྒྱུད་རིམ་དང་མཇུག་འབྲས་བསམ་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད། གཞི་རྒྱ་ཆེན་པོའི་ཐོག་ནས་བོད་མིའི་ཐོན་སྐྱེད་འཚོ་བར་གཏོར་སྐྱོན་དང་། བོད་ཀྱི་རིག་གནས་ཤུལ་བཞག་རྩ་མེད་གཏོང་བ། ཁྲག་དྲི་བྲོ་བའི་གྲལ་རིམ་འཐབ་རྩོད་ཀྱི་འཁྲབ་སྟོན་ཆེན་མོ་སྒོ་ཀུན་ནས་སྤེལ་བར་བརྟེན། བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་ཐོར་མར་ཚབས་ཆེ་བའི་མུ་གེ་བྱུང་བ་རེད། སྐབས་དེར་༧པཎ་ཆེན་སྐུ་ཕྲེང་བཅུ་པས་སྲིད་བློན་ཀྲུའུ་ཨིན་ལི་ལ་བོད་མིའི་ཡ་ང་བའི་གནས་སྟངས་སྐོར་གྱི་འཕྲིན་ཡིག་ཅིག་གནང་སྟེ། བཟའ་བཏུང་ཆད་པའི་རྐྱེན་གྱིས་མི་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། ཁྱིམ་ཚང་ཁ་ཤས་ཀྱི་ནང་མི་ཚང་མ་མུ་གེས་ཤི་སྟེ་ཁྱིམ་སྟོང་དུ་གྱུར་བ་གསུངས་ཡོད་པ་རེད།

ད་ལྟ་ཀྲུང་ནན་ཧེ་ཡིས་རྒྱབ་ཤ་དཀར་པོ་འགྲེམས་སྤེལ་བྱས་ཏེ་ཡ་ང་བའི་ལོ་རྒྱུས་ནག་གསུབ་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། བསམ་ངན་ཁོག་བཅང་གིས་ལོ་རྒྱུས་ལ་བཅད་གཏུབ་དང་དབྱེ་དགར། ཧམ་བཅོས་བཅས་བྱས་ཏེ། གདམ་ག་ཅན་དང་འཕར་མཆོང་ཅན། རང་འདོད་ཅན་གྱི་འགྲེལ་བཤད་སྣ་ཚོགས་བྱས་ཡོད་པ་དང་། ཇུས་ངན་འདིའི་དམིགས་ཡུལ་ནི་མུ་མཐུད་རྒྱ་ནག་མི་མང་མགོ་སྐོར་གཏོང་རྒྱུ་དེ་རེད། རྒྱབ་ཤ་དཀར་པོའི་དེབ་ཀྱི་གླེང་གཞི་ཆེ་ཆུང་ཁག་ལ་བལྟས་པ་ཙམ་གྱིས་ཀྲུང་ནན་ཧེ་ཡིས་རང་གཏམ་རང་ལ་བཤད་པ་དང་བདེན་རྫུན་གོ་ལྡོག་ཏུ་འགྲེལ་བ། རང་སྐྱོན་བཀབ་སྟེ་རང་མཚང་ཕྱིར་བསྟན་པ་ཞིག་དང་། ར་མགོ་ལུག་སྦྱོར་གྱི་དཔེ་ལས་མ་འདས་སོ།།

གླེང་གཞི་ཆེ་བའི་དང་པོ་ལམ་ལུགས་རྙིང་པ་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ནས་ཕྱིར་འཐེན་དགོས་ཟེར་བ་དེ་རེད། སྐད་ཆ་འདི་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱེད་སྐབས། ལམ་ལུགས་རྙིང་པ་ངེས་པར་དུ་རྒྱ་ནག་གི་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ནས་ཕྱིར་འཐེན་དགོས་པར་ཁ་གཡར་བ་དང་གཅིག་མཚུངས་ཡིན་སྟབས། མི་རྣམས་ལ་ངུ་ཡང་མ་ཤེས་ལ་དགོད་ཀྱང་མ་ཤེས་པའི་ཚོར་བ་ཞིག་སྤྲད་སོང་། ཉིན་ཞིག་རྒྱ་ནག་གཞུང་གིས་རང་ཉིད་ཀྱིས་ལག་བསྟར་བྱེད་བཞིན་པའི་སྒེར་གཅོད་དང་རུལ་སུངས། འགྲོ་བ་མིའི་རིགས་ལ་རྒོལ་བའི་ལམ་ལུགས་རྙིང་པ་དེ་རྒྱ་གཞུང་གི་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ནས་ཕྱིར་འཐེན་དགོས་པ་ཤེས་ཚོར་ཐུབ་ངེས་ཡིན་པས། གླེང་གཞི་འདི་རྒྱ་ནག་གཞུང་གིས་རང་ཉིད་ལ་ཚིག་རྒྱག་བྱས་པ་ཞིག་ཆགས་འདུག

གླེང་གཞི་ཆེ་བ་གཉིས་པ་བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་ཞེས་པ་དེ་ཡིན་པ་དང་། གླེང་གཞི་དེའི་ནང་དུ། དུས་རབས་ཕྱེད་ལྷག་གི་རིང་བོད་རིགས་མི་མང་དང་རྒྱ་ནག་མི་མང་མཐུན་མོང་གིས་མྱངས་བའི་གནོད་སྐྱོན་དང་དཀའ་སྡུག་སྟེ། ཁྲག་དྲི་བྲོ་བའི་ས་ཞིང་གསར་བརྗེ་དང་སྤྱི་ཁང་ཅན། གཡོན་ཐལ་ལས་འགུལ་ཆེན་མོ། བཀྲེས་ལྟོགས་ཆེན་མོ། རིག་གནས་གསར་བརྗེ་ཆེན་མོ། དེ་བཞིན་བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་སྲིད་གཞུང་གི་རུལ་སུངས་དང་དབུལ་ཕྱུག་དབྱེ་འབྱེད། བོད་མི་མཐར་སྐྲོད་ཅན་བཅས་གླེང་མེད་པས། བརྗོད་གཞི་འདི་རང་སྐྱོན་འགེབ་ཐབས་བྱས་ཏེ་རང་མཚང་ཕྱིར་མངོན་པ་ཞིག་རེད།

གླེང་གཞི་གསུམ་པ་དབུ་མའི་ལམ་གྱི་ངོ་བོ་ནི་རྒྱ་ནག་ཁ་བྲལ་གཏོང་ཐབས་རེད་ཅེས་པ་དེ་ཡིན་ཡང་། ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་དགོངས་དོན་ནི། བོད་རྒྱ་ནག་གི་མངའ་ཁོངས་སུ་བསྡད་དེ་ཡང་དག་པའི་རང་སྐྱོང་ཞིག་ལག་བསྟར་གནང་རྒྱུ་དེ་ཡིན་སྟབས། ཀྲུང་ནན་ཧེ་ཁ་བྲལ་ལ་སྐྲག་པ་མིན་པར་རང་སྐྱོང་ལ་སྐྲག་པ་རེད། གང་ཡིན་ཟེར་ན། རང་སྐྱོང་ག་འདྲ་ཞིག་ཡིན་ནའང་རུལ་སུངས་ཀྱི་རྒྱ་ནག་གཞུང་གི་ཁེ་ཕན་ལ་ཉེན་ཁ་བཟོ་ཡི་ཡོད་པ་རེད། ཐ་ན་ཧོང་ཀོང་གི་རང་སྐྱོང་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱིས་ཀྱང་། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་ཧོང་ཀོང་ཁོ་རང་ཚོའི་ལྐོག་དངུལ་གྱི་ལྟེ་བ་ཞིག་ཏུ་བསྒྱུར་བའི་ཇུས་ངན་དེར་འགོག་རྐྱེན་བཟོ་ཡི་ཡོད་པ་རེད།

ཀྲུང་ནན་ཧེ་ཡིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱབ་འགལ་གྱི་སྲིད་བྱུས་དེས་ཐད་ཀར་ཧོང་ཀོང་མི་མང་ལ་རང་བཙན་གྱི་འདུ་ཤེས་སྐྱེད་སྲིང་བྱས་པའི་རྐྱེན་གྱིས། རྒྱ་ནག་ཁ་བྲལ་གཏོང་བའི་མགོ་ཁུངས་དེ་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡིན་པ་གསལ་བོར་མངོན་ཡོད། གུང་ཁྲན་ཏང་གིས་བསམ་བློ་ཁ་བྲལ་གཏོང་བའི་སྦྱོར་བ་སྤེལ་གྱི་ཡོད་ལ། བསམ་བློའི་ཁ་བྲལ་ནི་མངའ་ཁོངས་ཁ་བྲལ་གྱི་སྔོན་འགྲོའམ་དེ་གཉིས་ནམ་ཡང་ཐ་དད་དུ་མ་མཆིས། དབུ་མའི་ལམ་གྱི་ཐོག་ནས་ཏཱ་ལའི་བླ་མས་རྒྱ་ནག་ལ་བཟུང་བའི་ཀུན་སློང་ཆེས་ལེགས་པོ་ཞིག་མཚོན་གྱི་ཡོད་པ་རེད། ཀྲུང་ནན་ཧེ་ཡིས་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་དང་ལེན་མ་བྱས་པ་དེ། བོད་མིའི་ཁྲོད་ཀྱི་ཞི་འཇམ་ཕྱོགས་ཁག་དང་ལེན་མ་བྱས་པར་དྲག་སྤྱོད་ཕྱོགས་ཁག་སྟེ། ཁ་ཚ་དགོས་གཏུག་གིས་བོད་རང་བཙན་རྩོད་མཁན་གྱི་མི་སྒེར་དང་ཚོགས་པ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཡོད། ཀྲུང་ནན་ཧེ་ཡི་སྨྱོ་ཧམ་དང་མིག་རྒྱང་ཐུང་ཐུང་གིས་མ་འོངས་པའི་བོད་རྒྱའི་བར་གྱི་རྩོད་རྙོག་དང་ཁ་བྲལ་གྱི་བྱ་སྤྱོད་ལ་དུས་བཅད་ཀྱི་འབར་རྫས་བཞག་ཡོད་པས། གླེང་གཞི་འདི་ཁུ་ཚུར་གཞན་ལ་གཞུས་ནས་ངུ་འབོད་རང་གིས་བྱས་པ་ཞིག་རེད།

གླེང་གཞི་བཞི་པ་ཞི་བདེ་དང་འཚེ་མེད་ཞི་བའི་ལྟར་སྣང་ཞེས་པ་དེའི་ནང་། ཕྱི་ལོ་ ༡༩༥༩ ལོར་ཀྲུང་ནན་ཧེ་ཡིས་སྤེལ་བའི་བོད་ཁུལ་གྱི་དམག་འཁྲུག་དང་། ཕྱི་ལོ་ ༡༩༨༩ དང་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བསླངས་བའི་ཁྲག་དྲི་བྲོ་བའི་ཟིང་འཁྲུག དེ་བཞིན་ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གི་གདུག་རྩུབ་དབང་བསྒྱུར་གྱིས་བསླངས་བའི་བོད་མིའི་རང་ལུས་མེར་བསྲེགས་བཅས་ཀྱི་ནག་ཉེས་ཏཱ་ལའི་བླ་མར་གཡོགས་ཡོད་པ་རེད། ཡིན་ནའང་། དེ་ནི་ཀྲུང་ནན་ཧེ་ཡིས་རང་སྣང་ཡན་གར་བྱས་པ་ཙམ་རེད། བོད་མིའི་རང་ལུས་མེར་བསྲེགས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་དུ་བྱུང་བ་ལས་བོད་ཕྱི་རུ་བྱུང་བ་མིན་སྟབས། ཏཱ་ལའི་བླ་མའི་ལམ་སྟོན་ལ་གནད་དོན་ཡོད་པ་རེད་དམ། ཡང་ན་རྒྱ་ནག་གཞུང་གི་དབང་སྒྱུར་ལ་གནད་དོན་ཡོད་པ་རེད། བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆག་སྒོ་ཞིག་ཡིན་པས། ཀྲུང་ནན་ཧེ་ཡིས་འདི་འདྲའི་ཡིད་སྐྱོ་བའི་འཐབ་རྩོད་དེར་གདོང་གཏད་ནས་ཅིའི་ཕྱིར་རང་སྐྱོན་ལ་བརྟག་ཞིབ་མི་བྱེད་པ་རེད། གླེང་གཞི་འདི་ཀྲུང་ནན་ཧེ་ཡིས་རང་མཚང་རང་གིས་བསྟན་པ་ཞིག་ཆགས་འདུག

གླེང་གཞི་ལྔ་པ་རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་ཞེས་པའི་ནང་། ཀྲུང་ནན་ཧེ་ཡིས་ཧམ་བཤད་དང་ལོ་རྒྱུས་འཁྱོག་བརྗོད། རྡོ་ཆག་བཙན་སྒྲིག ཡར་མགོ་མར་འདོགས་ཀྱི་གནས་ཚུལ་རིམ་པར་སྤེལ་འདུག རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ལོ་རྒྱུས་ཀྱི་ཁྲིམས་མཐུན་རང་བཞིན་འབྱུང་ཁུངས་ནི་ཀྲུང་དབྱང་སྲིད་གཞུང་ཡིན་ལུགས་སྒྲོག་གི་ཡོད་ཀྱང་། དོན་དངོས་སུ་ཏཱ་ལའི་བླ་མའི་མཚན་གནས་དེ་ཕྱི་ལོ་ ༡༥༧༨ ལོར་སོག་པོའི་རྒྱལ་པོས་ཕུལ་བ་དང་། སྐབས་དེར་རྒྱ་ནག་དབུས་གཞུང་ནི་མིང་རྒྱལ་རབས་ཆེན་མོས་དབང་སྒྱུར་བའི་དུས་སྐབས་ཡིན་ལ། རྒྱ་ནག་མི་མང་གིས་ལོ་ངོ་ ༢༠༠ ཡི་ཡར་སྔོན་ཏེ། ཕྱི་ལོ་ ༡༣༦༨ ལོར་སོག་པོའི་མི་སེར་སྤེལ་ཡུལ་གྱི་དབང་སྒྱུར་མགོ་གཏིང་སློག་སྟེ་རྒྱལ་ཁབ་སླར་གསོ་བྱས་ཟིན་པ་རེད།

ཡང་ཀྲུང་ནན་ཧེ་ཡིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་དང་ཆིང་རྒྱལ་རབས་བར་གྱི་ འབྲེལ་བ་གླེང་ཡོད་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཏཱ་ལའི་སྐུ་ཕྲེང་ལྔ་པ་དང་ཆིང་གོང་མ་བར་མཆོད་ཡོན་གྱི་འབྲེལ་བ་ཕྱི་ལོ་ ༡༦༣༩ ལོར་བྱུང་བ་དང་། སྐབས་དེར་རྒྱ་ནག་དབུས་གཞུང་ད་དུང་མིང་རྒྱལ་རབས་ཆེན་མོའི་དུས་སྐབས་ཡིན་ལ། ཕྱི་ལོ་ ༡༦༤༤ ལོར་གཞི་ནས་མིང་གི་སྲིད་དབང་འཇིག་སྟེ་མན་ཇུའི་ཆིང་རྒྱལ་རབས་ཀྱིས་དབང་བསྒྱུར་མགོ་བརྩམས་པ་རེད།

རྒྱ་ནག་གཞུང་གིས་མིང་རྒྱལ་རབས་ཆེན་མོ་རྒྱ་ནག་གི་དབུས་གཞུང་ཡིན་པ་ངོས་ལེན་བྱེད་ཀྱི་མེད་པའི་ཁར། རྒྱང་རིང་མཐའ་འཁོབ་ན་གནས་བཅས་པའི་མན་ཇུའི་(ཅིན་རྗེས་མ།)སྲིད་དབང་དེ་རྒྱ་ནག་དབུས་གཞུང་ཡིན་པའི་ལོག་འགྲེལ་རྒྱག་བཞིན་པ་ནི་ནོར་འཁྲུལ་ཁོ་ན་རེད། ཀྲུང་ནན་ཧེ་ཡིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་སྒྲུབ་ཐབས་བྱེད་ཀྱི་ཡོད་ཀྱང་། དེ་ལས་ལྡོག་སྟེ་བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་བདེན་དཔང་བྱས་འདུག

མ་ཡིག  http://www.taiwanus.net/news/news/2015/201505200356071029.htm

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese