མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་རྒྱུད་ཀྱི་ནུས་སྟོབས་ངོ་མ་དེ་སེམས་ནང་ཞི་བདེ་བག་ཕེབས་དགོས་པ་དེ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པར་བཀའ་ལན་བསྩལ་སྐབས་ང་ཚོས་མི་རབས་གསར་པ་ཚོར་ཆོས་ལུགས་ལས་བརྒལ་བའི་བཟང་སྤྱོད་དང་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སློབ་གསོ་སྤྲད་དེ། ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་བྱ་ངན་དེ་དག་ཟློག་ཐབས་བྱེད་དགོས་ཞེས་གསུངས།

ཟླ་འདིའི་ཚེས་ ༤ ཉིན་༧གོང་ས་མཆོག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ཎི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། རྒྱ་གར་གྱི་གཞུང་ཚབ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་འགོ་ལགས་ཀྱི་གཙོས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མི་ ༢༠༠ ལྷག་གིས་ཕེབས་བསུ་ཞུས་རྗེས། ༧གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་ (Network Ten’s news) ཞེས་པའི་གསར་འགོད་པ་སྐུ་ཞབས་ཨ་ལེ་ (Waleed Aly ) ལགས་ཀྱི་དྲི་བར་བཀའ་ལན་བསྩལ་བ་ཁག་ཕབ་བསྒྱུར་ཞུས་ཡོད།

གསར་འགོད་པ་ཨ་ལེ་ལགས་ཀྱིས་ཐོག་མར་༧གོང་ས་མཆོག་ལ་འདི་ལོ་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་རྗེས་འཁྲུངས་སྐར་ཉིན་མཛད་འཕྲིན་གང་བསྐྱངས་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ཟླ་སྔོན་མར་དྷ་སྟེང་བོད་ཁྱིམ་དུ་ངོས་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གིས་ཐུགས་སྤྲོ་བཏང་བ་ཡིན། སྐབས་དེར་ཁོ་ཚོས་ངོས་ཀྱི་སྐྱེས་སྐར་གྱི་མངར་ཟས་ (cake) སྒྲིག་གཤོམས་བྱས་ཡོད་སྟབས། ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གིས་ངོས་ལ་མངར་ཟས་སྟེང་འབར་བཞིན་པའི་རྐྱོང་རྩེ་ (candle) རྣམས་ལ་ཕུ་བརྒྱབ་ནས་གསོད་སྟངས་བསླབས་བྱུང་། སྤྱིར་ནང་པ་སངས་རྒྱས་བ་ཚོས་སྐྱེས་སྐར་ལས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུ་གལ་ཆེ་བ་བརྩི་གི་ཡོད། ཅེས་གསུངས་འདུག

གསར་འགོད་པས་༧གོང་ས་མཆོག་ཐར་པའི་གོ་འཕང་ཐོབ་ཟིན་སྐོར་ཞུས་པར་༧གོང་ས་མཆོག་གིས། དེ་འདྲ་མ་རེད། བྱང་སེམས་ཀྱི་ས་གོང་མ་ཐོབ་པ་རྣམས་ལ་འཁོར་བའི་ལས་ཉོན་གྱི་སྡུག་བསྔལ་མྱོང་དགོས་ཀྱི་མེད། ད་ལྟ་ངོས་གནས་ཚད་དེར་སླེབ་མེད། གང་ཡིན་ཟེར་ན་ངོས་མཚམས་རེར་ཁོང་ཁྲོ་སྐྱེ་ཡི་འདུག་ཅེས་བཀའ་ལན་བསྕལ་ཡོད་པ་དང་། ཡང་གསར་འགོད་པས་༧གོང་ས་མཆོག་ཁོང་ཁྲོ་ག་དུས་སྐྱེས་གནང་གི་འདུག་ཅེས་དྲིས་པར། ༧གོང་ས་མཆོག་གིས་གསར་འགོད་པར་བསྟན་བཤིག་སློང་གིན་ཁྱེད་ཀྱིས་དྲི་བ་ཆོ་མེད་དེ་འདྲ་སྐུལ་སྐབས་ཁོང་ཁྲོ་ལངས་ཀྱི་འདུག་ཅེས་བཞད་ཤོབ་དང་སྦྲགས་བཀའ་ལན་བསྩལ་འདུག 

གསར་འགོད་པས་༧གོང་ས་མཆོག་ལ་དེང་རབས་ཀྱི་འཛམ་གླིང་འདིར་ཆོས་ཀྱི་ཕན་ཐོགས་གང་བསྐྲུན་གྱི་ཡོད་དམ་ ཞེས་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། ཆོས་ནི་ང་ཚོའི་བློ་སྦྱོང་མཁན་དང་སེམས་ནང་ཞི་བདེ་བག་ཕེབས་སྐྲུན་མཁན་གྱི་ལག་ཆ་ལྟ་བུ་ཞིག་ཆགས་ཡོད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་སྙིང་རྗེ། བཟོད་པ་བཅས་ཀྱི་ཉམས་ལེན་སྐོར་གྱི་བསླབ་བྱ་གསུང་གི་ཡོད། མི་ཁ་ཤས་ཤིག་གིས་ཁོང་ཁྲོ་དང་ཞེ་སྡང་གི་བློ་དེ་དག་བཟང་པོའི་ཕྱོགས་སུ་བརྩི་བཞིན་པ་དེ་ནི་ནོར་བ་མ་ཟད་མིའི་ཞན་ཆ་ཞིག་ཀྱང་ཆགས་ཡོད། ང་ཚོའི་རང་རྒྱུད་ཀྱི་ནུས་སྟོབས་ངོ་མ་དེ་སེམས་ནང་ཞི་བདེ་བག་ཕེབས་དགོས་པ་དེ་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོར་ལྟ་གྲུབ་དེས་སེམས་ནང་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཡོད། ད་ལྟ་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ཁས་ལེན་གྱི་མེད་སྟབས། ང་ཚོས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཚང་མས་མི་བཟང་པོ་ཞིག་བྱ་རྒྱུ་དེ་ཐུན་མོང་གི་དམིགས་ཡུལ་ཡིན་པ་མ་ཟད་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དྲན་དགོས། ང་ཚོ་ཚང་མ་སྤྱི་ཚོགས་ལ་རྟེན་པའི་སྲོག་ཆགས་ཤིག་ཡིན་སྟབས། གཅིག་གིས་གཅིག་ལ་བརྩེ་བ་དང་སྙིང་རྗེ་བྱེད་དགོས། ཞེས་གསུངས་འདུག

གསར་འགོད་པས་༧གོང་ས་མཆོག་ལ་ཁྱེད་ཀྱིས་ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་བཟུང་སྟེ། ཚང་མར་བྱམས་དང་བརྩེ་བ་སྤྲོད་དགོས་སྐོར་གསུངས་སོང་། དེ་འདྲ་ཡིན་ན་འགྲོ་བ་མིའི་རིགས་ཀྱི་གུས་བརྩི་མི་ཐོབ་པའི་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) གི་དྲག་སྤྱོད་པ་ཚོར་གང་འདྲ་བྱས་ཏེ་བྱམས་དང་བརྩེ་བ་སྤྲོད་དགོས་སམ། ཞེས་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། ད་ལྟ་ང་ཚོས་དཀའ་ངལ་དེ་སེལ་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན་མི་དེ་དག་ཉོན་མོངས་ཀྱི་འཆིང་རྒྱས་དམ་པོར་བཅིངས་ནས་བསྡད་ཡོད། ཡིན་ཡང་མ་འོངས་པར་ང་ཚོས་ཐུན་མོང་གི་ཉམས་མྱོང་དང་ཚན་རིག་པས་བརྟག་དཔྱད་བྱས་པ་གཞི་ལ་བཞག་སྟེ། མི་རབས་གསར་པ་ཚོར་ཆོས་ལུགས་ལས་བརྒལ་བའི་བཟང་སྤྱོད་དང་། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་སློབ་གསོ་སྤྲད་དེ། ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་བྱ་ངན་དེ་དག་ཟློག་ཐབས་བྱེད་དགོས། ང་ཚོས་དཀའ་ངལ་དེ་དྲག་ཐབས་སྤྱད་དེ་སེལ་ཐབས་བྱས་ན། དཀའ་ངལ་སེལ་རྒྱུ་ཕར་ཞོག་དེ་ལས་འཚེ་བའི་བྱ་སྤྱོད་མང་དུ་འགྲོ་རྒྱུ་ཡིན་སྟབས། གང་ལྟར་ང་ཚོས་མི་དེ་དག་དང་སྐད་ཆ་བཤད་དེ། ཁོ་ཚོར་ཁོང་ཁྲོ་དང་ཉོན་མོངས་ཚོར་ཤུགས་དྲག་པོ་དེ་འདྲ་སྐྱེ་དགོས་དོན་གང་ཡིན་སྐད་ཆ་དྲིས་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་རེད། ཅེས་གསུངས་འདུག 

གསར་འགོད་པས་༧གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀྲོ་ཌེ་ཨ་བྷོ་ཌི་ (Tony Abbott) མཆོག་ལ་སློབ་སྟོན་གནང་བ་ཡིན་ན། སློབ་སྟོན་ག་རེ་གནང་ས་རེད་ཅེས་ཞུས་པར། ༧གོང་ས་མཆོག་གིས་བཞད་མོ་དང་སྦྲགས་སྲིད་བློན་མཆོག་གི་ཐུགས་ཁྲལ་གནང་ཡུལ་གཙོ་བོ་ནི་དཔལ་འབྱོར་གནས་སྟངས་ཆགས་སྲིད་པ་ཞིག་ཡིན་སྟབས། དེ་ནི་ངོས་ཀྱིས་གང་ཡང་མ་ཤེས་པའི་གནད་དོན་དེ་རེད། ཉེ་ལམ་རྒྱ་གར་ནང་ཚ་བ་ཤུགས་ཆེན་འོག་མི་ ༢༠༠༠ ལྷག་ཤི་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་སྟབས། ངོས་ཀྱིས་དཔལ་འབྱོར་ཡར་རྒྱས་བཏང་སྟེ་ས་ཕྱོགས་གང་སར་ཡོད་པའི་དབུལ་ཕོངས་ཚོར་རོགས་རམ་གནང་རྒྱུ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། འདས་གྲོངས་སོང་མི་དག་ནི་མཐུན་རྐྱེན་གྱི་དབུལ་བའི་ཉམ་ཐག་ཤ་སྟག་ཆགས་ཡོད་སྟབས། ང་ཚོས་ངེས་པར་དུ་ཁོ་ཚོའི་དཀའ་ངལ་སེལ་རྒྱུའི་དཔལ་འབྱོར་སྲིད་བྱུས་གསར་པ་ཞིག་བཟོ་དགོས་ཀྱི་འདུག ཅེས་གསུངས་འདུག

ཁ་སང་ཉིན་རྒྱབ་༧གོང་ས་མཆོག་ཨོ་སི་ཀྲོ་ལི་ཡའི་བྷུ་ལུ་མོན་ཊིན་ (Blue Mountains) ཁུལ་གྱི་གྲོང་བརྡལ་ལེའུ་ར་(Leura) ཞབས་སོར་འཁོད་སྐབས་བོད་མི་ ༡༥༠ ལྷག་གི་ལག་ཏུ་མཇལ་དར་ཐོགས་ནས་ཕེབས་བསུ་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ནས་ ༩ ཉིན་བར་༧གོང་ས་མཆོག་གིས་དེ་ཁུལ་མང་ཚོགས་ཚོར་དཔལ་གསང་བ་འདུས་པའི་བཀའ་ཆོས་དང་འཇིགས་བྱེད་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༨ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese