མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བསམ་ངན་དང་ཨང་སིན་སུའུ་ཀེ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱི་རྒྱ་ནག་ནང་གི་གཟིགས་སྐོར་དེས་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབར་མའི་ཕྱོགས་ཀྱི་འགྲན་རྩོད་ཤུགས་ཆེ་རུ་འགྲོ་བ་སོགས་རྒྱ་ནག་ལ་དགེ་མཚན་གསུམ་བསྐྲུན་ཡོད་སྐོར་བརྗོད་འདུག

བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གུང་ཁྲན་ཏང་གིས་མགྲོན་འབོད་བྱས་པ་ལྟར། ཁ་སང་སྔ་དྲོར་འབར་མ་གཞུང་གི་ཁ་གཏད་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སིན་སུའུ་ཀེ་ལགས་དང་། དམངས་གཙོ་ཚོགས་པའི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིན་དུ་འབྱོར་ཡོད་པ་དང་། ཁོང་ཚོས་ཉིན་གྲངས་ ༤ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཧྲང་ཧེ་གྲོང་ཁྱེར། འབར་མ་དང་འབྲེལ་འདྲིས་ཆེ་བའི་ཡུན་ནན་ཞིང་ཆེན་བཅས་ཀྱི་ནང་གཟིགས་སྐོར་གནང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ལ་མཇལ་འཕྲད་གནང་རྒྱུ་ཡིན་སྟབས། རྒྱལ་ཕྱི་ནང་ནས་ཁོང་མོའི་རྒྱ་ནག་ནང་གི་གཟིགས་སྐོར་ཐོག་མ་འདི་བརྒྱུད་དེ། རྒྱ་གཞུང་གི་མགོ་ཁྲིད་ཚོར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ཐོག་སློབ་འཁྲིད་ཐེངས་གཅིག་དང་། རྒྱའི་བཙོན་འོག་ཏུ་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོའུ་ཞོ་པའོ་ཡི་སྐོར་གླེང་སློང་གནང་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་འདུག

ཁ་སང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལི་ལ། ལྕམ་ཨང་སན་སུའུ་ཀི་ལགས་ཀྱི་རྒྱ་ནག་ནང་གི་གཟིགས་སྐོར་ཐད་ལས་རིམ་ག་རེ་བསྒྲིགས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཁོང་མོའི་གཟིགས་སྐོར་ལ་རེ་བ་ག་རེ་རྒྱག་བཞིན་ཡོད་དྲིས་པར། ཁོང་མོ་དང་སྐུ་ཚབ་ཚོགས་པའི་གཟིགས་སྐོར་གྱི་གནས་ཚུལ་འབྲེལ་ཡོད་སྡེ་ཁག་ནས་དུས་ལྟར་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་གཟིགས་སྐོར་དེ་ཏང་ཁག་གཉིས་ཀྱི་འབྲེལ་འདྲིས་ཀྱི་ཆ་ཤས་ཤིག་ཡིན་ལ། དུས་ཡུན་རིང་པོ་ནས་རྒྱ་ནག་གུང་ཁྲན་ཏང་དང་འབར་མའི་ཏང་ཁག་བར་མཛའ་བརྩེའི་འབྲེལ་བ་རྒྱུན་མཐུད་ཡོད་སྟབས། ཐེངས་འདིའི་གཟིགས་སྐོར་བརྒྱུད་གོམ་གང་མདུན་སྤོས་ཀྱིས་ཏང་ཁག་གཉིས་བར་རྒྱུས་ལོན་དང་ཡིད་ཆེས་བསྐྲུན་ཞིང་། ཐུན་མོང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏོང་ཐུབ་པའི་རེ་བ་ཡོད། ཅེས་དང་། ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ལ་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་དེ་དངོས་གནས་ཡིན་ལུགས་བརྗོད་ཡོད་ཀྱང་། ག་དུས་མཇལ་འཕྲད་གནང་རྒྱུ་ཡིན་སོགས་གསལ་བོ་བཤད་མེད་པ་རེད། རྒྱ་ནག་གཞུང་ཕྱོགས་ཀྱི་ཨང་སིན་སུའུ་ཀེ་ཡི་གཟིགས་སྐོར་བྱ་བའི་སྣེ་ལེན་པ་ཞིག་གིས་བྷེ་བྷེ་སི་ལ། ཨང་སིན་སུའུ་ཀེ་ཡི་གཟིགས་སྐོར་གྱི་གནས་ཚུལ་བརྒྱུད་བསྒྲགས་ཐད། གཞུང་འབྲེལ་གསར་ལམ་ཁག་གི་གསར་འགོད་པ་མ་གཏོགས་གཞན་པ་སྐད་གཏོང་གི་མ་རེད་ཅེས་བརྗོད་འདུག

པེ་ཅིན་གྱི་ལོ་རྒྱུས་རིག་གནས་བ་ཞིག་གིས། ད་ལྟ་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱི་སྐོར་སྐྱོད་དང་འབྲེལ་བའི་གནས་ཚུལ་རིམ་པ་ལྟར་རག་ཐབས་མི་འདུག་ཀྱང་། ལྕམ་ཨང་སིན་སུའུ་ཀེ་ལགས་མ་འོངས་པའི་འབར་མའི་སྲིད་འཛིན་གྱི་འོས་མི་དང་། གལ་སྲིད་རང་དབང་དང་འདྲ་མཉམ་རྨང་གཞིར་བཞག་སྟེ་འོས་འདེམས་བྱ་ཐུབ་པ་ཡིན་ན་ཁོང་མོ་སྲིད་འཛིན་ཆགས་རྒྱུར་རེ་བ་ཆེན་པོ་ཡོད་སྟབས། ད་ལན་རྒྱ་གཞུང་གིས་ཁོང་མོ་མགྲོན་འབོད་བྱས་པ་དེ་ནི་སྔ་ས་ནས་ཁོང་མོར་འབྲེལ་འདྲིས་འཛིན་འདོད་པ་ཡིན་སྐོར་དང་། ཨང་སིན་སུའུ་ཀེ་ལགས་དམངས་གཙོའི་མཚོན་རྟགས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། ནུབ་ཕྱོགས་དང་རྒྱ་ནག་ནང་གླེང་ཕྱོགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་མ་ཟད། འབར་མའི་མ་འོངས་པའི་ཆབ་སྲིད་ཀྱི་གསར་བརྗེའི་འགུལ་སྐྱོད་ནུབ་ཕྱོགས་པས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། ང་ཚོས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། ཅེས་བརྗོད་འདུག

ཡང་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱི་གཟིགས་སྐོར་ཐད་དཔྱད་བརྗོད་སྤེལ་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཁག་ཅིག་གིས་ལྕམ་ཨང་སིན་སུའུ་ཀེ་ནི་གནམ་བསྐོས་གོང་མས་ཆེད་མངག་གནང་བའི་དམངས་གཙོའི་ལྷ་མོ་དང་། ཨེ་ཤ་ཡའི་དམངས་གཙོའི་དམིགས་དཔེ་ལྟ་ས་ཞིག་ཡིན་སྐོར་དང་། གཟིགས་སྐོར་འདི་བརྒྱུད་ཁོང་མོས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ཐོག་སློབ་ཁྲིད་ཐེངས་ཤིག་གནང་དགོས་སྐོར་སོགས་བརྗོད་འདུག་ལ། ཡང་ཁག་ཅིག་གིས་གཟིགས་སྐོར་དེ་སྐབས་བསྟུན་ཆབ་སྲིད་ཀྱི་འཆར་གཞི་ཞིག་ཡིན་པས། ཁོང་མོའི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དང་འབྲེལ་བ་མེད་ལ། ཕྱོགས་གཉིས་བར་ཆབ་སྲིད་ཀྱི་ལྟ་བའི་ཐོག་ཧེ་བག་ཆེན་པོ་ཡོད་སྟབས། གཟིགས་སྐོར་སྐབས་ཆབ་སྲིད་ཐོག་འགྱུར་བ་གང་ཡང་འབྱུང་མི་སྲིད་ཀྱང་། འབར་མའི་རོ་ཁེ་པང་དང་རྒྱ་ནག་ཁུན་མེན་བར་གྱི་ཨ་སྒོར་དུང་ཕྱུར ༢༠༠ ལྷག་གི་འགྲོ་གྲོན་གཏོང་འཆར་གྱི་ལྕགས་ལམ་འཛུགས་བསྐྲུན་དང་། ཆུ་ཤུགས་དང་གློག་ཤུགས་མཁོ་འདོན་སོགས་དཔལ་འབྱོར་གྱི་མཉམ་ལས་ཐོག་ནུས་པ་གང་འཚམ་འཐོན་རྒྱུ་ཡིན་སྐོར་རྗོད་ཀྱི་འདུག

ཨོ་སི་ཊོ་ལི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་འབར་མའི་གནད་དོན་ཆེད་མཁས་པ་ཧྥ་ལི་ནིས། ལྕམ་ཨང་སིན་སུའུ་ཀེ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༡ པའི་སྲིད་འཛིན་འོས་འདེམས་ཆེན་མོའི་ཁྲོད་རྒྱལ་ཁ་ལེན་པར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཁོང་མོས་ངེས་པར་དུ་དོན་དངོས་ལ་གདོང་གཏད་དགོས་པ་དང་། ཁོང་མོས་རྒྱ་ནག་མ་འོངས་པར་འབར་མ་ལ་ཅི་ཙམ་གྱིས་གལ་ཆེན་པོ་ཆགས་ཡོད་པ་གསལ་བོ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་མི་མང་ཉིན་རེའི་ཚགས་པར་གྱི་དར་ཆའི་འོག་ཏུ་ཡོད་པའི་གོ་ལའི་དུས་བབ་ཅེས་པའི་ནང་། རྒྱ་ནག་ཕྱོགས་ནས་ཨང་སིན་སུའུ་ཀེ་ལགས་ཀྱི་གཟིགས་སྐོར་དེ་འདི་ལོའི་འབར་མའི་འོས་འདེམས་ཆེན་མོའི་གྲུབ་འབྲས་ཐག་གཅོད་པའི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་མོས་རྒྱ་ནག་ལ་བཟུང་བའི་རྣམ་འགྱུར་ནི་དངོས་ཡོད་དང་མཛའ་བརྩེ་ལྡན་པ་ཞིག་ཡིན་སྐོར་གྱི་གླེང་བརྗོད་སྤེལ་ཡོད་པ་རེད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དྲ་བའི་ཐོག་སྤེལ་བའི་༼རྒྱ་ནག་གིས་ཨང་སིན་སུའུ་ཀེ་ལ་དགའ་བསུ་བྱེད་འོས་པའི་རྒྱུ་རྐྱེན་གསུམ༽ཞེས་པའི་རྩོམ་ཡིག་ནང་། ཕྱི་ལོ་ ༢༠༡༤ ལོའི་ལོ་སྟོད་དུ་འབར་མའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས། ལྕམ་ཨང་སིན་སུའུ་ཀེ་ལགས་གོ་སྐབས་འོས་འཚམ་ཡིན་སྐབས་རྒྱ་ནག་ནང་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཡིས་ཀྱང་ཁོང་མོར་མགྲོན་འབོད་བྱས་མྱོང་ཡོད་སྟབས། ད་རེས་ཁོང་མོ་གཞུང་ཕྱོགས་ནས་མགྲོན་འབོད་བྱས་པ་དེ། རྒྱ་ནག་དང་འབར་མའི་ཕྱི་འབྲེལ་གྱི་ཐོལ་བརྒལ་ཆེན་པོ་ཞིག་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། ལྕམ་ཨང་སིན་སུའུ་ཀེ་གཟིགས་སྐོར་དུ་ཕེབས་པ་དེས། རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ཐད་སྔར་བས་རང་རློམ་ལྡན་ཞིང་སྒོ་ཕྱེས་པ་དང་། རྒྱ་ནག་གི་འབར་མའི་ཕྱོགས་ཀྱི་ཁེ་ཕན་སྔར་བས་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབར་མའི་ཕྱོགས་ཀྱི་འགྲན་རྩོད་ཆེ་རུ་འགྲོ་ཐུབ་པ་བཅས་ནི་རྒྱ་ནག་ལ་བསྐྲུན་པའི་དགེ་མཚན་གསུམ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese