མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བྱིས་ཚོགས་ལས་ཁུངས་ལ་སྒོ་ཐེལ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པ་ཀི་སི་ཐན་གཞུང་གིས་རྒྱལ་ས་ཨི་སི་ལ་མ་བྷ་ཋ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བྱིས་ཚོགས་ཀྱི་ལས་ཁུངས་ལ་སྒོ་ཐེལ་བརྒྱབ་ཡོད་འདུག

ཁ་སང་པ་ཀི་སི་ཐན་གཞུང་གིས་རྒྱལ་ས་ཨི་སི་ལ་མ་བྷ་ཋ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བྱིས་ཚོགས་ཀྱིས་འདས་པའི་ལོ་ཤས་གོང་ནས་བཟུང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་དང་། ཡུལ་ཁྲིམས་ལ་རྡོག་རོལ་བཏང་ནས་གཞུང་ལ་གནོད་པའི་བྱ་བ་མང་པོ་བརྩམས་ཡོད་པའི་ཉེས་མིང་བཀལ་ཏེ་ལས་ཁུངས་དེ་སྒོ་བརྒྱབ་ཡོད་འདུག

པ་ཀི་སི་ཐན་གྱི་འབྲེལ་ཡོད་ལས་བྱེད་ཀམ་རན་ཆི་མཱ་ (Kamran Cheema) ཡིས་དབྱིན་ཡུལ་གྱི་གྷར་ཌིན་གསར་ལམ་སྟེང་། “ང་ཚོར་ནང་སྲིད་ལྷན་ཁང་གིས་ཡིག་ཕྲེང་གསུམ་ཅན་གྱི་བརྡ་ཁྱབ་ཡི་གེ་ཞིག་འབྱོར་ཏེ་རྒྱལ་སྤྱིའི་བྱིས་ཚོགས་ཀྱི་ལས་ཁུངས་ལ་སྒོ་ཐེལ་རྒྱག་དགོས་པ་མ་ཟད། ཉིན་ ༡༥ ནང་ཚུད་དུ་ལས་བྱེད་རྣམས་སོ་སོའི་རྒྱལ་ཁབ་ལ་ཕྱིར་ལོག་བྱ་དགོས་སྐོར་བརྗོད་བྱུང་།” ཞེས་དང་། བྱིས་ཚོགས་ལས་ཁུངས་འཁྲིས་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་ཧ་ཀེམ་ཁང་ (Hakim Khan) གིས། “ངས་གཞུང་གིས་ལས་ཁུངས་འདི་སྒོ་རྒྱག་དགོས་དོན་གང་ཡིན་ཤེས་མ་སོང་། ང་ཚོའི་ལས་འགན་ནི་གཞུང་གི་བཀའ་ལ་བརྩི་རྒྱུ་ཡིན་སྟབས། གཞུང་གི་བཀོད་ཁྱབ་ལྟར་ལས་ཁུངས་འདིར་སྒོ་ཐེལ་བརྒྱབ་པ་ཡིན།”ཞེས་བརྗོད་འདུག

རྒྱལ་སྤྱིའི་བྱིས་ཚོགས་ཀྱིས་མགྲིན་ཚབ་པས་པ་ཀི་སི་ཐན་གྱི་སྐྱ་རེངས་གསར་འཕྲིན་ཐོག་བརྗོད་དོན། “པ་ཀི་སི་ཐན་གཞུང་གིས་སྔོན་བརྡ་བརྡ་སོགས་གང་ཡང་མ་བཏང་བར་ལས་ཁུངས་ལ་སྒོ་ཐེལ་བརྒྱབ་པར་བློ་ཕམ་ཆེན་པོ་བྱུང་། ང་ཚོས་བཙན་པོ་དབང་ཡོད་ཀྱི་བྱ་སྤྱོད་འདིར་འགག་པ་རྒྱག་རྒྱུ་མ་ཟད། གོང་རིམ་ལ་གཏུག་ནས་གླེང་སློང་བྱ་རྒྱུ་ཡིན། ད་བར་ང་ཚོས་ལས་དོན་གང་སྤེལ་ཡང་པ་ཀི་སི་ཐན་གཞུང་གི་ལྷན་ཁང་ཁག་དང་མཉམ་ལས་བྱས་ནས་རྒྱལ་ཡོངས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། ད་བར་ང་ཚོས་པ་ཀི་སི་ཐན་གྱི་མང་ཚོགས་ཀྱི་འཕྲོད་བསྟེན་དང་ཟས་བཅུད། ཤེས་ཡོན་དང་བྱིས་སྐྱོང་བཅས་ཀྱི་ནུས་པ་གོང་འཕེལ་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ། ལས་དོན་གཉེར་ཡོད་པ་ལས་པ་ཀི་སི་ཐན་གཞུང་གིས་བརྗོད་པ་ལྟར་རྒྱལ་ཁབ་དང་མི་རིགས་ལ་གནོད་པའི་ལས་འགུལ་གང་ཡང་སྤེལ་མེད།”ཅེས་བརྗོད་འདུག

༢༠༡༢ ལོར་པ་ཀི་སི་ཐན་གསང་བའི་ལས་ཁུངས་ཀྱིས། རྒྱལ་སྤྱིའི་བྱིས་ཚོགས་བརྒྱུད་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་པ་ཀི་སི་ཐན་གྱི་སྨན་པ་ཤཱ་ཁེལ་ (Shakeel Afridi) མངགས་ཏེ། རྒྱལ་ཡོངས་ནང་སྔོན་འགོག་སྨན་བཅོས་ཀྱི་ལས་འཆར་རྫུན་མ་བཀོལ་ནས་ཨལ་ཁེད་ཌ་འཇིགས་སྐུལ་ཚོགས་པའི་མགོ་གཙོ་ཨུ་སཱ་མཱ་བྷེན་ལཱ་ཌན་ (Osama bin Laden) རྩད་ཞིབ་བྱས་ཚུལ་གྱི་སྙན་ཐོ་བཏོན་ཏེ། བྱིས་ཚོགས་ཀྱི་ཕྱི་རྒྱལ་ལས་བྱེད་བ་རྣམས་ཕྱིར་འཕུད་བཏང་བ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་པ་ཀི་སི་ཐན་གྱི་བྱིས་ཚོགས་ནང་ལས་ཀ་བྱེད་བར་ཡོང་མཁན་ཚོར་ཐོངས་མཆན་ལག་ཁྱེར་མ་སྤྲད་པ་དང་། ཕྱི་ཕྱོགས་ཀྱི་རོགས་དངུལ་དང་སྐྱོབ་གསོ་སོགས་བཀག་འགོག་བྱས་ཡོད། དེ་བཞིན་འདས་ལོ་ནས་བཟུང་པ་ཀི་སི་ཐན་གཞུང་གིས་པ་ཀི་སི་ཐན་ནང་གི་ཕྱི་རྒྱལ་རོགས་ཚོགས་ཁག་གི་ལས་བྱེད་ཚོས་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་མིང་བཀལ་ཏེ། ༢༠༡༤ ལོའི་ཟླ་ ༡༢ བར་རོགས་ཚོགས་ ༣༠༠༠ ཙམ་ཕྱིར་བསྡུ་བྱས་ཡོད། འདི་ལོ་ཕྱི་རྒྱལ་གྱི་ཞལ་འདེབས་འབུལ་ཕྱོགས་ཀྱི་རྩ་འཛིན་བཅའ་ཡིག་ ༢༠༡༥ ཞེས་པ་ཞིག་ཕྱི་བསྒྲགས་བྱས་ཏེ། ཕྱི་རྒྱལ་རོགས་ཚོགས་ཁག་གིས་ལས་དོན་གང་འདྲ་བྱེད་ཀྱི་ཡོད་མེད་ཐོག་རྟོག་ཞིབ་བྱེད་མགོ་བཙུགས་ཏེ། ད་བར་རོགས་ཚོགས་ ༢༠ ལྷག་ལ་ཉེན་བརྡ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་ ༡༡ ཉིན་པ་ཀི་སི་ཐན་གཞུང་གིས་རྒྱལ་སྤྱིའི་བྱིས་ཚོགས་ཀྱི་ལས་བྱེད་ཚོས་རྒྱལ་ཁབ་ལ་གནོད་པའི་ལས་གཞི་སྤེལ་ཀྱིན་ཡོད་པ་མ་ཟད། སོ་ཉུལ་བྱས་ནས་རྒྱལ་དོན་གསང་བ་རྐུ་འཁྱེར་བྱས་ཡོད་ཚུལ་བརྗོད་ནས་ལས་ཁུངས་ལ་སྒོ་ཐེལ་བརྒྱབ་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese