མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་དོ་དམ་ཇེ་ནན་དུ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་བོད་ཁུལ་གྱི་དགོན་སྡེའི་དོ་དམ་དང་སློབ་གསོའི་ལམ་ལུགས་ཇེ་ནན་དུ་གཏོང་དགོས་སྐོར་བརྗོད་འདུག

ཉེ་སྔོན་པེ་ཅིན་དུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༡ པའི་ཚང་འཛོམས་གྲོས་ཚོགས་ཐོག རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་(ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཏེ། ཆོས་ལུགས་ཀྱིས་ཀྲུང་ཧྭ་རིག་གནས་དར་སྤེལ་དང་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་ལ་ཞབས་འདེགས་ཞུ་དགོས)ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། བོད་ཁུལ་གྱི་དགོན་སྡེའི་དོ་དམ་དང་སློབ་གསོ་གཉིས་ཀྱི་ལམ་ལུགས་ཇེ་ནན་དུ་གཏོང་དགོས་ཤིང་། ལྷག་པར་དུ་ཁྲིམས་ལྟར་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་རྙོག་འཛིང་ཅན་ཐག་གཅོད་ནན་མོ་བྱ་དགོས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་སྐོར་བརྗོད་འདུག

ཡང་ཁོང་གིས། ད་སྔ་ཤོག་ཁ་དང་སྒེར་གང་རུང་གིས་ཆོས་ལུགས་ཁ་རུ་འཁྱེར་ནས་ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སྤེལ་ཏེ། དད་ལྡན་རྣམས་ལམ་ལོག་ལ་ཁྲིད་པ་དང་ཆོས་ལུགས་ཀྱི་མཚན་སྙན་ལ་གནོད་ཅིང་། ཆོས་གཞུང་ནང་དོན་ལ་འཁྱོག་བརྗོད་བཅས་བྱས་ཡོད་སྟབས། ཆོས་ལུགས་རྨོངས་དད་དང་ཚོང་ལས་ཅན་དུ་གྱུར་ནས་སྤྱི་ཚོགས་བདེ་ཐང་ངང་གོང་འཕེལ་འགྲོ་བར་གནོད་ཚབས་ཆེན་པོ་བསྐྱལ་ཡོད། མི་དེ་དག་གིས་ནང་བསྟན་པར་བརྫུས་ནས་ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སྤེལ་བཞིན་ཡོད། ཁོ་ཚོས་སྒྲིག་འཁུར་ཁྲིམས་སྲུང་བྱེད་པ་ཧ་ཅང་ཉུང་བ་དང་། ཆོས་ལུགས་ཀྱི་གཞུང་ལུགས་ཤེས་བྱ་ཧ་ཅང་ཞན་ཞིང་། ཐ་ན་མི་ལ་ལས་ཆོས་དཔེ་གཅིག་ཆ་ཚང་བ་ཡང་ཀློག་མྱོང་མེད། ཡང་ཁོ་ཚོའི་ཁྲོད་ཀྱི་མི་ལ་ལ་ནི་ཤེས་རྒྱ་ཆེ་བ་དང་། འབྲེལ་བ་རྒྱ་ཆེ་བས་དད་ལྡན་པ་ཚོང་པ་ཕྱུག་པོ་དང་མི་སྣ་གྲགས་ཆེན་ཡང་ཡོད། མི་དེ་དག་གི་བྱ་འགུལ་ཁྱབ་ཁོངས་ཇེ་ཆེར་འགྱུར་བ་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་ཡི་ཡོད་པས། སྤྱི་ཚོགས་ལ་གནོད་པ་ཆེ་རུ་འགྲོ་ཡི་ཡོད། ཡུན་རིང་དེ་ལྟར་གནས་ཚེ་ནང་བསྟན་གྱི་ཆོས་ཁྲིམས་འཛོལ་ཉེན་ཆེ་བ་དང་། ནང་བསྟན་པའི་སྡེ་ཡང་བློ་རྩེ་གཅིག་གིས་དད་མོས་བྱེད་པའི་དམིགས་ཡུལ་ལ་བརྩོན་ལེན་བྱ་ཁག་པོ་རེད་ལ། མགོ་སྐོར་ཐེབས་པའི་དད་ལྡན་མང་ཚོགས་ཀྱི་དད་མོས་ལ་ཡང་ནོར་འཛོལ་འབྱུང་སྲིད། མ་ཟད་སྤྱི་ཚོགས་ཀྱི་ཀུན་སྤྱོད་འཛུགས་བསྐྲུན་ལའང་ངན་ཤན་ཐེབས་ཀྱི་རེད། དེའི་གནོད་སྐྱོན་མང་པོས་ནང་བསྟན་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ཧུར་ཐག་དེར་ཉམ་ཉེས་བཟོ་གི་ཡོད། ཅེས་བརྗོད་འདུག

ཁོང་གིས་གོང་གི་གནད་དོན་ཐད་བསམ་འཆར་བཞི་བཏོན་པའི་ནང་། གཅིག ཆོས་ལུགས་ལས་དོན་ཚན་པས་ཆོས་ལུགས་སྐྱེས་ཆེན་རྫུས་མིས། ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སྤེལ་བའི་སྣང་ཚུལ་བརྟག་དཔྱད་ཞིབ་བཤེར་བྱ་དགོས་པ་དང་། དེ་ལ་བཀག་འགོག་གི་བྱ་ཐབས་བཟོས་ནས་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་ཐུབ་པ་དང་ཡུན་རིང་ནུས་ལྡན་གྱི་ཚན་པ་དང་ལམ་ལུགས་འཛུགས་དགོས། གཉིས། ཆོས་ལུགས་སྐྱེས་ཆེན་རྫུས་མས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་ནས་ཉེས་པ་བསགས་པར་སྤྱི་བདེ་ཚན་པས་ཁྲིམས་ལྟར་ཐག་གཅོད་ཀྱིས། སྣང་ཚུལ་དེ་རིགས་འཐོན་རྒྱུར་བཀག་འགོག་བྱེད་དགོས། གསུམ། ཆོས་ལུགས་ཚོགས་པས་རང་ནུས་འདོན་སྤེལ་གྱིས། ཆོས་ལུགས་ཁྱབ་ཁོངས་ཀྱི་སྐྱེས་ཆེན་གྱིས་དོན་དངོས་ལ་མི་འཇུག་པ་དང་དཀོར་རྔན་ལེན་པའི་བྱ་སྤྱོད་གཏན་འགོག་དང་། ཆོས་ལུགས་སྐྱེས་ཆེན་རྫུས་མས་མི་མང་གི་རྒྱུ་ནོར་ལ་མགོ་སྐོར་གཏོང་བ་གཏན་འགོག་བྱེད་དགོས། བཞི། འབྲེལ་ཡོད་ཚན་པས “ཁྲིམས་མཐུན་ལ་སྲུང་སྐྱོང་། ཁྲིམས་འགལ་ལ་ཚོད་འཛིན། ཐལ་དྲགས་པའི་བྱ་སྤྱོད་གཏན་འགོག ཉེས་གསོག་ལ་འགོག་རྒོལ།”བཅས་ཀྱི་རྩ་དོན་ལྟར། ཁྲིམས་བཞིན་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་དང་། ཆོས་ལུགས་ཀྱི་སྡེ་དང་ཆོས་དད་མང་ཚོགས་ཀྱི་ཆོས་དོན་དང་ཆོས་ལུགས་བྱ་འགུལ་བཅས་ལ་སྲུང་སྐྱོང་བྱེད་དགོས། ཆོས་སྟོན་པ་དང་ཆོས་དད་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་གཏོང་དགོས། རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལ་རང་འགུལ་གྱིས་སྲུང་གཙི་བྱེད་པ་གོང་མཐོར་གཏང་ནས། ཆོས་ལུགས་ཀྱི་སྡེས་རང་སོའི་ལུགས་མཐུན་གྱི་རེ་འདུན་འདོན་པའི་ཁྲིམས་མཐུན་གྱི་ལམ་བུ་བདེ་བླག་ངང་བསྐྲུན་ཏེ། ཆོས་ལུགས་ཉིད་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་ཏུ་ཆགས་པ་བྱེད་དགོས། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

(Illustration: Saurabh Singh)
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡོ་ཁུ་རེན་དང་ཨུ་རུ་སུའི་བར་འདུམ་བྱ་རྒྱུ་ཡིན་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
དྷ་རམ་ས་ལར་བརྩེ་བའི་སྐུ་མདུན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཕྲུག་ཚོས་བྲིས་པའི་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན། ༢༠༢༥།༠༨།༡༩ དུས་བབ་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་རི་མོའི་སྒྱུ་རྩལ་གྱི་རེ་འདོད་སྐོང་ཆེད་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན་བྱེད་ཀྱི་འདུག

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལྡི་ལིར་བསླེབས་པ་དང་བོད་མིས་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས། ༢༠༢༥།༠༨།༡༨
Mobile App

ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས།

༢༠༢༥/༠༨/༡༨
Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

༢༠༢༥/༠༨/༡༨
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    གསར་འགོད་པ་ལགས། རྫུས་མ་ལ་མཚན་ངོ་མ་བེད་སྤྱོད་བཏང་ན་ཡག་པོ་ཨེ་ཡོད་ན། དེ་ལས་པཎ་ཆེན་འོས་སྤྲུལ་ཞེས་བྲིས་ན་མི་ལེགས་སམ། ལོ་རྒྱུས་ནང་ཡོད་ཡོད་པ་རེད། བསམ་ཚུལ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese