མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་ཤིག་གིས་གངས་སྐྱིད་ནས་བོད་དོན་གཏམ་བཤད་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡཱང་ཅན་ལི་ལགས་ཀྱིས་གངས་སྐྱིད་ཁུལ་གྱི་གཞུང་ཞབས་ལས་བྱེད་སྐོར་ཞིག་ལ་བོད་རྒྱའི་གནད་དོན་སྐོར་ལ་བགྲོ་གླེང་གཏམ་བཤད་གནང་སྐབས། རྒྱ་ནག་ཁོ་རང་ཚོའི་རྒྱབ་ཕྱོགས་ན་ལྐོག་ཇུས་ཡོད་སྟབས་ལྐོག་ཇུས་མེད་པའི་མི་ཞིག་དང་འབྲེལ་བ་བྱ་རྒྱུ་ཁག་པོ་ཡིན་ཟེར།

དེ་རིང་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་རྒྱལ་སྤྱིའི་བོད་རྒྱ་སྨྱུག་ཚོགས་ཀྱིས་གཙོ་གཉེར་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་གནང་སྟེ། གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་༼རྒྱ་སྐད་ཐོག་རྒྱ་རིགས་འབུམ་རམས་པ་ཡང་ཅན་ལི་དང་ལྷན་དུ་བོད་དོན་གླེང་བ།༽ཞེས་པའི་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་ཐོག་བཀའ་ཤག་གི་ངེས་སྟོན་པ་ཚེ་རིང་དབང་ཕྱུག་ལགས་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་གངས་ལྷ་མོ་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས།  དེ་བཞིན་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས། གཞན་ཡང་།  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། དྷ་སའི་འབྲེལ་བ་ལས་ཁུངས་བཅས་ཀྱི་ལས་བྱེད་སོགས་མི་གྲངས་ ༡༨ འཛོམས་འདུག

བགྲོ་གླེང་གི་ཐོག་མར་སྐུ་མགྲོན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཆབ་སྲིད་དཔྱད་ཞིབ་པ་ཡཱང་ཅན་ལི་ལགས་ཀྱིས་གཏམ་བཤད་གནང་དོན། ངས་དེ་རིང་འདི་ནས་ལོ་ ༢༠ ལྷག་ལ་བོད་རིགས་སྤུན་ཟླ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་ཀ་བྱེད་པ་དང་དམིགས་བསལ་གྱིས་ངས་བོད་ཀྱི་རང་དབང་ལས་འགུལ་སྤེལ་བའི་ཁྲོད། ཐོག་མར་ངས་མི་རིགས་གཞོན་སྐྱེས་མགོ་ཁྲིད་ཚོགས་པ་ (族群青年领袖研习营) བཙུགས་ནས་ལས་ཀ་བྱེད་སྐབས་ང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད། ཐོག་མར་ང་རྒྱ་ནག་མཐུན་སྒྲིལ་ཚོགས་པའི་རྩ་དོན་ (中华联邦宪法草案) ཡི་ལས་ཀ་བྱེད་པའི་མི་ཞིག་ཡིན་པ་དང་། ང་ཚོས་བོད་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་སོ་སོའི་རྒྱབ་སྐྱོར་བྱེད་ སྟངས་འདྲ་མིན་ཡིན་ཡོད། ངས་ཐོག་མར་ཁྱེད་རང་ཚོར་བསམ་བློ་འཁོར་ཡོད་པ་དེ་རྗེས་སུ་ངེས་པར་དུ་མཚམས་འཇོག་དགོས་བྱུང་སོང་། ངས་བོད་མི་མང་པོར་འབྲེལ་བ་བྱས་ནས་ཁོ་ཚོའི་མི་ཚེ་ལོ་རྒྱུས་ལ་ཉན། བོད་ཀྱི་གནས་བབས་དང་ཆོས། རིགས་གཞུང་སོགས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་རྗེས་ང་རྒྱ་མི་ཞིག་ཡིན་པའི་ཆ་ནས་ང་ལ་ཁྱེད་རང་ཚོའི་མ་འོངས་འཆར་འགོད་བྱེད་པའི་དབང་ཆ་མི་འདུག་ལ་བདེ་སྐྱིད་ག་རེ་བྱས་ནས་བསྐྲུན་པའི་དབང་ཆ་ཡང་མི་འདུག དེ་འདྲའི་གནད་དོན་ཚབས་ཆེན་ཞིག་ལ་འཕྲད་ཡོད་སྟབས། དེ་རིང་ངས་འདི་ནས་བཤད་རྒྱུར་སྤྱིར་བཏང་ངས་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ནས་ལོ་ ༢༠ ལྷག་འགོར་ཡོད་པ་དང་། བོད་པའི་སྤུན་མཆེད་ཚོས་གྲོགས་པོ་བཟང་པོ་ཞིག་ཡིན་ཟེར་ཆོག་ཀྱང་། ངའི་ལངས་ཕྱོགས་དེ་ཁྱེད་རང་ཚོའི་རང་དབང་གི་དབང་ཆར་རྒྱབ་སྐྱོར་བྱེད་པ་ལས་དཔེར་ན་རང་བཙན་དགོས་པ་དང་མི་དགོས་པའི་འདེམས་ཀ་སོགས་མིན་པར་ཁྱེད་རང་ཚོའི་མ་འོངས་པའི་འཐབ་རྩོད་ཐབས་ལམ་འདེམས་ཕྱོགས་གླེང་གི་མིན། ངས་རྒྱབ་སྐྱོར་བྱེད་པ་དེ་ད་ལྟ་ཁྱེད་རང་ཚོར་དབང་ཆ་མེད་པ་བཞིན་ང་ལའང་དབང་ཆ་མེད་སྟབས། ཁྱེད་ཚོ་ལ་མ་འོངས་པའི་ཆབ་སྲིད་མདུན་ལམ་འདེམས་ཕྱོགས་ཀྱི་དབང་ཆ་མི་འདུག ངས་ཁྱེད་རང་ཚོའི་མ་འོངས་བའི་དབང་ཆ་འདེམས་ཕྱོགས་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད། དཔེར་ན། ཁྱེད་རང་ཚོས་རང་བཙན་འདེམས་རྒྱུ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་འདེམས་རྒྱུ། དེ་བཞིན་གུང་ཁྲན་ཏང་གིས་ལག་བསྟར་བྱེད་བཞིན་པ་སོགས་འདེམས་མིན་ནི་ཁྱེད་རང་ཚོའི་རང་དབང་རེད། ངས་གླེང་སློང་བྱེད་བཞིན་པའི་བོད་དོན་དང་ལངས་ཕྱོགས། བྱ་བ་ཡོད་ཚད་ཁྱེད་རང་ཚོའི་དབང་ཆར་རྒྱབ་སྐྱོར་བྱེད་པ་ཡིན་པ་ལས། ངས་ཁྱེད་རང་ཚོའི་འོས་ཤོག་བླུགས་ནས་ཐོབ་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་མ་རེད། ངའི་བསམ་བློའི་ནང་གི་བརྒྱུད་རིམ་འདི་ནི་ཧ་ཅང་གལ་ཆེན་ཞིག་ཡིན། གང་ཡིན་ཞེ་ན། བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་ད་དུང་ལམ་ཁ་འདི་ལ་འགྲོ་ཐུབ་ཀྱི་མི་འདུག ང་རྒྱ་མི་ཞིག་ཡིན་པའི་ཆ་ནས་ཁྱེད་རང་ཚོར་བདེ་སྐྱིད་བསྐྲུན་ཐུབ་མིན་གླེང་མི་ཐུབ། བདེ་སྐྱིད་ཡོད་མེད་ཁྱེད་རང་ཚོས་གླེང་དགོས་པ་ཞིག་ལས་ཁྱེད་ཚོའི་ཚབ་བྱེད་པའི་དབང་ཆ་ང་ལ་མེད། ཁྱེད་ཚོའི་དབང་ཆར་རྒྱབ་སྐྱོར་བྱེད་པ་དང་མ་འོངས་ཆབ་སྲིད་ཀྱི་མདུན་ལམ་འདེམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

བོད་པ་དང་རྒྱ་མི་མང་པོ་ཞིག་གིས་རྒྱ་ནག་ལ་དམངས་གཙོའི་ལམ་ལུགས་མེད་པ་ཡིན་ན་བོད་དོན་ཐག་གཅོད་བྱ་མི་ཐུབ་བཅས་གླེང་གི་ཡོད་པ་དེ་བོད་ཀྱི་གནད་དོན་དེ་གུང་ཁྲན་ཏང་དང་མཉམ་གཅིག་འཐབ་འཁྲུག་རྒྱག་གི་འདུག ཚང་མས་དེ་ཐེངས་མང་གོ་ཐོས་ཡོང་དུས་མི་ཚོས་དེ་བདེན་པར་འདོད་དེ་རྒྱ་ནག་ཡོངས་དམངས་གཙོར་མ་བསྒྱུར་བ་ཡིན་ན་བོད་དོན་ཐག་གཅོད་ཧ་ཅང་ཁག་པོར་སྣང་ཡང་། ངས་བཤད་ན་འདོད་པ་ནི་དེ་ནི་གནད་དོན་གྱི་གྲུབ་ཆ་ཡོངས་རྫོགས་མ་རེད། རྒྱ་ནག་དམངས་གཙོའི་ལམ་ལུགས་ནི་བོད་དོན་ཐག་གཅོད་བྱེད་དགོས་པའི་ཆ་རྐྱེན་གཙོ་གྲས་ཤིག་ཡིན་ཡང་དེ་ཆ་རྐྱེན་ཡང་དག་པ་ཞིག་མ་རེད། རྒྱ་ནག་ལ་དམངས་གཙོ་མེད་པ་དང་རང་དབང་མེད་པའི་སྐབས་ལ་བོད་དོན་དེ་དངོས་གནས་གླེང་མོལ་བྱ་རྒྱུ་དང་ཐག་གཅོད་བྱ་རྒྱུ་ཕལ་ཆེར་མི་སྲིད་ཀྱང་། གལ་སྲིད་རྒྱ་ནག་ལ་དམངས་གཙོ་ཐོབ་པ་ཡིན་ན་བོད་དོན་རང་བཞིན་གྱིས་ཐག་གཅོད་བྱེད་པ་ཞིག་ཀྱང་རྩ་བ་ནས་མ་རེད་འདི་དེ་རིང་ངས་བཤད་ན་འདོད་སོང་། དམིགས་བསལ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞིག་དང་རྒྱ་མི་ཞིག་ཡིན་སྟབས་ངེས་པར་དུ་བཤད་དགོས་པ་ཞིག་ཡིན་སྟབས། འདི་དེ་རིང་ངས་བཤད་དགོས་པའི་གནད་དོན་གཙོ་བོ་ཞིག་ཡིན།  གང་ཡིན་ཞེ་ན། ང་རྒྱ་ནག་གི་འཚོ་བའི་ཁྲོད་ཀྱི་མི་ཞིག་ཡིན་པའི་ཆ་ནས་ངས་རྒྱ་ནག་གི་བསམ་བློ་ག་རེ་ཡིན་པ་ཤེས་ཀྱིན་རེད། གལ་སྲིད་ཁྱེད་ལ་དམངས་གཙོ་ཡོད་ན་བོད་དོན་ཐག་གཅོད་བྱེད་རྒྱུ་དེ་འདྲའི་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། དེ་བཞིན་ད་ལྟ་རྒྱ་ནག་ལ་དམངས་གཙོ་ཐོབ་མེད་པའི་སྔོན་དུ་ཁྱེད་ཚོས་རྒྱ་ནག་ལ་འབྲེལ་བ་རྒྱ་ཆེ་རུ་གཏོང་དགོས། རྒྱ་ནག་མི་མང་ལ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དངོས་ཡོད་གནས་ཚུལ་དང་གནས་བབས་སོགས་རྒྱུས་ལོན་བྱེད་འཇུག་དགོས། བོད་དོན་ལ་ཤེས་རྟོགས་མང་ན་མ་འོངས་པ་རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན་གོ་སྐབས་མང་པོ་ཡོད་པ་དང་། གལ་སྲིད་དེ་འདྲའི་འབྲེལ་བ་བྱུང་མ་ཐུབ་ན་མ་འོངས་པར་བོད་དོན་དེ་ལས་དཀལ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་སྟབས། བོད་པ་ཚོས་ངེས་པར་དུ་རྒྱ་མི་རིགས་དང་འབྲེལ་བ་བྱ་རྒྱུ་མིག་རྒྱང་རིང་པོ་དང་རྣམ་དཔྱོད་ལྡན་པ་ཞིག་རེད་ཅེས་བརྗོད་སོང་།

དབུ་མའི་ལམ་ནི་ཚང་མས་གླེང་སློང་བྱུང་པ་ཞིག་དང་༧སྐྱབས་མགོན་ཏཱ་ལའི་བླ་མས་ ༡༩༧༤ ནས་གླེང་སློང་བྱུང་པ་དང་རིམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གླེང་སློང་ཤུགས་ཆེན་བྱུང་རྗེས་འདི་ནི་ཡོངས་སུ་དག་པའི་ལམ་ཁ་ཞིག་ཏུ་གླེང་བ་རེད། ང་རང་གི་ཉམས་མྱོང་དང་བརྒྱུད་ན་༧ཏཱ་ལའི་བླ་མ་ལྷག་བསམ་རྣམ་དག་དང་རྒྱབ་ལོག་ན་ངན་ཇུས་ཅི་ཡང་མེད་སྟབས། ངས་རྒྱ་ནག་གི་སློབ་གཉེར་བ་ཚོར་ཐེངས་མང་༧སྐྱབས་མགོན་ཏཱ་ལའི་བླ་མ་ནི་ཡང་དག་པ་ཡིན་པ་བཤད་མྱོང་ཡོད། དེའི་རྗེས་སུ་བརྡ་ལེན་དེ་དག་རྒྱ་ནག་གི་མགོ་ཁྲིད་ཚོར་སྤྲད་ཡོད་ས་རེད། ངས་ཁོ་ཚོར་ང་རང་སྒེར་གྱིས་འབྲེལ་བ་བྱས་པའི་ཉམས་མྱོང་ཞིག་དེ་ ༧སྐྱབས་མགོན་ཏཱ་ལའི་བླ་མ་ལྷག་བསམ་རྣམ་དག་ཡིན་པ་དང་། དབུ་མའི་ལམ་ནི་རང་བཙན་གྱི་ལྐོག་ཇུས་ཡིན་པར་འདོད་པ་སོགས་ནོར་ཁྲལ་ཡིན་པར་བརྗོད་མྱོང་། འོན་ཀྱང་། རྒྱ་ནག་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་འབྲེལ་བ་བྱ་རྒྱུ་ཁག་པོ་ཆགས་ཡོད། གང་ཡིན་ཞེ་ན། རྒྱ་ནག་ཁོ་རང་ཚོའི་རྒྱབ་ཕྱོགས་ན་ལྐོག་ཇུས་ཡོད་སྟབས་ལྐོག་ཇུས་མེད་པའི་མི་ཞིག་དང་འབྲེལ་བ་བྱ་རྒྱུ་ཁག་པོ་ཡིན། དབུ་མའི་ལམ་ལ་ཁྱེད་རང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ཅེས་ལབ་ཀྱིན་མེད། གོང་ནས་ངས་ཁྱེད་རང་ཚོའི་འདེམས་ཀའི་དབང་ཆ་ང་ལ་མེད་ཅེས་ལབ་པ་དང་། ངས་ཁྱེད་རང་ཚོའི་དབང་ཆར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། འོན་ཀྱང་། དབུ་མའི་ལམ་ནང་ལ་ཤེས་རབ་ཤིག་ཡོད་པ་དེ་ནི་༧སྐྱབས་མགོན་ཏཱ་ལའི་བླ་མས་རྒྱ་ནག་གི་ཁྱད་ཆོས་ཧ་ཅང་གསལ་བོ་ཧ་གོ་ཡོད་པ་དང་། རྒྱ་ནག་ཆེན་མོའི་བསམ་བློ་དེ་ཤ་གསེང་རུས་གསེང་དུ་འཐུམས་ཡོད་པ་དེ་ཁོང་གིས་ཤེས་ཡོད་པ་དང་། དེ་གཏོར་བཤིག་གཏོང་རྒྱུ་ཧ་ཅང་ཁག་པོ་ཡོད་པའང་ཤེས་རྟོགས་བྱུང་འདུག རྒྱ་ནག་དུང་ཕྱུར་ ༡༠ ལྷག་གིས་རྒྱུ་མཚན་ལ་མ་ལྟོས་པར་ངོས་ལེན་མ་བྱས་ན། གནད་དོན་འདི་ཐག་གཅོད་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། ཞེས་སོགས་བརྗོད་སོང་།

ད་ལོ་རྒྱབ་ཤ་དཀར་པོ་དེབ་ནང་ལ་གནའ་བོའི་དུས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་མང་པོ་བྲིས་ཡོད། ཚང་མ་ཤེས་གསལ་ལྟར་ ༢༠༠༠ ལོའི་རྒྱབ་ཤ་དཀར་བོ་དེབ་ནང་ལ་དུས་རབས་ ༡༣ བའི་སྐབས་ནས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་ཚུལ་ལབ་ཡོད་པ་དང་། ༡༩༥༩ ལོའི་ཟླ་ ༥ ཚེས་ ༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ལ་བཙན་གྱིས་ཞི་བའི་དོན་ཚན་ ༡༧ གྱི་འཆང་ཡིག་བཞག་པའི་དོན་ཚན་དང་པོའི་ནང་བོད་རིགས་མི་མང་ཕྱིར་ཀྲུང་ཧྭ་མི་མང་གི་ཁྱིམ་གཞི་ཆེན་པོ་ནང་ལོགས་ཡོད། སྐབས་དེར་བེད་སྤྱོད་བྱེད་པའི་ཚིག་ནི་ “ཕྱིར་ལོག”་པ་ཞེས་བེད་སྤྱོད་བཏང་ཡོད། ཚིག་དེའི་ཐོག་ནས་བོད་ནི་དེའི་སྔོན་དུ་ཁྱིམ་ཚང་ཆེན་མོའི་ཕྱི་ལོགས་སུ་ཡོད་པ་བསྟན་ཡོད་ལ། རྒྱ་ནག་གཞུང་གི་ཡིག་ཆའི་ནང་དུ་ཁོ་རང་ཚོས་རྫུན་བཤད་བཞིན་ཡོད་པ་ཁྱེད་ཀྱིས་ལབ་དགོས་མེད་སྟབས། ང་ཚོས་ངེས་པར་དུ་བཏོན་དགོས་ཡོད། མི་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་གནད་དོན་གླེང་དགོས་དོན་མེད་སྐོར་བརྗོད་བཞིན་ཡོད་ཀྱང་། ངས་བསམ་ན་ལོ་རྒྱུས་ངེས་པར་དུ་བདག་པོ་བརྒྱབ་ནས་གླེང་དགོས་པ་དང་། ལོ་རྒྱུས་ནི་དངོས་ཡོད་གནས་ཚུལ་གྱི་རྨང་གཞི་ཡིན་སྟབས། བོད་པའི་སྤུན་ཟླ་ཚོས་རྒྱ་ཡིག་ཐོག་འཐུས་སྒོ་ཚང་བའི་ལོ་རྒྱུས་ཀྱི་དེབ་ཅིག་འདོན་དགོས་རྒྱུ་ཧ་ཅང་གལ་ཆེ། དང་པོ་ནས་ཆབ་སྲིད་དྲི་བསྒྲགས་ལྟ་བུའི་དེབ་དང་ཀླད་པ་འཁྲུད་པའི་དེབ་ཅིག་མིན་པར། ཧ་ཅང་ཚད་ལྡན་ཡིན་པའི་དེབ་ཅིག་ངེས་པར་དུ་འདོན་དགོས། གལ་སྲིད་དེ་ལྟ་བུ་ཞིག་མེད་དེ་བོད་ཀྱི་ལོ་རྒྱུས་གླེང་སློང་མ་བྱུང་ན་མི་མང་པོ་ཞིག་མགོ་འཐོམ་ཡོད་པ་དང་མུ་མཐུད་དུ་འཐོམ་རྒྱུ་རེད། རྒྱ་ནག་གཞུང་གིས་ཁེ་ཕན་འདི་དག་བདེ་སྤྱོད་གཏོང་ནས་མུ་མཐུད་དུ་རྒྱ་མི་རིགས་ཀྱི་ཀླད་པ་འཁྲུད་བཞིན་ཡོད་པ་མ་ཟད། ཀླད་པ་འཁྲུད་བ་དེའང་ཚད་ངེས་ཅན་ཞིག་ལ་ཐོན་ འདུག

དེབ་ནང་གི་ “གནའ་ནས་བཟུང་”ཟེར་བ་དེ་ག་རེ་ཞིག་ལ་གནའ་ནས་བཟུང་ལབ་དགོས་ཡོད་པ་རེད། ང་ཚོས་རྒྱབ་ཤ་དཀར་བོ་ཚོར་བསྡུར་ན་རྒྱ་ནག་གི་རྫུན་བཤད་པ་དེ་ཧ་གོ་ཡོང་གི་རེད། དེ་ང་ཚོས་ངེས་པར་དུ་ཕྱི་འདོན་བྱ་དགོས་པ་དང་། གལ་སྲིད་ང་ཚོས་ལོ་རྒྱུས་མ་གླེང་བ་ཡིན་ན་དྲང་བདེན་ཡང་གླེང་ཐུབ་ཀྱི་མེད། བོད་ཀྱི་གྲོགས་པོ་ཁག་ཅིག་གིས་ད་ལྟ་ལོ་རྒྱུས་ལ་མི་ལྟ་བར་མདུན་ལ་ལྟོས་ཞེས་བརྗོད་ཡོད། མདུན་ལ་བལྟས་ན་འགྲིག་ཡོད་ཀྱང་ལོ་རྒྱུས་ཀྱི་གནས་བབས་དེ་ངེས་པར་དུ་ཧ་གོ་དགོས་པ་ཞིག་རེད། ད་ལོའི་རྒྱབ་ཤ་དཀར་པོའི་དེབ་ནང་ལ་དོ་སྣང་བྱ་དགོས་པ་གཞན་ཞིག་ཡོད་པ་དེ། “བོད་ཀྱི་་་” “བོད་ཀྱི་་་་” “བོད་ཀྱི་མི་རིགས་གཞན་” ཞེས་པ་དང་ “བོད་ཀྱི་” ཟེར་བ་དེ་བོད་ལྗོངས་རང་ལས་གཞན་གྱི་བོད་པ་ཚོར་ལབ་ཀྱིན་མེད་པ་དེར་ “བོད་ཀྱི་” གཞན་མི་རིགས་ཞེས་བརྗོད་པ་འདི་སྔོན་ཆད་བེད་སྤྱོད་བཏང་རྒྱུ་ཉུང་ཉུང་ཡིན་པ་དང་ངའི་བག་ཆགས་ལ་ཕལ་ཆེར་མི་འདུག ངས་བལྟས་ན་འདི་ནི་རྒྱ་རིགས་གཙོས་བོའི་མི་རིགས་གཞན་གྱི་བར་ལ་རྙོག་དྲ་བཟོ་བཞིན་ཡོད་པ་དེ་རེད། ཅེས་སོགས་བརྗོད་སོང་།

དེའི་རྗེས་དྲི་བ་དྲིས་ལེན་སྐབས་སུ། དབུ་མའི་ལམ་གྱི་ཐོག་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། དབུ་མའི་ལམ་ལ་དངོས་གནས་བྱས་ན་རྒྱལ་སྤྱིའི་ཐོག་ནས་བསྔགས་བརྗོད་ཧ་ཅང་མང་པོ་ཐོབ་ཡོད་ལ། ཤེས་རྟོགས་ཐུབ་པ་ཞིག་ཀྱང་རེད། དཔེར་ན། ཨ་རིའི་སྲིད་འཛིན་གྱིས་རང་བཙན་དགོས་ལབ་པ་ཡིན་ན། ཕྱི་འབྲེལ་ཐོག་སྟབས་བདེ་མེད་པས་དབུ་མའི་ལམ་གྱིས་ཁོ་ལ་ཆེ་མཐོང་ཞིག་བསྐྲུན་ཡོད་པ་དང་། དེ་བཞིན་ཏཱ་ལའི་བླ་མ་མཆོག་གིས་མི་མང་ལ་སྟབས་བདེ་གནང་ཡོད་པ་རེད། ང་ཚོ་ལྟ་བུ་ཕྱི་སྡོད་རྒྱ་རིགས་གྲགས་ཆེན་དང་། ཡང་ན་དཀྱུས་མ་ཚོས་ཀྱང་དབུ་མའི་ལམ་ལ་ཚད་མཐོའི་ངོས་འཛིན་བྱེད་ཀྱི་ཡོད། ༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ནི་ལྷག་བསམ་རྣམ་དག་ཅིག་ཡིན་པ་ལས་དེ་ལ་མགོ་སྐོར་གྱི་རང་བཞིན་གང་ཡང་མེད་ཀྱང་། རྒྱ་ནག་གཞུང་གི་ཕྱོགས་ནས་དབུ་མའི་ལམ་ནི་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཡིན་སྐོར་བརྗོད་དེ་དང་ལེན་བྱེད་ཀྱི་མེད་པ་རེད། གལ་སྲིད་ཁོ་ཚོས་ཁྱེད་ཀྱི་དབུ་མའི་ལམ་དེ་ལྷག་བསམ་རྣམ་དག་ཡིན་པ་དང་ལེན་བྱས་པ་ཡིན་ན་སྟབས་བདེ་ཡོད་པ་མ་རེད། དེའི་ཕྱིར་དབུ་མའི་ལམ་ལ་གནད་དོན་འདུག རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཏཱ་ལའི་བླ་མས་ངན་སེམས་བཅངས་འདུག་སོགས་བརྗོད་པ་ཡིན་ན། ད་གཟོད་ཁོ་ཚོ་མཉམ་དུ་སྐད་ཆ་བཤད་མི་དགོས་པ་དང་གནད་དོན་ཐག་གཅོད་མི་དགོས་པས་ཁ་གཡར་ས་འཚོལ་གྱིན་ཡོད་པ་རེད། གལ་སྲིད་ཁོ་ཚོས་དངོས་གནས་གནད་དོན་ཐག་གཅོད་འདོད་ཡོད་ན། ཁྱེད་ཀྱིས་དབུ་མའི་ལམ་མ་གླེང་བར་གཞན་ག་རེ་གླེང་བ་ཡིན་ནའང་ཁོ་ཚོས་ཁྱེད་དང་མཉམ་དུ་གླེང་མོལ་བྱེད་ངེས་རེད། ཡིན་ནའང་། ཁོ་ཚོར་གནད་དོན་ཐག་གཅོད་བྱེད་འདོད་མེད་པར་བརྟེན་དང་ལེན་བྱེད་ཀྱི་མེད་པ་རེད། རྒྱ་ནག་གཞུང་ལ་ད་ལྟ་དབུ་མའི་ལམ་གྱི་ཐོག་ནས་མདུན་ལམ་གང་ཡང་མེད་ཀྱང་། མ་འོངས་པར་ཡང་མདུན་ལམ་མེད་པ་ཡིན་མིན་སུས་ཀྱང་ཁ་ཚོན་བཅད་ནས་བཤད་ཐུབ་པ་རེད། འོན་ཀྱང་། ང་རང་སྒེར་གྱི་ངོས་ནས་བཤད་ན། གལ་སྲིད་རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཀྱི་ཐོག་ནས་དབུ་མའི་ལམ་ནི་ཡག་པོ་དང་ཡང་དག་གི་བྱེད་ཐབས་ཤིག་ཡིན་ལ། ངེས་པར་དུ་ལྷག་བསམ་རྣམ་དག་གིས་དང་ལེན་དགོས་པའི་ངོས་འཛིན་མ་བྱས་པ་ཡིན་ན། ཆེས་མ་མཐར་ཡང་ཧན་མི་རིགས་མང་པོའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད། འདིར་སྣང་ཆུང་བྱེད་མི་རུང་བའི་གནད་དོན་གཉིས་ནི་གཅིག་ད་ལྟ་ཕྱི་སྡོད་རྒྱ་མིས་བོད་ཀྱི་རང་དབང་ཐོག་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་སྟབས།  དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་བདེན་དོན་དང་ད་ལྟའི་གནས་སྟངས་ཤེས་རྟོགས་ཐུབ་པ་བཟོས་ཏེ་ནུས་པ་འདོན་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་ཡང་། རྒྱ་ནག་གཞུང་དངོས་གནས་དམངས་གཙོ་ཅན་དུ་གྱུར་བ་དང་། བོད་དོན་ཐག་གཅོད་བྱེད་འདོད་ཡོད་པ་ནའང་དེ་འདྲ་ལས་སླ་བོ་ཡོད་པ་མ་རེད། ད་ལྟ་ཧན་མི་རིགས་དང་ཕྱི་སྡོད་རྒྱ་མི་མང་པོས་དབུ་མའི་ལམ་བརྒྱུད་དེ་བོད་དོན་སྐོར་སྔར་ལས་མང་པོ་ཤེས་རྟོགས་བྱུང་ཡོད་ལ། ཡང་དག་པའི་ཁྲིམས་ལུགས་ཀྱི་ཐོག་ནས་ཐག་གཅོད་དགོས་པར་འདོད་ཀྱི་ཡོད། ཁྲིམས་ལུགས་ཀྱིས་ཐག་གཅོད་པ་ཟེར་བ་དེའི་ནང་དོན་ནི་བོད་མི་རང་ཉིད་ཀྱིས་གདམ་ག་བྱ་རྒྱུ་དེ་རེད་བསམ་གྱི་ཡོད། ཅེས་བརྗོད་སོང་།

པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་ཁོང་གིས། པཎ་ཆེན་རྫུན་མའི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། ག་རེ་བྱས་ནས་གལ་ཆེན་པོ་རེད་ཟེར་ན། གུང་ཁྲན་ཏང་གིས་སྲིད་བྱུས་ཀྱི་ཐོག་ནས་༧ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ པར་མཁྲེགས་པོའི་ཚུལ་འཛིན་གྱི་ཡོད་པ་ཧ་ཅང་གསལ་བོ་རེད། དེ་ལ་ཐེ་ཚོམ་ཅི་ཡང་ཡོད་པ་མ་རེད། ག་རེ་བྱས་ནས་རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མ་ངོས་འཛིན་གྱི་ཐོབ་ཐང་ཤུགས་ཆེན་པོས་རྗོད་ཀྱི་ཡོད་པ་རེད་ཟེར་ན། མ་འོངས་པར་ཏཱ་ལའི་བླ་མ་སྐུ་གཤེགས་ཏེ་སྐུ་ཕྲེང་ ༡༥ པ་ངོས་འཛིན་བྱེད་སྐབས། ཁོ་ཚོས་ཏན་ཏན་ཐོབ་ཐང་དེ་དམ་འཛིན་བྱ་རྒྱུ་ཡིན་སྟབས། ཡང་ཏཱ་ལའི་བླ་མ་བདེན་རྫུན་གཉིས་བྱུང་དུ་བཅུག་སྟེ་དཀའ་རྙོག་མང་པོ་འབྱུང་ངེས་རེད། ཁོ་ཚོས་ཐབས་ཇུས་དེ་གཏན་ཁེལ་ཚར་བ་རེད་ལ། ཏན་ཏན་དེ་འདྲ་བྱ་རྒྱུ་ཡིན་པས་ཐོབ་ཐང་ཤུགས་ཆེན་པོས་རྗོད་ཀྱི་ཡོད་པ་རེད། ངས་བསམ་ན་ཆེས་མ་མཐར་ཡང་བོད་ཕྱི་ནང་གི་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་པཎ་ཆེན་རྫུན་མ་དེ་དང་ལེན་མི་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། མ་འོངས་པར་ང་ཚོས་རྒྱལ་སྤྱིའི་ཐོག་པཎ་ཆེན་བླ་མའི་གནད་དོན་དེ་གཙོ་གནད་དུ་བཟུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་གོ་རུ་འཇུག་དགོས་པ་རེད། རྒྱལ་སྤྱིའི་ཐོག་ནས་ཡང་སྲིད་སོགས་ཀྱི་སྐོར་ལ་ཧ་གོ་མཁན་ཧ་ཅང་ཉུང་ཉུང་པས་དེ་ཚོ་གསལ་བོ་བཟོ་དགོས་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ནས་པཎ་ཆེན་རྫུན་མ་དེ་དང་ལེན་བྱ་རྒྱུ་ཡོད་པ་ མ་རེད་བསམ་གྱི་འདུག གལ་སྲིད་དང་ལེན་བྱས་པ་ཡིན་ན་དོང་ཞིག་བརྐོས་ཏེ་རང་ཉིད་ནང་དུ་མཆོངས་བ་ལྟ་བུ རེད། ཅེས་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. མི་རྒོད། says:
    ལོ་ 10 སྔོན།

    གཏམ་བཤད་འདི་གང་ཟེར་ འདི་ཟེར་ཅི་ཡང་གསལ་ཁ་མིན་འདུག་ རྗེས་སུ་ག་ལེ་དཔྱད་ཆོག་པ་རེད་མི་འདི་ལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese