མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོ་ཚེ་ཧྭོའུ་ཡི་བྱ་ངན་དག་གཙང་འཕྱག་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་བཅིངས་འགྲོལ་དམག་མི་ཟེར་བར་གཏམ་བཤད་སྤེལ་ཏེ། རྒྱ་ནག་གི་དམག་ཁུལ་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོར་ཉེན་བརྡ་བཏང་ཡོད་འདུག

དེ་རིང་ཚེས་ ༢༠ ཉིན་རོའུ་ཊར་གསར་ལམ་དུ་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་ནག་གི་དཔོན་རིགས་ཚོར། འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁུལ་གཙོས་རྒྱལ་ནང་གི་ཚབས་ཆེ་བའི་ལྐོག་ཟ་རུལ་སུངས་རྩ་སློག་བཏང་སྟེ། དམག་མི་ཚོས་རང་གི་མེས་པོ་གསར་བརྗེ་བ་ཚོའི་འོད་སྟོང་འབར་བའི་གཟི་བརྗིད་དང་། ཁོང་ཚོ་ལྐོག་ཟ་རུལ་སུངས་ཀྱི་ལས་སུ་གཞོལ་མ་མྱོང་བའི་མིག་དཔེ་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ལུགས་བསྒྲགས་འདུག

གནས་ཚུལ་དེའི་ནང་མུ་མཐུད་བཀོད་དོན། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་བདག་པོར་གྱུར་བའི་སྲིད་འཛིན་ཞི་ཅིན་ཕེན་གྱིས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁུལ་གྱི་ལྐོག་ཟ་རུལ་སུངས་དམིགས་འབེན་གཙོ་བོར་བཟུང་སྟེ། ཉེ་བའི་ཆར་ཆེས་མཐོའི་དཔོན་རིགས་ཁག་ཅིག་ལྐོག་ཟ་རུལ་སུངས་ཀྱི་ཉེས་འགེལ་འོག་ཚར་བཅད་པ་དང་། དེའི་ཁྲོད་དུ་ན་ནིང་ཕྱི་ཟླ་ ༣ ནང་འབྲས་སྐྲན་གྱིས་འདས་པའི་མི་དམངས་བཅིངས་འགྲོལ་དམག་གི་ཆེས་མཐོའི་དམག་དཔོན་ཟུར་བ་ཞོ་ཚེ་ཧྭོའུ་ (Xu Caihou) ཡང་ཚུད་ཡོད། (ཞོ་ཚེ་ཧྭོའུ་ཟེར་བ་དེ་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཡིན་ཞིང་། དེང་སྐབས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གོ་དབང་ཡོད་ཚད་སྲིད་འཛིན་ཞི་ཅིན་ཕིན་གྱིས་བཟུང་ཡོད)

རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་ ༡༠ ནང་སྐུ་ཞབས་ཞོ་ཚེ་ཧྭོའུ་ཡིས་དམག་ཁུལ་གྱི་དཔོན་རིགས་ཚོའི་གོ་གནས་སྤོར་འཐེན་བར་ནས་ལྐོག་ཟ་རུལ་སུངས་བྱས་ཡོད་ལུགས་བསྒྲགས་པ་དང་། ཉེ་ལམ་རྒྱ་ནག་བྱང་ཤར་གྲོང་ཁྱེར་ཁྲང་ཁྲུན་ (Changchun) ནང་དམག་དོན་ཚོགས་ཆེན་བསྡུས་པའི་སྟེང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་འཐབ་རྩོད་ལ་བྱེད་ནུས་ཆེན་པོ་ཐོན་ཐུབ་ཀྱི་མེད། ཅེས་དང་། ཁ་སང་ཉིན་རྒྱབ་རྒྱལ་སྲུང་ལྷན་ཁང་ནས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། ཁོས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་ཐུབ་ཀྱི་མེད་པའི་གནད་དོན་གཙོ་བོ་དེ་ཞོ་ཚེ་ཧྭོའུ་ཡི་སྒྲིག་སྲོལ་གྱི་རྩ་བ་བརྟན་ཞིང་རྒྱལ་ཁྲིམས་བཤིག་མཁན་ཚོའི་འགོག་སྲུང་བཙན་པའི་རྐྱེན་གྱིས་ཡིན་ཞེས་བརྗོད་འདུག ཡང་ཁོས་ཞོ་ཚེ་ཧྭོའུ་ཡི་བསམ་བློ་དང་ཆབ་སྲིད། སྒྲིག་འཛུགས་དང་བྱ་འགུལ་ལག་བསྟར་བྱེད་ཕྱོགས་ཀྱི་བྱ་ངན་ཡོངས་རྫོགས་གཙང་འཕྱག་བྱས་ཏེ། ༡༩༤༩ ལོར་རྒྱལ་ནང་གི་ཟིང་འཁྲུག་ལས་རྣམ་པར་རྒྱལ་བའི་དམར་ཤོག་རིང་ལུགས་ཀྱི་དམག་དོན་ལམ་ལུགས་སུ་ཕྱིར་བསྐྱོད་ཏེ། སྐབས་དེའི་འོད་སྟོང་ལྡན་པའི་སྲིད་ཇུས་ལམ་ལུགས་ལག་བསྟར་དགོས་སྐོར་བརྗོད་འདུག

གནས་ཚུལ་བཀོད་གསལ་ལྟར་ན། སྲིད་འཛིན་ཞི་ཅིན་ཕེན་གྱི་གཏམ་བཤད་འདི་དག ‘གོ་ལའི་དུས་བབ’དང‘དམར་ཤོག་ཚོགས་པའི་དཔོན་རིགས་ཚོའི་ཉིན་རེའི་གསར་འཕྲིན’སོགས་རྒྱ་ནག་ནང་རྒྱུག་ཆེ་བའི་གཞུང་འབྲེལ་གསར་ཤོག་ཁག་གི་སྟེང་སྤེལ་ཏེ། འདི་ནི་སྲིད་འཛིན་ཞི་ཅིན་ཕེན་དམར་ཤོག་ཚོགས་པའི་སྲིད་སྟེགས་སྟེང་བསྡད་ནས་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཟུར་བ་ཞོ་ཚེ་ཧྭའུ་ཡི་ཉེས་མིག་བགྲངས་པ་ཐོག་མ་ཡིན་རབས་གླེང་གི་འདུག མ་ཟད་དེང་སྐབས་མི་དམངས་བཅིངས་འགྲོལ་དམག་ཁུལ་ནས་དགོངས་པ་ཞུས་ཟིན་པའམ། ད་དུང་ལས་གནས་སུ་འཇུག་བཞིན་པའི་དཔོན་རིགས་ཚོར། མི་དམངས་བཅིངས་འགྲོལ་དམག་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚབས་ཆེ་བར་བརྟེན། དམག་རྒྱག་གི་སྟོབས་ཤུགས་ལ་ཤན་ཤུགས་ཚབས་ཆེན་ཐེབས་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

རྒྱ་ནག་གི་དམག་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། ༡༩༩༠ ལོ་ནས་བཟུང་རྒྱ་ནག་གཞུང་གིས། དམག་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་དྲག་གནོན་ཤུགས་ཆེན་བྱས་ཏེ། མི་དམངས་བཅིངས་འགྲོལ་དམག་གི་དམག་ཆས་ཉོ་འཚོང་ལས་རིགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་ནའང་། རྒྱལ་ནང་གི་དམག་དོན་ཞིབ་བཤེར་དང་སྙོམས་སྒྲིག་ལས་གཞི་འཐུས་ཤོར་བྱུང་བའི་རྐྱེན་པས། ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རྒྱལ་ཁབ་ཀྱི་དཔལ་འབྱོར་འདུ་འགོད་ནང་ཚུད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༥ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢༡ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese