མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིན་ཅི་ཧྭ་ཏང་ནས་ཕྱིར་འཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་གྲོས་མོལ་ཚོགས་འདུ་ཞིག་བསྐོངས་ཏེ། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ཟུར་བ་ལིན་ཅི་ཧྭ་དངོས་སུ་ཏང་དང་རྒྱལ་ཁབ་ཀྱི་གོ་གནས་ནས་ཕབ་པ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ཁྲིམས་འཛིན་ཁང་དུ་བསྐྱལ་ཡོད་པ་ཁྱབ་བསྒྲགས་བྱས་འདུག

སྔ་ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱི་ཞིབ་བཤེར་སྐབས་ལིན་ཅི་ཧྭ་(Ling Jihua) ཡི་གྱོད་གཞི་ཐོན་རྗེས། སྔ་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༢ ཉིན་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཚོགས་ཆེན་སྟེང་ལིན་ཅིན་ཧྭ་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཁ་སང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་༼ ལིན་ཅི་ཧྭ་ཡི་ཚབས་ཆེའི་སྒྲིག་འགལ་གྱོད་དོན་སྙན་ཐོ།༽ ཞེས་པ་ཞིག་བཏོན་རྗེས། ཆབ་སྲིད་ལྷན་ཁང་གིས་ལིན་ཅི་ཧྭ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ནས་གནས་དབྱུང་བཏང་སྟེ། གྱོད་གཞི་ཡོད་ཚད་ཁྲིམས་འཛིན་ཁང་དུ་བསྐྱལ་ཏེ་ཁྲིམས་ལུགས་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་ཡོངས་ཁྱབ་ཏུ་བསྒྲགས་འདུག

ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལིན་ཅི་ཧྭ་ལ་ཞིབ་བཤེར་བྱས་པའི་བརྒྱུད་རིམ་ཁྲོད། དབང་ཆ་སྒེར་སྤྱོད་བྱས་ཏེ་རང་ཉིད་དང་ནང་མི་ཚོས་གཞན་གྱི་ལྐོག་རྔན་འབོར་ཆེན་བླངས་པ་དང་། བུད་མེད་མང་པོར་ཚུལ་མིན་ཆགས་སྲེད་བྱས་པ། གཞན་གྱི་ནག་ཉེས་འགེབ་སྲུང་བྱས་པ་སོགས་ཀྱི་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པ་དང་། ཁོའི་ནང་མི་དང་སྐྱེས་སྨན་སོགས་ཀྱིས་ཀྱང་ཁྲིམས་འགལ་ཚོང་ལས་གཉེར་ཏེ་ཁེ་སངས་ཆེན་པོ་བླངས་པ་སོགས་བགྲང་ཡོད་ཅིང་། ད་དུང་དོགས་གཞི་གཞན་ཡང་ཡོད་པ་སོགས་འཁོད་འདུག

ཧོང་ཀོང་གསར་འགྱུར་བརྒྱུད་ལམ་ཐོག་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་རྒྱུར། ལིན་ཅི་ཧྭ་ལ་དབུས་བརྙན་འཕྲིན་ཆབ་སྲིད་སྡེ་ཚན་གྱི་མདོ་འཛིན་པར་ལྐོག་འབྲེལ་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་བཞུགས་སྐབས། ཀྲུང་ནན་ཧེ་ཡི་ཁ་པར་ལས་ཁུངས་ཀྱི་ཞབས་ཞུ་མ་ཞིག་ཀྱང་ཟུར་བསྟན་དུ་ཉར་ཏེ་མཐོ་རིམ་དཔོན་རིགས་ཚོར་ལྟ་སྲུང་སྟངས་འཛིན་བྱས་ཡོད་པ་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༧ ཉིན་པའོ་ཞོན་དྲ་བས་གནས་ཚུལ་སྤེལ་བའི་ནང་། ལིན་ཅི་ཧྭ་ཡི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་དོན་དེ་རྒྱ་ནག་དབུས་གཞུང་གིས་པེ་ཏཱེ་གཙང་བོའི་ཚོགས་འདུའི་སྔོན་ལ་ཐག་གཅོད་བྱ་སྲིད་པ་དང་། གུང་ཁྲན་ཏང་གི་མཐོ་རིམ་དཔོན་རིགས་ཚོས་ལིན་ཅི་ཧྭ་ལ་ནག་ཉེས་དྲུག་འགེལ་སྲིད་སྐོར་བཀོད་པའི་ནང་། གོང་རིམ་ལ་དོན་དངོས་སྦ་གསང་བྱས་པ་དང་། ཏང་གི་མཐོ་རིམ་དཔོན་རིགས་ཚོའི་འཛིན་སྐྱོང་འདེམ་སྒྲུག་གི་ཁེ་དབང་རྒྱུན་རིང་བླངས་པ། ཕྱིའི་བརྒྱུད་ལམ་བེད་སྤྱོད་བཏང་སྟེ་དཀྲོག་གཏམ་དང་ཏང་ནང་གི་འཐབ་རྩོད་བསྒྲགས་པ།  རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ། ཁོའི་བུ་ལིན་ཀོ་ (Ling Gu)ཡི་རླངས་འཁོར་དོན་རྐྱེན་གྱི་དཔང་རྟགས་བུད་མེད་བསད་པ། རང་ཉིད་སྒེར་དང་ཁྱིམ་རྒྱུད་ཀྱིས་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པ་བཅས་བགྲངས་སྲིད་ཅེས་འཁོད་ཡོད་འདུག

ཟླ་འདིའི་ཚེས་ ༨ ཉིན་ཨ་རིའི་རླུང་འཕྲིན་རྒྱ་སྐད་སྡེ་ཚན་གྱིས་པའོ་ཞོན་གསར་འགྱུར་ལས་ཁང་གསར་གཏོད་མཁན་ཝེ་ཧྲི་ (Wei Shi)ལ་བཅའ་འདྲི་བྱས་པའི་ནང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཕྱི་ལོགས་ཀྱི་གླེང་བཞིན་པའི་ནག་ཉེས་དྲུག་དེ་ལིན་ཅི་ཧྭ་ལ་བགྲང་མི་སྲིད། ཡིན་ན་ཡང་། མཐའ་མཇུག་རྒྱ་གཞུང་དང་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་གཉིས་ཀྱི་ཐག་གཅོད་ལ་རག་ལས་ཡོད། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་བདེ་འཇགས་ལས་བྱེད་ཚོས་དུས་རྒྱུན་ལིན་ཝན་ཁྲིན་ལ་ཁ་ཏ་བྱས་ཏེ། ཕྱིར་རང་རྒྱལ་དུ་ལོགས་འཐབ་བྱེད་བཞིན་ཡོད་སྟབས་རྒྱ་ནག་གཞུང་གིས་ལིན་ཅི་ཧྭ་ལ་གུ་ཡངས་ཏོག་ཙམ་གཏོང་ངེས་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese