མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཙི་མེན་གྱི་ནག་ཉེས་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁྲི་ ༡༠ ལྷག་གིས་ཅང་ཙི་མེན་གྱི་ཁྲིམས་འགལ་ནག་ཉེས་ཞུ་གཏུག་བྱས་ཡོད་འདུག

ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ཆེད་གཉེར་དྲ་བ་མིན་ཧེ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དྲ་བ་དེ་བརྒྱུད་ལོ་གཅིག་གི་ཡར་སྔོན་ནས་བཟུང་ཅང་ཙི་མེན་གྱི་ནག་ཉེས་ཞུ་གཏུག་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ པ་ནས་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བར་དུ། རྒྱ་ནག་སྐམ་སའི་ནང་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་འབྲེལ་ཡོད་ཁྱིམ་མི་བཅས་མི་གྲངས་འབུམ་གཅིག་(༡༠༣,༦༠༥) ལྷག་གིས། ཅང་ཙི་མེན་གྱི་གཙོས་འབྲེལ་ཡོད་མཐོ་རིམ་དཔོན་རིགས་ ༡༠ ཡི་ཁྲིམས་འགལ་ནག་ཉེས་ཁྲི་ ༨ (༨༤,༨༣༥)ལྷག་རྒྱ་ནག་ཆེས་མཐོའི་ཞིབ་བཤེར་ཁང་དང་ཁྲིམས་ཁང་། ཉེན་རྟོག་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཚང་མར་གཏུག་བཤེར་ཡི་གེ་སྤྲད་ཡོད་པ་དང་། དེའི་ནང་ཕྱིའི་རྒྱལ་ཁབ་དང་ས་ཁུལ་ཁག་ ༢༤ ནས་གནོད་འཚེ་ཐེབས་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༡༠༧༨ མཉམ་ཞུགས་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཨེ་ཌི་མོན་ཊོན (Edmonton)དུ། ས་གནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པས་རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་གནོད་འཚེ་གཏོང་བའི་གནད་དོན་ཐད་རྒྱལ་སྤྱིའི་ཐོག་ནས་དོ་ཁུར་དགོས་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མེན་གྱིས་སྣེ་ཁྲིད་དེ་རྩ་རླུང་སྒོམ་སྒྲུབ་པ་ཚོར། འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་དྲག་སྤྱོད་སྤེལ་བ་ཁྲིམས་གཏུག་བྱེད་པར་རོགས་རམ་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྩ་རླུང་སྒོམ་སྒྲུབ་པ་ཀྲི་ཌི་ཟེར་བ་ཞིག་གིས་གསར་འགོད་པར། རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་གནོད་འཚེ་བཏང་བའི་དྲག་སྤྱོད་ནང་མི་གྲངས་ས་ཡ་ལོངས་བ་བཙོན་འཇུག་བྱས་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་སྟོང་ཕྲག་མང་པོར་ཚད་ལས་བརྒལ་བའི་མནར་གཅོད་དང་བཙན་གཡེམ་སོགས་བྱས་ཡོད་པ་མ་ཟད། མི་ཁྲི་ ༦ ལྷག་ལྐོག་གསོད་བྱས་ཡོད་པ་དང་། ཁྱིམ་ཚང་ས་ཡ་མང་པོར་གནོད་སྐྱོན་བཟོས་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་རྒྱ་ནག་ནང་ཡོད་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཞིག་གིས་ཅང་ཙི་མེན་གྱི་ནག་ཉེས་ཡོངས་ཁྱབ་ཀྱིས་ཐེར་འདོན་བྱས་ཡོད་པ་མ་ཟད། ཅང་ཙི་མེན་ལ་ཁྲིམས་ཐག་གཅོད་རྒྱུ་ག་ཚོད་མགྱོགས་ན་དེ་ཚོད་ཀྱིས་ཡག་པོ་འདུག མི་སུ་ཞིག་ཡིན་ནའང་མི་ངན་དེར་སྡང་སེམས་འཛིན་ངེས་རེད། མི་མང་གི་ཆེད་དུ་བྱ་བ་ལེགས་པོ་ཅུང་ཙམ་ཡང་མ་བསྒྲུབས་པར་མི་མང་དེ་འདྲ་མང་པོ་བསད་པ་རེད། ཆོས་ལུགས་དད་ལྡན་པ་ཚོ་འཛིན་བཟུང་བྱས་ཏེ་གནོད་འཚེ་བཏང་བ་མ་ཟད། མི་གསོན་པོའི་དབང་པོ་བཀོག་ཏེ་དངུལ་ལ་བརྗེ་མཁན་གྱི་ཅང་ཙི་མེན་ལྟ་བུའི་མགོ་ཁྲིད་ཅིག་ཁྱོན་ནས་བྱུང་མྱོང་ཡོད་པ་མ་རེད། ཅེས་བརྗོད་འདུག

ཆོས་འཁོར་རྩ་རླུང་གི་ལོ་རྒྱུས་ནང་བཀོད་པ་ལྟར་ན། ཕྱི་ལོ་ ༡༩༨༠ པའི་མཇུག་དང་༡༩༩༠ པའི་ལོ་སྟོད་དུ། རྒྱ་ནག་ནང་སླར་ཡང་དྲག་རྩལ་གྱི་བྱ་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་བའི་སྐབས་དང་བསྟུན་ཏེ། རྒྱ་ནག་ཅི་ལིན་ཞིང་ཆེན་ཁྲང་ཁྲིན་གྲོང་ཁྱེར་གྱི་ཟས་རིགས་བཟོ་གྲྭ་ཞིག་གི་ལས་བྱེད་ལི་ཧོང་ཀྲི་ཟེར་བ་ཞིག་གིས། ཕྱི་ལོ་ ༡༩༩༢ ལོར་རྒྱ་ནག་ནང་ཆོས་འཁོར་རྩ་རླུང་ཐོག་མར་དར་སྤེལ་བཏང་བ་ནས་བཟུང་སྟེ། ཕྱི་ལོ་ ༡༩༩༤ བར་དུ་རྒྱ་ནག་རྒྱལ་ཡོངས་ནང་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༥ ལོར་ཧྥ་རན་སིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལི་ཧོང་ཀྲི་རྒྱལ་ས་ཕ་རི་སིར་མགྲོན་འབོད་བྱས་པ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུའང་དར་ཁྱབ་ཏུ་ཕྱིན་ཡོད་འདུག འོན་ཀྱང་། ཕྱི་ལོ་ ༡༩༩༩ ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མེན་གྱི་བཀའ་བཀོད་འོག རྒྱ་ནག་ཉེན་རྟོག་ཁང་གིས་རྒྱལ་ཡོངས་ནང་ཆོས་འཁོར་རྩ་རླུང་ནི་ལོག་ཆོས་ཤིག་ཡིན་ལ། དེས་སྲིད་གཞུང་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་ཉེས་མིང་བསྒྲགས་ཏེ། ཆོས་འཁོར་རྩ་རླུང་ཉམས་ལེན་པ་ཚོ་དམར་གསོད་དང་བཙན་གནོན་ཡ་ང་བ་བྱས་ཡོད་པར་བརྟེན། ཆོས་འཁོར་རྩ་རླུང་གསར་གཏོད་པ་ལི་ཧོང་ཀྲི་ལགས་དང་ཁོང་གི་རྗེས་འཇུག་པ་སྟོང་ཕྲག་མང་པོ་ཨ་རི་དང་ཡུ་རོབ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བ་དང་། རྒྱ་ནག་ནང་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཀྱི་ཚོགས་པ་ཁག་འཐོར་ཞིག་ཏུ་ཕྱིན་ཏེ། ཕྱི་ཚུལ་ནས་བལྟས་ན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྩ་མེད་དུ་གྱུར་བ་ལྟ་བུ་བཟོས་ཡོད་ཀྱང་། གནད་ཡོད་མི་སྣ་ཚོས་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༧༠ ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ས་ཡ་བརྒལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ ༡༠༠ ལྷག་གིས་ཆོས་འཁོར་རྩ་རླུང་ཉམས་ལེན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༦ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese