མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཝེ་ཝེ་ཡི་ཐོངས་མཆན་ལ་ཚོད་འཛིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ལགས་སུ་ཉིན་གྲངས་ ༢༠ ལས་ཐོངས་མཆན་སྤྲད་མི་འདུག

ཟླ་འདིའི་ཚེས་ ༢༩ ཉིན་པེ་ཅིན་ནང་རྟེན་གཞི་བྱས་པའི་དབྱིན་ཡུལ་གྱི་གཞུང་ཚབ་ཁང་གིས། རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ལགས་སུ་ཡི་གེ་ཞིག་བཏང་སྟེ། ཁོང་གིས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་བླ་ན་མེད་པའི་སྒྱུ་རྩལ་བརྩམས་ཆོས་བསྟི་གནས་ (Royal Academy of Arts) ཁང་དུ། བརྩམས་ཆོས་འགྲེམས་སྟོན་ཞིག་བྱ་ཆེད་ཟླ་དྲུག་རིང་གི་ཐོངས་མཆན་ཞུས་ཡོད་ཀྱང་། ཁོང་གིས་འགེངས་ཤོག་ནང་དེ་སྔོན་ནག་ཉེས་གང་བསགས་ཀྱི་གནས་ཚུལ་གང་ཡང་བཀོད་མེད་སྟབས། ཁོང་ལ་ཉིན་གྲངས་ ༢༠ རིང་གི་ཐོངས་མཆན་ལས་སྤྲོད་རྒྱུ་མིན་པ་ཕྱི་བསྒྲགས་བྱས་ཡོད་འདུག

བྷི་བྷི་གསར་ཁང་གིས་པེ་ཅིན་ནང་ཡོད་པའི་དབྱིན་ཡུལ་གཞུང་ཚབ་ཁང་གི་ཐོངས་མཆན་ལག་འཁྱེར་ཞུ་སྦྱོར་ཚན་པས་ཨེ་ཝེ་ཝེ་ལ་བཏང་བའི་ཡི་གེའི་ནང་དོན་ལུང་འདྲེན་བྱས་པར། ཨེ་ཝེ་ཝེ་ཡིས་དབྱིན་ཡུལ་གྱི་ཐོངས་མཆན་ཞུ་ཕྱོགས་ཀྱི་སྒྲིག་སྲོལ་ལ་བརྩི་འཇོག་མ་བྱས་པར་སྙན་ཞུའི་འགེངས་ཤོག་ནང་ནག་ཉེས་གང་བསགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་མེད་ཀྱང་། ང་ཚོས་ཁོང་ལ་དམིགས་བསལ་བཏང་སྟེ་དབྱིན་ཡུལ་ནང་འགྲོ་རྒྱུའི་དུས་ཚོད་ལ་ཚད་བཀག་བཟོས་ཏེ་ཆོག་མཆན་སྤྲད་ཡོད། མ་འོངས་པར་ཁོང་གིས་ཐོངས་མཆན་ཞུ་སྐབས་འགེངས་ཤོག་ནང་སྔར་བྱས་ནག་ཉེས་གང་བསགས་ཀྱི་གནས་ཚུལ་མ་བཀོད་ན། སྒྱུ་རྩལ་བ་ཁོང་དབྱིན་ཡུལ་ནང་ལོ་ ༡༠ རིང་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་སྲིད་པ་རེད། ཅེས་བརྗོད་འདུག

སྤྱི་ཚོགས་དྲ་རྒྱ་ཨིན་སི་ཌ་གྷ་རམ་ (Instagram) ཐོག་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་ཆེད་བསྒྲགས་ཤིག་གི་ནང་འཁོད་དོན། ངས་དབྱིན་ཡུལ་གྱི་གཞུང་ཚབ་ཁང་དང་ཡུལ་མི་གནས་སྤོ་ལྷན་ཁང་ལ་ཁ་པར་ཐེངས་མང་བཏང་སྟེ། ད་བར་རྒྱལ་ཁྲིམས་ལ་རྡོག་རོལ་བཏང་བའི་ནག་ཉེས་གང་ཡང་བསགས་མེད་པ་གསལ་བཤད་བྱས་པ་ཡིན་ཡང་། ཁོ་ཚོས་ངའི་སྐད་ཆར་ཉན་འཇོག་མ་བྱས་པར་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ། ངས་ནག་ཉེས་བསགས་ཡོད་པ་ཁུངས་ལྡན་ཡིན་སྟབས། ད་ཐེངས་ཐག་གཅོད་འདི་བྱས་པ་ཡིན་སྐོར་བརྗོད་བྱུང་། ཅེས་བཀོད་འདུག

༢༠༡༡ ལོའི་ ༤ ཚེས་ ༣ ཉིན་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ལགས་པེ་ཅིན་གནམ་ཐང་དུ། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་གིས་ཉིན་ ༨༡ རིང་བཀག་ཉར་བཙོན་འཇུག་དང་། ཁོང་གི་ཕྱི་བསྐྱོད་ལག་ཁྱེར་ལོ་བཞིའི་རིང་གཞུང་བཞེས་བཏང་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་ཨེ་ཝེ་ཝེ་བཀག་ཉར་བྱས་པ་དེ་ནི་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཤེས་ལྡན་པ་དག་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་བཞིན་པའི་མཚོན་རྟགས་གསལ་ཤོས་ཤིག་ཡིན་སྐོར་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། ༢༠༡༡ ལོའི་ཟླ་ ༦ ཚེས་ ༢༡ ཨོ་སི་ཊོ་ལི་ཡའི་སྒྱུ་རྩལ་བ་ ༧༠ ལྷག་གིས་ཁོང་ཀློད་གྲོལ་དགོས་སྐོར་གྱི་མི་མང་ཁྲི་ ༡༤ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་ཕྱི་བསྒྲགས་བྱས་སྟབས། ལོ་དེའི་ཟླ་ ༦ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། པེ་ཅིན་ཁྲལ་བསྡུ་སྡེ་ཁག་གིས་ཁོང་ལ་རྒྱ་སྒོར་ཁྲི་ ༡༥༠༠ དཔྱ་ཁྲལ་གུན་གསབ་སྤྲོད་དགོས་པའི་བཙན་བཀའ་བཏང་སྟེ་དཔྱ་ཁྲལ་བསྒྲུབས་བཅུག་ཡོད། ༢༠༡༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་བཟང་བཙོན་ལ་བཅུག་སྟེ་ད་བར་ཕྱི་བསྐྱོད་དམ་བསྒྲགས་བྱས་ནས་མི་སུ་གང་དང་ཐུག་ཏུ་བཅུག་མེད་སྟབས། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རྒྱལ་ཁབ་དང་ལྷག་པར་དུ་རྒྱ་ནག་རྒྱལ་ནང་གི་མཁས་པ་དང་སྒྱུ་རྩལ་བ། མང་ཚོགས་བཅས་ཀྱིས་ཁོང་ཀློད་གྲོལ་གཏོང་དགོས་པའི་གནོན་ཤུགས་རབ་དང་རིམ་པ་སྤྲད་པར་བརྟེན།  ཟླ་འདིའི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་ཁོང་ལ་འགྲོ་སྐྱོད་ལག་ཁྱེར་སྤྲད་ཡོད།

ཁ་སང་དབྱིན་ཡུལ་གྱི་སྒྱུ་རྩལ་བ་དང་རྩོམ་པ་པོ་ཚོ་ཁག་ཅིག་གིས་ཕྱི་ཟླ་ ༡༠ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དབྱིན་ཡུལ་ནང་རྒྱལ་དོན་སྐོར་སྐྱོད་བྱ་འཆར་ཡོད་པར་བརྟེན། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ངོ་གདོང་སྲུང་ཆེད་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་ནག་ཉེས་བསགས་ཡོད་ལུགས་བརྗོད་དེ། ཁོང་ཟླ་དྲུག་རིང་དབྱིན་ཡུལ་ནང་སྐྱོད་ཆོག་པའི་ཐོངས་མཆན་སྤྲད་མེད་ཚུལ་བརྗོད་ཡོད་སྟབས། བྷི་བྷི་སི་གསར་འགོད་པས་དབྱིན་ཡུལ་གྱི་ནང་སྲིད་ལྷན་ཁང་ལ་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་ཁྲིམས་འགལ་ནག་ཉེས་གང་བསགས་ཡོད་མེད་གསལ་བཤད་བྱེད་དགོས་སྐོར་བརྗོད་ཡོད་ཀྱང་། ད་བར་ཁོ་ཚོས་བརྡ་ལན་གང་ཡང་སྤྲད་ཡོད་མི་འདུག

དེ་རིང་དབྱིན་ཡུལ་གྱི་གྷར་ཌིན་གསར་ལམ་ཐོག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་བླ་ན་མེད་པའི་སྒྱུ་རྩལ་བརྩམས་ཆོས་བསྟི་གནས་ཁང་གི་འགན་འཛིན་ཌེམ་མཱར་ལའོ་ (Tim Marlow) ལགས་ཀྱིས། དབྱིན་ཡུལ་གཞུང་གིས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་སུ་ཟླ་དྲུག་རིང་གི་ཐོངས་མཆན་མ་སྤྲད་པར་བློ་ཕམ་ཆེན་པོ་སྐྱེས་བྱུང་བས། གཞུང་གིས་གནད་དོན་འདིར་ཞིབ་འཇུག་ནན་མོ་བྱས་ཏེ་གང་མགྱོགས་ངེས་པ་བརྙེད་པའི་ལན་ཞིག་རྒྱག་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་དང་། ཡང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལས་བྱེད་ཇེམ་སི་ (James Savage) ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་ཉེས་མིང་འདྲ་མིན་བཀལ་ཏེ། ཁོ་ཚོའི་མཚན་སྙན་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ནས་ཁོ་ཚོའི་འགྲོ་སྐྱོད་ལ་དམ་དྲག་བཀག་བཀོག་བྱེད་བཞིན་ཡོད་པ་གསལ་གསལ་ཐིང་ཐིང་ཆགས་ཡོད་ཀྱང་། དབྱིན་ཡུལ་གཞུང་གིས་ཁོང་གི་ཐོངས་མཆན་གྱི་དུས་འགྱང་ལ་ཚོད་འཛིན་བྱས་པ་དེ་ནི། མི་དཀར་པོར་ཞྭ་མོ་ནག་པོ་གཡོགས་པ་ཞིག་རེད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༡ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 2

  1. མི་རྒོད། says:
    ལོ་ 11 སྔོན།

    དབྱིན་ཇི་འདི་ཡག་པོ་ཞེ་པོ་གཅིག་དང་གང་ཡོང་ ཡིན་ཡང་ད་ག་རེད་ད་ཨོ་འགྲན་རྩེད་མོར་དམིགས་ནས་ང་ཚོ་མགོ་སྐོར་རྩིས་བྱས་པ་རེད།།།

    Reply
  2. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    རྒྱ་ནག་དམར་གཞུང་ལ་དགུན་ཁའི་ཨོ་རྩལ་མགྲོན་བདག་བྱེད་པའི་འོས་བབས་ཡོད་མེད་ཀྱི་གླེང་གཞི་ཞིག་ཡོང་གི་ཡོད་པའི་མཚམས་སུ་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀྱི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་སྤྲོད་ཡོངས་གྲགས་དང་། དོན་དམ་པའི་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་བཙོན་གྲོལ་བཏང་བ་སོགས་འགྲེལ་བ་ཡོད་མེད་ཇི་ལྟར་ཡང་འཁྲབ་ཚན་དེ་ཚོ་དང་ལྷན་ཅིག་ཏུ་རྒྱ་ནག་ལ་དགུན་ཁའི་ཨོ་རྩལ་གྱི་མགྲོན་བདག་རག་པ་རེད། དེ་སྔོན་ ༢༠༠༨ ལོའི་ཨོ་རྩལ་རྒྱ་ནག་ལ་བདེ་བླག་ངང་ཚོགས་ཐུབ་པའི་རེ་སྨོན་གྱི་སྔ་ཞུགས་སུ་བོད་རྒྱའི་དབར་གྲོས་མོལ་ཐེངས་ཁ་ཤས་བྱེད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། ད་རེས་འབྲེལ་མོལ་གྱི་རྣམ་འགྱུར་མ་བསྟན་པ་དེས་གང་ཞིག་མཚོན་གྱི་ཡོད་དམ། ད་རྒྱ་ནག་དེ་རྒྱལ་སྤྱིའི་གཅེས་ཕྲུག་སྲས་སྐུ་ཞབས་ཤིག་ཏུ་གྱུར་མེད་དམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese