མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀོ་པའོ་ཞོན་ཏང་ནས་ཕྱིར་འཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཆེས་མཐོའི་དམག་དཔོན་གཞོན་པ་ཟུར་བ་ཀོ་པའོ་ཞོན་ (Guo Boxing)ཏང་ནས་ཕྱིར་འཕུད་བྱས་ཏེ་རྒྱ་ནག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དམག་དོན་ཞིབ་བཤེར་ལས་ཁུངས་ཏུ་བསྐྱལ་ཡོད་འདུག

ཁ་སང་རྒྱ་ནག་དབུས་དམག་དོན་ཞིབ་བཤེར་ལྷན་ཁང་གིས་ ༼ཀོ་པའོ་ཞོན་ཞིབ་བཤེར་རུ་ཁག་གིས་ཞིབ་བཤེར་བྱེད་པའི་གནས་སྟངས་དང་ཐག་གཅོད་ཀྱི་བསམ་འཆར་སྙན་ཐོ།༽ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཏེ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་ཞིབ་བཤེར་གྲོས་མོལ་བྱས་མཐར། ཀོ་པའོ་ཞོན་ཏང་ནས་ཕྱིར་འཕུད་དང་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག

ཀོ་པའོ་ཞོན་གྱིས་ལྐོག་ངན་འབོར་ཆེན་བླངས་པ་མ་ཟད། གནད་དོན་གཞན་ལའང་དོགས་གཞི་ཡོད་པའི་ཉེས་མིང་འོག་རྒྱ་ནག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དམག་དོན་དཔྱད་ཞིབ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཐག་གཅོད་ལག་བསྟར་བྱ་རྒྱུ་བྱས་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱལ་ཡོད་འདུག ཞི་ཚད་ཧོ་ཏང་ནས་ཕྱིར་འཕུད་བཏང་རྗེས། ཀོ་པའོ་ཞོན་ནི་རྒྱ་ནག་དམག་དཔུང་ནང་གི་གོ་གནས་ལྷུང་པའི་སྟག་རྒན་གཉིས་པ་དེ་ཆགས་ཡོད་སྟབས། ཕྱིའི་བརྒྱུད་ལམ་ཁག་ཏུ་ཅང་ཙེ་མིན་གྱིས་ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་ཀྱི་གོ་གནས་ཡར་འཐེན་བྱས་པས་ཁོ་གཉིས་ལ་ནག་ཉེས་འདྲ་བོ་ཡོད་པ་སོགས་ཀྱི་གླེང་སློང་བྱེད་བཞིན་ཡོད་འདུག

རྒྱ་ནག་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་སྔོན་མ་ནས་ཀོ་པའོ་ཞོན་གོ་གནས་ནས་དབབ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། དམིགས་བསལ་ད་ལོ་ཕྱི་ཟླ་ ༣ པའི་ནང་ཀོ་པའོ་ཞོན་གྱི་བུ་ཀོ་ཀྲིན་ཀོང་ (Guo Zhenggang) ལ་ཞིབ་བཤེར་བྱས་རྗེས། ཀོ་པའོ་ཞོན་མི་འགྱངས་པར་ཞིབ་བཤེར་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག དེ་བཞིན། ལོ་འདིའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་ཤིན་ཧྭ་གསར་ཁང་གིས་དབུས་གཞུང་གིས་ཀོ་པའོ་ཞོན་ཞིབ་བཤེར་བྱ་རྒྱུ་ཡིན་པའི་གནས་ཚུལ་འཁོད་ཡོད་འདུག

དེ་རིང་ཞིན་ཐང་རིན་དྲ་ཚིགས་ཀྱིས་གནས་ཚུས་སྤེལ་བ་ལྟར་ན། ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་འབྲེལ་འདྲིས་ཀྱི་རྗེས་ཤུལ་དང་ལྐོག་ཟ་རུལ་སུངས་བྱས་རྗེས་གོ་གནས་ནས་ལྷུང་བ་སོགས་ནི་ཅང་ཙེ་མིན་ལ་ཐད་ཀར་འབྲེལ་བ་ཡོད་སྐོར་བཀོད་པའི་ནང་། ཕྱི་ལོ་ ༡༩༩༩ ལོར་ཅིང་ཙེ་མིན་གྱིས་རྒྱ་ནག་དབུས་དམག་དཔུང་གཙོ་འཛིན་གྱི་གོ་གནས་རང་དབང་མེད་པར་རྩིས་སྤྲོད་བྱས་རྗེས། ཁོས་ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་ཀྱི་གོ་གནས་གོང་འཕེལ་བཏང་ཡོད་པ་དང་། ༢༠༠༢ ལོར་ཀོ་པའོ་ཞོན་རྒྱ་ནག་དབུས་དམག་དཔུང་གི་འགན་འཛིན་གཞོན་པ་དང་། ༢༠༠༤ ལོར་ཞི་ཚད་ཧོ་ཡང་རྒྱ་ནག་དབུས་དམག་དཔུང་གི་འགན་འཛིན་གཞོན་པའི་གོ་གནས་སུ་བསྐོས་ཡོད་འདུག

ཁ་སང་རྒྱ་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཀོ་པའོ་ཞོན་ལ་ནག་ཉེས་ཆེན་པོ་གསུམ་ཡོད་པ་ནི། ༡། གཞན་གྱི་ཆེད་དུ་གོ་གནས་གོང་འཕེར་སོགས་ཀྱི་ཁེ་ཕན་བླངས་པ། ༢། ནང་མི་ཚོས་ཐད་ཀར་ལྐོག་རྔན་བླངས་ནས་ཁྲིམས་བྱས་པ། ༣། ལྐོག་རྔན་བླངས་པའི་དོགས་གཞིའི་ནག་ཉེས་དང་གནད་དོན་གཞན་བཅས་ཀྱི་བག་ཆགས་ངན་པ་བཞག་པ་བཅས་བཀོད་ཡོད་པ་དང་། དེ་བཞིན་ཞི་ཚད་ཧོ་ཡི་ནག་ཉེས་བསྐྱར་ཞིབ་བྱས་པ་ལྟར་ན། ༡། གཞན་གྱི་ཆེད་དུ་གོ་གནས་གོང་སྤེལ་བཏང་པ་དང་རོགས་སྐྱོར་བྱས་པ། ༢། ནང་མི་བརྒྱུད་ནས་ལྐོག་ངན་འབོར་ཆེན་ཐད་ཀར་བླངས་པ། ༣། དབང་ཆ་སྒེར་སྤྱོད་བྱས་ནས་གཞན་གྱི་ཁེ་ཕན་ལ་གནོད་པ་བྱས་ཏེ་ལྐོག་རྔན་ཧ་ཅང་འབོར་ཆེན་བླངས་པ།

ཁོ་གཉིས་ལ་འདྲ་བའི་ཆ་ཧ་ཅང་མང་བ་དང་། ཁོ་གཉིས་ཀྱིས་གཞན་གྱི་ཆེད་དུ་དབང་ཆ་སྒེར་སྤྱོད་དང་གོ་གནས་གོང་སྤེལ་བྱས་ཡོད་པ་དང་། ནང་མི་བརྒྱུད་ནས་རྒྱུ་ནོར་བླངས་པ་མ་ཟད། ཞི་ཚད་ཧོ་ཡིས་ལྐོག་རྔན་བླངས་པ་དང་། ཀོ་པའོ་ཞོན་གྱི་ལྐོག་རྔན་བླངས་པའི་དོགས་གཞིའི་ནག་ཉེས་དང་གནད་དོན་ཚབས་ཆེ་བ། བག་ཆགས་ངན་བ་བཞག་པ་སོགས་ཁྱད་པར་ཆེན་པོ་མི་འདུག ཁོ་གཉིས་ཀྱི་དབང་ཆ་སྒེར་སྤྱོད་བྱས་ཏེ་གཞན་གྱི་ཆེད་དུ་གོ་གནས་གོང་འཕེལ་སོགས་ཀྱི་ཁེ་ཕན་བླངས་པ་དང་། རང་ཉིད་སྒེར་གྱི་དབང་ཆ་བེད་སྤྱོད་བྱས་ནས་དམག་དཔུང་ནང་གི་དཔོན་རིགས་ཚོའི་གོ་གནས་ཉོ་འཚོང་བྱས་པ་སོགས་ཀྱིས། ཁོ་གཉིས་ཀྱིས་དམག་དཔུང་ནང་ཁུལ་ལ་རུལ་སུངས་ཚབས་ཆེན་བྱས་ཡོད་པ་མཚོན་གྱི་འདུག ཅེས་འཁོད་འདུག

ཕྱི་སྡོད་རྒྱ་རིགས་དཔྱད་ཞིབ་པ་ཚོས། ༢༠༠༤ ལོར་ཅང་ཙེ་མིན་གྱིས་རང་དབང་མེད་པའི་གནས་སྟངས་འོག་དམག་དཔུང་གི་དབང་ཆ་རྩིས་སྤྲོད་བྱས་རྗེས། ཀོ་པའོ་ཞོན་དང་ཞི་ཚད་ཧོ་སོགས་དམག་དོན་གྱི་དབང་ཆ་དུས་ཡུན་རིང་པོར་ཉར་བཅུག་ནས་ཧུའུ་ཅིན་ཐོ་སྟངས་འཛིན་བྱས་ཡོད་པ་མ་ཟད། ཐེངས་མང་པོར་ལྐོག་གསོད་དང་གྱེན་ལོག་བྱ་རྩིས་བྱས་པ་དང་། རྩ་རླུང་ཆོས་འཁོར་གྱི་དབང་བོ་གསོན་ལེན་བྱས་པའི་ནག་ཉེས་སོགས་ཧུའུ་ཅིན་ཐོ་ཡིས་གསལ་བོར་ཤེས་ཀྱི་ཡོད་སྐོར་བརྗོད་འདུག

ཏཱ་ཅི་ཡོན་དྲ་ཚིགས་ཀྱི་དཔྱད་ཞིབ་པ་ཁྲིན་སི་མིན་(Chen Simin)གྱིས། ཞི་ཚད་ཧོའི་གོ་གནས་ནས་ཕབ་སྟེ་འདས་གྲོངས་སུ་ཕྱིན་རྗེས། ཀོ་པའོ་ཞོན་ལ་འདྲི་གཅོད་བྱས་ཏེ་རྒྱ་ནག་དམག་དཔུང་གི་གཙོ་འཛིན་གཞོན་པ་གཉིས་ཕམ་པར་བརྒྱབ་པ་དེས་ཅང་ཙེ་མིན་གྱི་དམག་དཔུང་གི་དབང་ཤུགས་ལ་རྩ་གཏོར་ཆེན་པོ་ཞིག་བཏང་ཡོད་པ་རེད། ཅེས་བརྗོད་འདུག

མདང་དགོང་མཚན་གུང་ལ་ཚད་ཞཱིན་དྲ་བས་དམག་དཔུང་དཔོན་རིགས་ཚོ་གོ་གནས་ཕབ་པར་དབྱེ་ཞིབ་བྱས་པའི་ནང་། དམག་དཔུང་ཁྲོད་ནས་དམག་དཔོན་ ༣༧ ཙམ་ལ་ཞིབ་བཤེར་བྱས་ཡོད་པ་དང་། དེའི་ཁྲོད་དམག་སྤྱི་འབྲང་བ་ ༣ དང་དམག་སྤྱི་ཆུང་པ་ ༣༣ ཡོད་འདུག དེའི་ནང་དུ་ཀོ་པའོ་ཞོན་གྱི་བུ་ཀྲའུ་ཅང་ཞིང་ཆེན་གྱི་དམག་དཔོན་གཞོན་པ་ཀོ་ཀྲིན་ཀོང་ཚུད་ཡོད་པ་སོགས་འཁོད་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༤ སྔོན་ལ།
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

མཆན། 1

  1. ལྷག་བསམ། says:
    ལོ་ 8 སྔོན།

    དམག་དཔོན་འདིའི་སྐོར་ལ་རྒྱ་ནག་གཞུང་གིས་བསྒྲགས་པའི་གསར་འགྱུར།

    ཟླ ༧ པའི་ཚེསས ༣༠ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག ཀྲུང་དབྱང་དམག་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས《ཀུའོ་པའོ་ཞུང་ལ་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་ཚུལ་དང་ཐག་གཅོད་བསམ་འཆར་གྱི་སྙན་ཞུར》གྲོས་ཞིབ་བརྒྱུད་པ་མ་ཟད་གྲོས་འཆམ་བྱུང་སྟེ། ཀུའོ་པའོ་ཞུང་ཏང་ཁོངས་ནས་ཕྱིར་ཕུད་རྒྱུའི་ཉེས་ཆད་བཅད་པ་དང་། ལྐོག་རྔན་བླངས་པའི་བྱས་ཉེས་ཚབས་ཆེན་གྱི་གནད་དོན་དང་ཁུངས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམག་དོན་ཞིབ་དཔྱོད་ལས་ཁུངས་ལ་དབང་ཆ་སྤྲད་པ་ལྟར་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་རེད།

    ༢༠༡༥ལོའི་ཟླ ༤ པའི་ཚེས ༩ ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་སྲོལ་ཡིག་ལྟར་ཀུའོ་པའོ་ཞུང་ལ་རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་པར་ཐག་བཅད། ཞིབ་བཤེར་བྱས་པ་བརྒྱུད། ཀུའོ་པའོ་ཞུང་གིས་ལས་གནས་ཀྱི་སྟབས་དང་བསྟུན་ནས། མི་གཞན་པར་གོ་གནས་སྤོར་བ་སོགས་ཀྱི་ཐད་ཁེ་ཕན་བསྐྲུན་པ་དང་། ཐད་ཀར་རང་ཉིད་བརྒྱུད་པའམ་ཁྱིམ་མི་བརྒྱུད་ལྐོག་རྔན་ཚབས་ཆེན་བླངས་པའི་བྱས་ཉེས་དེ་ཏང་གི་སྒྲིག་ཁྲིམས་དང་འགལ་ཡོད་པ་མ་ཟད། ལྐོག་རྔན་བླངས་པའི་དོགས་ཡོད་བྱས་ཉེས་ཚབས་ཆེན་ཡིན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད།

    ཚོགས་འདུས། ཀུའོ་པའོ་ཞུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་བྱས་ཉེས་ཚབས་ཆེན་བསགས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དེས། བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་སྒོ་ཀུན་ནས་ཏང་ནན་གྱིས་སྐྱོང་པ་དང་། ཁྲིམས་ལྟར་དམག་སྐྱོང་། དམག་དཔུང་ནན་གྱིས་སྐྱོང་པའི་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་མཚོན་ཡོད་ལ། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ཆད་གཅོད་བྱེད་པའི་འགྱུར་མེད་ཀྱི་བློ་སྟོབས་ཀྱང་མཚོན་ཡོད། ཏང་ཡོངས་དང་དམག་མི་ཡོངས་ཀྱིས་ངེས་པར་དུ་དེང་སྐབས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བར་ངོས་འཛིན་གསལ་པོ་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། མི་གང་ཞིག་གི་དབང་ཆའི་ཆེ་ཆུང་དང་གོ་གནས་མཐོ་དམན་ག་འདྲ་ཡིན་རུང་། ཏང་གི་སྒྲིག་ཁམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་ཚེ། གཅིག་ཀྱང་མ་ལུས་པར་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་རྒྱ་ལས་རྒྱ་ཡན་དུ་གཏོང་པའམ་ལྷོད་གཡེང་གང་ཡང་གཏོང་མི་སྲིད་པར་འདོད།

    ཚོགས་འདུའི་ཐོག རིམ་པ་ཁག་གི་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་མཐོ་རིམ་དང་འབྲིང་རིམ་གྱི་འགོ་ཁྲིད་ལས་བྱེད་པའི་སློབ་གསོ་དང་དོ་དམ། ལྟ་སྐུལ་ལ་ཤུགས་སྣོན་བྱེད་རྒྱུ་དང་། རུལ་རྒོལ་གཙང་སྤེལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་ཚོད་འཛིན་ནུས་པ་བཏོན་པ་བརྒྱུད། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། བྱེད་འདོད་མེད་པའི་ལམ་སྲོལ་གོ་ཆོད་ཆགས་པར་སྐུལ་འདེད་བྱེད་རྒྱུ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་ཐད་སྔར་བས་གྲུབ་འབྲས་གསར་པ་ལོན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་བརྟན་པོ་ཆགས་པར་བྱས་ཏེ། རང་རྟོགས་སྒོས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་བརྩི་བྱས་ཏེ། དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་ཡང་དག་ཆགས་པར་བྱ་རྒྱུ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱ་སྣེ་ཁྲིད་དེ་ལག་བསྟར་བྱེད་རྒྱུ་དང་། སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ཁག་སྣེ་ཁྲིད་དེ་བརྩི་སྲུང་། རུལ་སུངས་ལ་སྣེ་ཁྲིད་དེ་ངོ་རྒོལ་བྱེད་དགོས་ཤིང་། རང་རྟོགས་སྒོས་བསླུ་བྲིད་སྣ་དང་ཚོད་བགམ་སྣ་ཚོགས་ཐེག་པར་བྱས་ནས། ་ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་ནམ་ཡང་རྒྱུད་ལས་མི་ཉམས་པ་ཡོང་དགོས་ཚུལ་ནན་གྱིས་བསྟན།

    ཚོགས་འདུའི་ཐོག མི་དམངས་དམག་དཔུང་ནི་དུས་ནམ་ཡང་ཏང་དང་མི་དམངས་ཀྱི་ཡིད་རྟོན་རུང་པའི་དཔུང་སྡེ་ཡིན་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ལོན་ཡོད་པ་དང་། མི་དམངས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ཐད་དང་། མི་དམངས་ཀྱི་འཚོ་བ་བརྟན་བདེ་རོལ་བ་སོགས་ཀྱི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམག་དཔུང་འཛུགས་སྐྱོང་དང་བཅོས་བསྒྱུར་ཐད་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ལ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་སྐུལ་འདེད་བཏང་ནས། དམག་དཔུང་སྟོབས་ལྡན་ཡོང་བའི་དམིགས་ཡུལ་མངོན་འགྱུར་ཐད་འགན་སྲུང་བརྟན་པོ་བྱེད་དགོས། དམག་དཔུང་གི་རིམ་པ་ཁག་གིས་བསམ་བློ་ཆབ་སྲིད་འཛུགས་བསྐྲུན་དང་སྤྱོད་ཚུལ་འཛུགས་བསྐྲུན་དམ་འཛིན་དོན་འཁྱོལ་བྱས་ནས། ནན་ཏན་སྒོས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། བསམ་བློ་སྔོན་ཐོན་ཡིན་པ་རྒྱུན་འཁྱོངས་བྱེད་པ། དམག་སྦྱོང་དམག་གྲབས་རྒྱུན་འཁྱོངས་བྱེད་པ། ནན་པོ་ཞེས་པའི་རང་དཔེ་གཞན་སྟོན་རྒྱུན་འཁྱོངས་བྱས་ནས། ཏང་དང་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་འཛིན་སྐྱོང་དར་སྤེལ་བཏང་ཐོག མི་དམངས་དམག་དཔུང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ནུབ་བྱ་རྒྱུ་དང་། ཚད་མཐོའི་བརྟན་ལྷིང་དང་གཅིག་སྡུད་གཅིག་གྱུར་ལ་ཁག་ཐེག་བྱས་ནས། དམག་དཔུང་སྟོབས་ལྡན་ཡོང་པ་དང་དམག་དཔུང་དར་རྒྱས་གཏོང་བའི་དྲང་ནུས་སྟོབས་ཆེན་དེ་སྔར་བས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist