མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིན་ཝན་ཁྲིན་རྒྱ་ནག་ལ་རྩིས་སྤྲོད་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྟག་རྒན་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་པའི་ཐད་ཨ་རིའི་གཞུང་ལ་རེ་སྐུལ་ཞུ་བཞིན་ཡོད་པའི་ཐད་གསར་ལམ་ཁག་ཏུ་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད།

ཉེ་བའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་ཨོ་བྷ་མའི་སྲིད་གཞུང་ལ་ཆབ་སྲིད་ཀྱི་རྒྱབ་ལྗངས་ཡོད་པའི་རྒྱ་ནག་གི་ཚོང་པའམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཟུར་བ་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་ཨ་རི་ནས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་པའི་གནོན་ཤུགས་བཞིན་ཡོད་པ་དེར། ཁ་སང་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་གཞུང་ལ་ལིན་ཝན་ཁྲིན་ལ་ནག་ཉེས་ཡོད་པའི་དཔང་རྟགས་གསལ་བོ་ཞིག་སྤྲོད་དགོས་ཚུལ་བརྗོད་དེ། ལིན་ཝན་ཁྲིན་རྒྱ་ནག་ཏུ་རྩིས་སྤྲོད་དགོས་པའི་རེ་སྐུལ་དེར་ངོས་ལེན་མེད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་ནེའུ་ཡོག་དུས་བབ་སྟེང་། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇོ་ཞི་ཨིར་ནེ་སི་ཌི་ (Josh Earnet) ལགས་ཀྱིས། དམིགས་བསལ་གྱི་གྱོད་དོན་ཞིག་གི་སྟེང་ལ་ངས་ཞིབ་ཕྲའི་གནས་ཚུལ་བརྗོད་ཐུབ་ཀྱི་མེད། འོན་ཀྱང་། རྒྱ་ནག་ནག་གཞུང་གིས་ཡིད་ཆེས་ཁུངས་འཕེར་གྱི་དཔང་རྟགས་གསལ་བོ་ཞིག་སྤྲད་པ་ཡིན་ན་ཨ་རིའི་གཞུང་གིས་བརྟག་དཔྱད་གཏོང་གི་ཡིན་སྐོར་རྗོད་ཀྱི་ཡོད། དེ་མིན་ཨ་རི་ནི་རྒྱལ་ཁབ་གཞན་གྱི་རུལ་སུངས་པ་སྦེད་སྐུང་བྱེད་ས་ཞིག་རེད་ཟེར་བ་དེར་གཞི་རྩ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་འདུག ཁོང་གིས་མུ་མཐུད་དུ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གནས་སྟེང་སྐོར་ལ། ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྐོར་ལ་རྒྱ་ནག་ཕྱོགས་ནས་མདང་གི་མེད་སྟབས། དཔེར་ན། རྒྱ་ནག་ལྷོ་བརྒྱུད་རྒྱ་མཚོའི་ངོས་ཀྱི་འགུལ་སྐྱོད་དེ་རྩོད་གཞིར་གྱུར་པ་རེད། ཡིན་ན་ཡང་། ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་མཉམ་འབྲེལ་རྒྱུན་གནས་ཡོང་ཐུབ་པར་རེ་བ་བཅངས་ཡོད། ཅེས་སོགས་བརྗོད་འདུག

ལིན་ཝན་ཁྲིན་གྱི་གྱོད་དོན་ལ་ཆ་རྒྱུས་ཡོད་པའི་ཨ་རིའི་གཞུང་ཞབས་མི་སྣ་ཁག་ཅིག་གིས། “གལ་སྲིད་ལིན་ཝན་ཁྲིན་ཆབ་སྲིད་ཀྱི་སྐྱབས་བཅོལ་བྱ་རྒྱུར་ཐབས་ཤེས་བྱས་པ་ཡིན་ན། མ་འོངས་པར་ཁོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་བྲོས་བྱོལ་ངོ་ལོག་པ་དེ་ཆགས་སྲིད་པ་རེད།” ཅེས་བརྗོད་འདུག

ཁ་སང་ཨ་རིའི་སི་ལེ་ཊེ་ (Slate) དྲ་བའི་དཔྱད་བརྗོད་ཅིག་གི་ནང་། ལིན་ཝན་ཁྲིན་འཛིན་བཟུང་བྱེད་པ་དེ་ནི་རྒྱ་ནག་གི་རུལ་སུངས་ལ་རྒོལ་རྡུང་གཏོང་པའི་ལས་འགུལ་ཁྲོད་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་མི་སུ་ཡིན་རུང་། དེར་སུས་ཀྱང་སྲུང་སྐྱོབ་བྱེད་ཐུབ་མེད་པ་ཞིག་མཚོན་ཀྱི་འདུག ཡིན་ན་ཡང་། རུལ་སུངས་རྒོལ་རྡུང་གི་ལས་འགུལ་ཁྲོད་དུ་རྒྱལ་ཁབ་གཞན་ལ་ཡང་བསམ་ཡུལ་འདས་པའི་གསང་བའི་ཁེ་ཕན་རག་གི་འདུག གང་ཡིན་ཞེ་ན། རྒྱ་ནག་གིས་གསང་བའི་དྲ་རྒྱར་ལྐོག་མྱུལ་བྱེད་པའི་ལས་འགུལ་དེར། ད་ལྟའི་ཨོ་བྷ་མའི་སྲིད་གཞུང་གིས་ཐབས་ཤེས་སྣ་ཚོགས་ཀྱིས་ཁ་གཏད་ལྕོག་བཞིན་པའི་སྐབས་འདིར་ལིན་ཝན་ཁྲིན་ནི་རིན་ཐང་དང་བེད་སྤྱོད་ཆེ་བའི་དམིགས་འབེན་ཞིག་ཆགས་ཞེས་བཀོད་འདུག

ཁ་སང་ཨ་རིའི་རྒྱ་ནག་གཞུང་ཚབ་ཁང་གི་ཧི་ཝེ་ཝོན་ (He Weiwen) ཡིས་རྒྱ་ནག་གུང་ཁྲན་ཏང་གི་གཞུང་འབྲེལ་དྲ་བ་གོ་ལའི་དུབ་བབ་གསར་ཁང་ལ། “ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལིན་ཝན་ཁྲིན་ལ་གསང་བ་ཆེན་པོ་ཞིག་ཡོད་ཚུལ་གླེང་སློང་ཡོང་གི་ཡོད་པ་དེ་ནི་རྟོག་བཟོ་ཞིག་ལས་དངོས་ཡོད་གནས་ཚུལ་ཞིག་རྩ་བ་ནས་མ་རེད། ཁོ་ནི་ལིན་ཅི་ཧྭ་ཡི་ནུ་བོ་ཡིན་པ་ལས་གཞན་སུ་གང་ཡང་མ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བར་འབྲེལ་བ་ག་རེ་བྱུང་ཡོད་མེད་ད་ལྟ་མི་གཅིག་གིས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། སྲིད་འཛིན་ཨོ་བྷ་མས་ལིན་ཝན་ཁྲི་རྒྱ་ནག་གི་ཆབ་སྲིད་གྲོས་དོན་ཞིག་ལ་བརྗེ་བོ་རྒྱག་རྒྱུ་རེད་ཟེར་བ་ནི་ཁུངས་ལུང་མེད་པ་དང་། དོན་དངོས་མིན་པའི་ཚོད་དཔག་རྐྱང་རྐྱང་རེད།” ཅེས་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 1

  1. རྐ་སྲས། says:
    ལོ་ 11 སྔོན།

    དངོས་གནས་གསར་འགྱུར་ཡག་པོ་བཀོད་འདུག་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese