མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོའི་ནག་ཉེས་འགེབ་སྲུང་།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཧྲོ་ལིན་དགོན་པའི་མཁན་པོ་ཧྲི་ཡོན་ཞིན་གྱི་ནག་ཉེས་ཐེར་འདོན་བྱས་ཡོད་ཀྱང་རྒྱ་ནག་ཆོས་རིག་ལས་ཁུངས་ཀྱིས་ནག་ཉེས་ཞུ་གཏུག་པ་དེ་རྫུན་མ་ཡིན་ལུགས་བསྒྲགས་པར་བརྟེན་སྤྱི་ཚོགས་ཐོག་གླེང་གཞི་ཆེན་པོ་ཆགས་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༥ ཉིན་ཧི་ནན་སོན་ཧྲན་ཧྲོ་ལིན་དགོན་པའི་དགེ་ཕྲུག་ཧྲི་ཀྲིན་ཡེ་ཡིས། དགོན་པ་དེའི་མཁན་པོ་ཧྲི་ཡོན་ཞིན་སངས་རྒྱས་ཀྱི་སྡོམ་ཁྲིམས་ལ་འགལ་ཏེ། བུད་མེད་ལ་འགྲོགས་པ་སོགས་ཀྱི་བྱ་སྤྱོད་ངན་པ་དག་དྲ་རྒྱའི་སྟེང་བཀྲམ་ཡོད་པ་མ་ཟད། དེ་སྔོན་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཧྲི་ཡོན་ཞིན་གྱིས་བུད་མེད་ལ་ངན་འབྲེལ་བྱས་པའི་ནག་ཉེས་ཐོ་འགོད་ཡིག་ཆ་སོགས་བདེན་དཔང་ཆེད་དྲ་ཐོག་ཏུ་བཀོད་ཡོད་པ་མ་ཟད། གོང་རིམ་ལ་ནག་ཉེས་ཡར་ཞུ་བྱས་ཡོད་ཀྱང་། རྒྱ་ནག་ཆོས་རིག་ལས་ཁུངས་ཀྱིས་ཧྲི་ཀྲིན་ཡེ་ཞེས་པའི་མི་ཞིག་མེད་ཚུལ་དང་གནས་ཚུལ་རྫུན་མ་ཡིན་ལུགས་ཁྱབ་བསྒྲགས་བྱས་ཡོད་སྟབས། ཧྲོ་ལིན་དགོན་པའི་སྤྱིའི་དྲག་རྩལ་དགེ་རྒན་ཟུར་བ་ཧྲི་ཡན་ལོ་ (Shi Yanlu) གཙོས་པའི་མི་དྲུག་པེ་ཅིན་དུ་ཕྱིན་ཏེ། འབྲེལ་ཡོད་ལས་ཁུངས་ལ་ཧྲི་ཡོན་ཞིན་གྱི་ནག་ཉེས་ ༡༠ ཡར་ཞུ་བྱས་ཡོད་པའི་སྐོར་རྒྱལ་ཕྱིའི་དྲ་རྒྱའི་བརྒྱུད་ལམ་ཁག་གཙོས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གང་མང་ཞིག་ཏུ་སྤེལ་བཞིན་ཡོད་པ་མ་ཟད། ཆབ་སྲིད་དཔྱད་ཞིབ་པ་ཚོས་རྒྱ་ནག་ཆོས་རིག་ལས་ཁུངས་ཀྱི་བྱ་སྤྱོད་དེར་དབྱེ་ཞིབ་སྣ་ཚོགས་བྱེད་ཀྱི་ཡོད་འདུག

ཁ་སང་ཞིན་ཐང་རིན་གྱིས་རྒྱ་ནག་གི་ཞིན་ལཱང་དྲ་བས་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། པེ་ཅིན་ལ་ཞུ་གཏུག་བྱེད་དུ་ཕྱིན་པའི་མི་ ༦ གིས་ཧྲི་ཡོན་ཞིན་གྱི་ནག་ཉེས་ཐེར་འདོན་བྱས་པའི་ནང་། ཧྲི་ཡོན་ཞིན་གྱིས་ཧྲོ་ལིན་དགོན་པའི་རྒྱུ་ནོར་དང་ཞལ་འདེབས་ཧམ་ཟ་བྱས་ཏེ་རང་ཉིད་ཀྱི་འཚོ་བ་རྒྱས་སྤྲོས་བྱས་པ་དང་བསྙད་འདོགས་རྒྱུ་ལེན། བུད་མེད་གང་མང་ལ་ངན་འབྲེལ་ཡོད་པ་སོགས་ཀྱི་ནག་ཉེས་ ༡༠ བགྲངས་ཡོད་པ་མ་ཟད། ཁོ་བོའི་ནག་ཉེས་ལ་བདེན་དཔང་བྱེད་མཁན་གྱི་མི་ ༢༠ ཡི་མིང་ཡང་སྤྲད་ཡོད་འདུག ཟླ་འདིའི་ཚེས་ ༤ ཉིན་གྱི་མཚན་གུང་ཏིན་ཧྥིན་གྲོང་ཁྱེར་ཆོས་རིག་ལས་ཁུངས་ཀྱིས་ཧྲི་ཀྲིན་ཡེ་ཞེས་པའི་མི་ཞིག་ཁྱོན་ནས་མེད་ཚུལ་ཁྱབ་བསྒྲགས་བྱེད་ཡོང་དུས། མི་མང་པོས་ཁྱབ་བསྒྲགས་དེ་ཧྲི་ཡོན་ཞིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྤེལ་བ་ཡིན་པའི་དོགས་སློང་བྱས་ཡོད་པ་མ་ཟད། རྒྱ་ནག་མི་མང་གིས་ཉེས་ཅན་ཧྲི་ཡོན་ཞིན་ལ་ཞིབ་བཤེར་མ་བྱས་པར་ཧྲི་ཀྲིན་ཡེ་ལ་ཞིབ་བཤེར་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་སྐོར་ལའང་གླེང་སློང་འདྲ་མིན་བྱུང་ཡོད་འདུག

གོང་གི་གནད་དོན་དེའི་ཐད་རྒྱ་ནག་གི་སྐབས་དོན་དཔྱད་ཞིབ་པ་ཧིན་ཧི་ (Heng He) ཡིས། ཆོས་རིག་ལས་ཁུངས་ལ་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད། ཆོས་རིག་ལས་ཁུངས་ནི་སྲིད་གཞུང་གི་ལས་ཁུངས་ཤིག་ཡིན་པ་དང་། སྲིད་གཞུང་གིས་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་ཐེ་གཏོགས་བྱེད་དགོས་དོན་ཡོད་པ་མ་རེད། གལ་སྲིད་ཆོས་རིག་ལས་ཁུངས་ཀྱིས་ཧྲི་ཡོན་ཞིན་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ཡིན་ན། ཆོས་ལུགས་དེ་རྫུན་མ་ཞིག་ཡིན་པ་གསལ་བཤད་བྱས་པ་རེད། གལ་སྲིད་ཧྲི་ཡོན་ཞིན་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དབང་དུ་བཏང་ནའང་། ཞིབ་བཤེར་བྱ་མཁན་དེ་ཉེན་རྟོག་པ་དང་ཞིབ་བཤེར་ལྷན་ཁང་ཡིན་པ་ལས་ཆོས་རིག་ལས་ཁུངས་ཕྱི་རུ་འབུད་དགོས་དོན་ཡོད་པ་མ་རེད། ཅེས་སོགས་བརྗོད་འདུག

ཡང་རང་དབང་དཔྱད་གླེང་བ་ཞིན་ཐན་ཞིན་ (Xing Tianxing) གྱིས། རྒྱ་གཞུང་ནི་ཆོས་མེད་སྨྲ་བ་ཡིན་སྟབས་དངོས་གནས་སྒྲུབ་སྦྱོང་བྱེད་མཁན་གྱི་གྲྭ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་མེད་ལ། ཧྲི་ཡོན་ཞིན་ལྟ་བུའི་གྲྭ་བ་རྫུན་མ་རིགས་ཀྱིས་མང་ཚོགས་ཀྱི་ཆོས་དད་སྒྲུབ་སྦྱོང་དང་། སྲོལ་རྒྱུན་རིག་གནས་ལ་གཏོར་སྐྱོན་བཏང་བ་ཡིན་ན་རྒྱ་གཞུང་གི་འདོད་བློ་དང་མཐུན་གྱི་ཡོད་པ་རེད། ཅེས་སོགས་བརྗོད་འདུག ཕྱི་སྡོད་རྒྱ་རིགས་ཀྱི་བརྒྱུད་ལམ་ཏཱ་ཅི་ཡན་དྲ་བའི་སྟེང་། རྒྱ་ནག་གུང་ཁྲན་ཏང་ཡོན་དང་སངས་རྒྱས་ཆོས་ལུགས་ཀྱི་མགོ་གཙོ་ཀྲའོ་ཕོ་ཁྲོ་(Zhao Puchu) ཡི་རྒྱབ་སྐྱོར་འོག ཧྲི་ཡོན་ཞིན་གྱིས་ཕྱི་ལོ་ ༡༩༩༧ ལོ་ནས་ཧྲོ་ལིན་དགོན་པའི་ནང་བྱ་བ་བྱས་ཤིང་། ཕྱི་ལོ་ ༡༩༩༩ ལོར་དངོས་སུ་དགོན་པ་དེའི་མཁན་པོ་ཆགས་ཡོད་པ་དང་། ཀྲའོ་ཕོ་ཁྲོ་ཟེར་བ་དེ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ལ་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་སྐོར་སོགས་བཀོད་འདུག

ཧྲི་ཡོན་ཞིན་ནི་ཕྱི་ལོ་ ༡༩༦༥ ལོའི་ཟླ་ ༩ བའི་ནང་ཨན་ཧུའེ་ཞིང་ཆེན་གྱི་ཡིན་ཧྲང་རྫོང་དུ་སྐྱེས་ཤིང་། ཁོའི་སྐྱ་མིང་ལ་ལེའུ་ཡིན་ཁྲིན་ (Liu Yingcheng) ཟེར་གྱི་ཡོད་འདུག ད་ལྟ་ཧྲོ་ལིན་དགོན་པའི་མཁན་པོ་དང་རྒྱ་ནག་སངས་རྒྱས་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཧིན་ནན་ཞིང་ཆེན་གྱི་སངས་རྒྱས་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese