མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་མི་ ༡༢ འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་རྐ་བར་མ་སྡེ་བའི་དུད་ཁྱིམ་ ༢༠ ལྷག་གི་ས་ཆ་བཙན་འཕྲོག་བྱས་པ་མ་ཟད། ཉེས་མེད་མི་མང་ ༡༢ འཛིན་བཟུང་བྱས་ཡོད་འདུག

 

Untitled-1རྒྱ་ནག་ས་གནས་སྲིད་གཞུང་གིས་མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་གྲང་རྡལ་རྐ་བར་མའི་མང་ཚོགས་སྡོད་གནས་བཙན་འཕྲོག་བྱས་པ་མ་ཟད། ཁང་པ་གཏོར་བཅོམ་བྱས་ཏེ་མ་བུ་གཉིས་ཀྱི་གཞན་ལ་གནས་ཚང་གཡར་ནས་བསྡད་འདུག

 

ཕྱི་ལོ་ ༢༠༡༠ ལོར་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་གཞི་ལ་ཁ་གཡར་ནས་ཐང་སྐོར་གྲོང་རྡལ་རྐ་བར་མ་སྡེ་བའི་དུད་ཁྱིམ་ ༢༠ ལྷག་གི་ས་ཆ་བཙན་འཕྲོག་བྱས་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་གནད་དོན་དེ་ཐག་གཅོད་ཡོང་བའི་སྙན་ཞུ་དང་རེ་འབོད་ཞུས་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་འབྲོག་ཁུལ་གྱི་ས་ཆ་བཙན་འཕྲོག་བྱས་པའི་གནད་དོན་ཐག་གཅོད་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཡུལ་མི་ ༡༢ འཛིན་བཟུང་བྱས་ཡོད་འདུག

 

སྤྱིར་བཏང་རྔ་བ་ཁུལ་སྲིད་གཞུང་གིས་ས་ཆའི་གནད་དོན་དེ་ཟླ་བ་ ༥ བའི་ནང་ཐག་གཅོད་བྱ་རྒྱུ་བྱས་ཡོད་ཀྱང་། ཟླ་བ་ ༤ ལྷག་ལ་གྲགས་འགུལ་གང་ཡང་བྱུང་མི་འདུག འོན་ཀྱང་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སི་ཁྲོན་ཞིང་ཆེན་རྔ་བལ་ཁུལ་དང་མཛོད་དགེ་རྫོང་གི་འབྲེལ་ཡོད་ལས་བྱེད་ཀྱི་ཐང་སྐོར་གྲོང་རྡལ་གྱི་རྐ་བར་མའི་ས་ཆའི་གནད་དོན་ཐག་གཅོད་བྱ་རྒྱུ་བྱས་ཡོད་ཀྱང་། ཡུལ་མི་ཁག་ཅིག་གིས་ཉིན་གུང་བོ་སྒུག་ཡོད་ཀྱང་ཕྱི་དྲོ་ཆུ་ཚོད་ ༦ པ་ཙམ་ནས་ས་གནས་སྲིད་གཞུང་ཉེན་རྟོག་པ་ཡོང་ནས་ཡུལ་མི་ཚོར་འཇིགས་སྐུལ་བྱས་ཡོད་འདུག སྐབས་དེར་ཡུལ་མི་འཇིགས་བྱེད་སྐྱབས་ཀྱིས། ང་ཚོའི་ཁྱིམ་ཚང་ ༢༧༠ ལྷག་ཡོད་པའི་ཡུལ་མི་ཚོའི་མཛུབ་ཐམ་བརྒྱབ་ནས་སྲིད་གཞུང་ལ་བཙངས་ཡོད་ཟེར་བའི་བདེན་དབང་ཡི་གེ་ཡོད་ན་ང་ཚོས་ས་འདི་ཐང་ཀར་སྲིད་གཞུང་ལ་འབུལ་རྒྱུ་ཡིན། འོན་ཀྱང་། གལ་ཏེ་ཁྱིམ་ཚང་ ༢༧༠ ལྷག་གི་མཛུབ་ཐམ་མེད་པ་ཡིན་ན། ས་འདི་ཁྲིམས་ཀྱི་ནང་ལ་འདི་ལྟར་ལེན་ཆོག་ཆོག་ཅིག་རྩ་བ་མིན་སྟབས་ང་ཚོ་འགྲོ་རྒྱུ་མིན། དེ་རིང་རྔ་བ་ཁུལ་སྲིད་གཞུང་གི་མགོ་བ་ཚོ་ས་ཡི་གནད་དོན་ཐག་གཅོད་བྱ་ཡོང་ཡོད་ན་ས་ཐོག་འདིར་ཡོང་དགོས་རེད། ང་ཚོས་འདི་ནས་ཉིན་གུང་བོ་སྒུག་ཀྱང་བསླེབ་མ་སོང་། གལ་སྲིད་དེ་རིང་མ་ཡོང་བ་ཡིན་ན། ང་ཚོའི་ས་ཆ་ང་ཚོས་བདག་པོ་བརྒྱག་གི་ཡིན། ཞེས་བརྗོད་འདུག

 

ཕྱི་ཚེ་ ༢༡ ཉིན་ལ་རྒྱ་གཞུང་གིས་ས་གནས་ཡུལ་མི་ཚོ་འཛིན་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཡོད་ སྟབས། ཚེས་ ༢༢ ཉིན་ས་གནས་ཉེན་རྟོག་པ་བཀྲ་ཤིས་ཟེར་བ་གཙོ་བྱས་ཏེ་དྲག་ཆས་ཉེན་རྟོག་པའི་རླངས་ འཁོར་དྲུག་ལྷག་ཡོང་ནས། གནས་ལུགས་དང་རྒྱུ་མཚན་ཅི་ཡང་མ་བཤད་པར། མང་ཚོགས་ལ་གཅར་རྡུང་དང་མི་མང་གི་ལག་འཁྱེར་ཁ་པར་དང་པར་ཆས་སོགས་བཙན་འཕྲོག་ བྱས་ཡོད་པ་མ་ཟད། འཇིགས་བྱེད་སྐྱབས་དང་ཕུར་ཁོ། ཚེ་དཔག བཀྲ་ཤིས་རབ་བསྟན། བསོད་ནམས་རྒྱ་མཚོ། བཀྲ་བྷ། ཞི་ཕྲུག ཚེ་རིང་སྐྱབས། ཚེ་རིང་བཀྲ་ཤིས། འཚོ་སྐྱིད། ཡེ་ཤེས་བཅསན་ཉིས་མེད་ས་གནས་བོད་མི་ ༡༢ ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག དེའི་མཚན་ལ་བུད་མེད་འཚོ་སྐྱིད་ལ་གཅར་རྡུང་དྲག་པོ་བཏང་རྗེས་གློད་བཀྲོད་བཏང་ འདུག ཉིན་དེའི་དགོང་དྲོ་ཆུ་ཚོད་བདུན་ཡས་མས་ནས་ཕུར་ཁོ་ཡི་སྡོད་ཁྱིམ་ཁང་པ་བཙན་ གྱིས་ཁྲབ་ལྡན་འདེད་འཁོར་ (推动机)གྱིས་དེད་དེ་གཏོར་བཅོམ་བྱས་ཡོད་པ་མ་ཟད། ཁང་པའི་ནང་དུ་གསར་གྱི་རྒྱན་ཆ་བྱུ་རུའི་སྐེ་རྒྱན་དང་རྒྱ་སྒོར་ ༡༠༠༠༠ ལྷག་ཡོད་པའང་ཁང་པ་དང་མཉམ་དུ་མེད་པར་བཟོ་འདུག་པ་མ་ཟད། ད་ལྟ་ཁོའི་བཟའ་ཟླ་ནོར་འཚོ་དང་བུ་མོ་ཡོན་འཚོ་མ་བུ་གཉིས་ཀྱིས་གཞན་ལ་གནས་ཚང་ གཡར་ནས་བསྡད་འདུག ཅེས་བརྗོད་སོང་།

 

དེ་བཞིན་ཕྱི་ཚེས་ ༢༣ ཉིན་མིང་ལ་སྒྲོལ་མ་སྐྱབས་ཟེར་བ་ཞིག་གིས་སི་ཁྲོན་ཞིང་ཆེན་ནས་རྔ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལེའུ་ཙོ་མིན་ (Liu Zuoming) ཟེར་བ་ཞིག་ལ་སྙན་ཞུ་ཕུལ་བའི་ནང་། ངའི་མིང་ལ་སྒྲོལ་མ་སྐྱབས་ཟེར། ང་ནི་སྟག་ཚང་གྲོང་རྡལ་མཐའ་བའི་གྲོང་མི་ཡིན། ༢༠༡༤ ལོར་ངས་མཐའ་བའི་ས་ཆའི་གནད་དོན་སྐོར་གྱི་ཞུ་སྙན་ཞིག་ཁྱེད་ལ་ཕུལ་ཡིན། ང་ཚོའི་ཡུལ་ཚོ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་གསུང་བ་ལྟར་ན། ཞུ་འཕྲིན་དེ་སྟག་ཚང་གྲོང་རྡལ་སྲིད་གཞུང་ལ་འབྱོར་ཡོད་པ་དང་། སྟག་ཚང་གྲོང་རྡལ་སྲིད་གཞུང་གིས་མཐའ་བ་ས་ཆའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དེར། ངས་ཀྱང་དྲང་བདེན་ཁྲིམས་མཐུན་གྱི་སྒོ་ནས་ཐག་གཅོད་བྱེད་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་དང་།

 

ཁོང་གིས་མུ་མཐུད་དུ། ༢༠༡༥ ལོའི་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོ་འཇིགས་བྱེད་སྐྱབས་ཀྱི་སྐྱེས་དམན་དབང་མོ་འཚོ་ཡིས་ང་ལ་ཁ་པར་བཏང་ནས། མཛོད་དགེ་རྫོང་སྤྱི་བདེ་ལས་ཁང་ཉེན་རྟོག་པས་དྲག་སྤྱོད་ཀྱིས་ཐང་སྐོར་གྲོང་རྡལ་རུ་ཁག་གཉིས་པའི་ས་ཆའི་ཁེ་དབང་ཞི་རྒོལ་བ་མི་ ༡༠ ལྷག་འཛིན་བཟུང་བྱས་ཡོད་སྟབས། ཐང་སྐོར་གྲོང་རྡལ་སྲིད་གཞུང་གིས་རྩ་ཁྲིམས་དང་ཁྲིམས་ཀྱི་གོ་རིམ་ཐོག་ནས་ཁྲིམས་མཐུན་གྱིས་ཐང་སྐོར་རུ་ཁག་གཉིས་པའི་རྩྭ་ཐང་གཞུང་བསྡུ་ཞུས་པ་རེད་དམ། གལ་སྲིད་ཁྲིམས་མཐུན་གྱིས་གཞུང་བསྡུ་ཞུས་པ་ཡིན་ན་ཅིའི་ཕྱིར་ཐོག་མར་ཁྲིམས་མཐུན་གཞུང་བསྡུའི་ཡིག་ཆ་ཡོད་ཚད་འཁྱེར་ཡོང་མེད་པ་རེད་དམ། ༼རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་གྲོང་རྡལ་འཆར་འགོད་བཅའ་ཁྲིམས་༽ ཀྱི་བཅའ་ཁྲིམས་ཨང་ ༢༢ ཀྱི་ནང་དུ་གསལ་བོ་བཀོད་པ་ཞིག་ལ། གྲོང་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་རྩ་འཛུགས་ཀྱིས་གྲོང་ཚོ་འཆར་བཀོད་བྱེད་པ་དང་གྲོང་ཚོའི་འཆར་བཀོད་བྱ་རྒྱུ་ཡིན་ན། མི་དམངས་སྲིད་གཞུང་གོང་རིམ་རིམ་པ་དང་པོའི་ཆོག་མཆན་དགོས་པ་དང་། གྲོང་ཚོའི་འཆར་བཀོད་ཀྱི་སྙན་སེང་དང་ཆོག་མཆན་མ་བྱུང་སྔོན་ལ། གྲོང་ཚོའི་མི་མང་ཚོགས་འདུ་དང་སྡེ་བའི་འཐུས་མི་རྣམས་ལ་གྲོས་མོལ་དང་མོས་མཐུན་བྱེད་དགོས་འདུག ཁྲིམས་ལུགས་ནང་གསལ་བོ་ཡོད་ཀྱང་ང་ཚོའི་ས་གནས་སྲིད་གཞུང་གིས་འདི་ལྟར་བྱས་ཡོད་དམ། ཞེས་སོགས་བཀོད་ནས་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག

 

ལོ་འདིའི་ཕྱི་ཟླ་  ༡ ཚེས་ ༢༨ ཉིན། སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་དང་ཞིང་ཆེན་ཆབ་སྲིད་གྲོས་ཚོགས་གཉིས་འཚོག་བཞིན་པའི་སྐབས་དེར། རྒྱ་གཞུང་གིས་ཐང་སྐོར་གྲོང་རྡལ་གྱི་ས་ཆ་བཙན་འཕྲོག་བྱེད་པའི་དཀའ་ངལ་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེའི་ཁྲོད་དུ་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་འབྲོག་པའི་འཐུས་ཚབ་ ༡༠ ཡིས་ཀྱང་། “སྲོག་ལ་བབ་ཀྱང་ས་ཆ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཁྲིམས་འགལ་གྱིས་ས་ཆ་འཕྲོག་པར་ངོ་རྒོལ་བྱ་རྒྱུ་ཡིན།” “ས་ཆ་བཙན་འཕྲོག་བྱས་པས་ང་ཚོ་རང་ཁྱིམ་ལ་ལོག་ས་མེད།” ཞེས་བྲིས་ཡོད་པའི་འཕྲེད་དར་སྒྲེང་སྟེ་ཞུ་གཏུག་གི་ཁྲོམ་སྐོར་བྱས་ཡོད་ཀྱང་། སྐབས་དེར་བོད་མི་ཞུ་གཏུག་མཁན་ཚོས་གོམ་བགྲོད་སྐར་མ་གཅིག་ལས་མ་སོང་བར་ཉེན་རྟོག་པ་ ༥༠ ཙམ་འབྱོར་ཏེ་བོད་མི་རྣམས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་དུ་བཙན་ཁྲིད་བྱས་ཡོད་འདུག

 

གནས་ཚུལ་དེའི་འབྱུང་རྐྱེན་ནི་ལོ་ངོ་ལྔ་ལྷག་ཙམ་གྱི་གོང་མཛོད་དགེ་ཐང་སྐོར་གྱི་རུ་ཁག་གཉིས་པའི་འབྲོག་སརགཞུང་གི་འཛུགས་སྐྲུན་བྱ་རྒྱུ་ཡིན་ལུགས་བཤད་ནས་ས་གནས་འབྲོག་པའི་ས་ཆ་བཙན་འཕྲོག་བྱས་པ་དང་། དེའི་རྗེས་ཀྱི་ལོ་མང་པོའི་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ལ་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་དེར་ཁ་ཡ་དང་ཐག་གཅོད་བྱེད་མཁན་རྩ་བ་ནས་བྱས་མི་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

སྐར་མ ༣༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese