མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནར་གཅོད་གཏོང་སྟངས་གསར་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་བཙོན་ཁང་ཁག་ཏུ་བཙོན་པ་ཚོར་ཟས་བཅད་གཉིད་བཀག་གི་མནར་གཅོད་འོག་འདྲི་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྐོར་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཞིབ་འཇུག་སྙན་ཐོ་བཏོན་འདུག

 

Screen Shot 2015-11-12 at 12.56.23 PMདེ་རིང་ཨེ་ཕེ་ (AP) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གི་བཀག་བསྐྱིལ་ཁང་ཁག་ཏུ་བཙོན་པ་ཚོར་དུས་ཡུན་རིང་བོར་ལག་ལྕགས་དང་རྐང་ལྕགས་རྒྱག་པ་དང་། གཉིད་ཉལ་དུ་མི་འཇུག་པ། བཟའ་བཏུང་མི་སྤྲོད་པ། འཕྲོད་བསྟེན་ལ་བརྟག་དཔྱད་སྨན་བཅོས་མི་བྱེད་པ་བཅས་ཀྱི་གནས་སྟངས་འོག བཙན་ཤེད་ཀྱིས་འདྲི་གཅོད་དང་མནར་གཅོད་གཏོང་གི་ཡོད་འདུག

 

ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་གཞུང་གིས་ཉེས་དོན་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་སྟེ། རྒྱལ་ནང་གི་བཙོན་པ་ཚོའི་ལུས་སེམས་གཉི་གར་གནོད་འཚེ་ཚབས་ཆེན་ཐེབས་ཀྱི་ཡོད་པར་དོགས་གཞི་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༥ ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་དུའང་གོང་མཚུངས་ཀྱི་ངོས་འཛིན་བྱུང་ཡོད་འདུག

 

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཉིས་ཀྱི་ཞིབ་འཇུག་སྙན་ཐོ་གཉིས་ནང་། རྒྱ་གཞུང་གིས་སྔར་བཞིན་རྒྱལ་ནང་གི་བཙོན་པ་ཚོར་ཁྲིམས་མེད་ལུགས་ལྡོག་དང་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་སྟངས་ལག་བསྟར་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་འདུག

 

འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གི་གསར་འགོད་པ་ལེའུ་ཧུ་ཟེར་བ་ཞིག་གིས་ཨེ་ཕེ་གསར་ཁང་ལ་བརྗོད་དོན། ཁོས་ཉེས་དོན་ཅི་ཡང་བསགས་མེད་ནའང་། ཁོ་རང་གཉིད་ལས་སད་དུས་ཁོ་བཀག་བསྐྱིལ་ཁང་ཞིག་གི་ནང་བཅུག་འདུག ཅེས་དང་། ཡང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་འགན་འཛིན་ལྕམ་སོ་ཧྥེ་རེ་ཆར་ཌི་སོན་ (Sophie Richardson) ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་གཞིར་བཟུང་ཐོག རྒྱལ་ནང་གི་བཙོན་པ་ཚོའི་ལུས་སེམས་གཉི་གར་མནར་གཅོད་གཏོང་གི་ཡོད་པ་དེར་དྲང་བདེན་གྱི་སྒོ་ནས་གྲོས་མོལ་བྱེད་དགོས། རྒྱ་ནག་གིས་བཙོན་པ་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པ་དོན་དངོས་ཡིན་སྟབས། རྒྱ་ནག་གཞུང་གིས་གནད་དོན་འདིར་ཁ་གསལ་གྱི་ལན་སྤྲོད་ཐུབ་ཀྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་རྒྱ་ནག་གིས་བཙོན་པ་ཚོའི་ལུས་སེམས་གཉི་གར་འཚེ་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ལ་རྒྱ་ནག་གི་དབང་འཛིན་པས་ཁས་ལེན་མི་བྱེད་པར་གཡོ་རྫུ་བྱེད་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་འདུག

 

གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པ་ ༣༧ དང་ཁྲིམས་ཁང་ཁག་ནས་ཐག་བཅད་ཟིན་པའི་ཁྲིམས་ཡིག་ ༥༩༠། དེ་བཞིན། རྒྱ་ནག་གི་ཁྲིམས་ལུགས་ལ་ཞིབ་འཇུག་དང་བཅར་འདྲི་སོགས་བརྒྱུད་དེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་ཞིབ་འཇུག་སྙན་ཐོ་བཏོན་པ་ཡིན་འདུག

 

༢༠༡༤ ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་གི་ཉེན་རྟོག་བཀག་བསྐྱིལ་རྟོག་ཞིབ་ཚན་པའི་དབང་འཛིན་པ་ཀྲོ་ཁྲིན་ཀང་ཟེར་བ་དེས། བཙོན་པར་མནར་གཅོད་དང་འཚེ་བ་མི་ཆོག་པའི་བཅའ་ཁྲིམས་གསར་བ་ལག་བསྟར་བྱས་པ་ནས་བཟུང་། བཀག་བསྐྱིལ་ཁང་ཁག་ཏུ་བཙན་ཤེད་ཀྱིས་འདྲི་གཅོད་དང་མནར་གཅོད་བཏང་བའི་གནད་དོན་གཅིག་ཀྱང་མེད་ལུགས་བརྗོད་ཡོད་ནའང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བཏོན་པའི་ཞིབ་འཇུག་སྙན་ཐོའི་སྐོར་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ཟེར་བ་ཞིག་གིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་སྐབས་སུ། བཙོན་པ་ཚོར་མནར་གཅོད་གཏོང་རྒྱུ་མཚམས་བཞག་ཡོད་སྟབས། དོན་དངོས་སུ་ཁོ་ཚོར་སུས་མནར་གཅོད་གཏོང་གི་ཡོད་མེད་རྟོགས་ཐབས་མེད་ལུགས་བརྗོད་པ་ཙམ་ལས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཞིབ་འཇུག་སྙན་ཐོར་བརྡ་ལན་ཁ་གང་ཡང་སྤྲད་མེད།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. བསྟན་འཛིན་ཕུན་ཚོགས says:
    ལོ་ 11 སྔོན།

    བདེན་པ་མ་ཡིན་པ་ལ་བདེན་པའི་ཐ་སྙད་ཙམ་ལས་མེད་པ་བདེན་པའི་ལན་ག་རེད་སྤྲོད་ཡག་ཡོ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese