མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨེའུ་རྒྱལ་པོ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་མཛད་རྗེས་བླ་མེད་བཞག་མྱོང་བའི་རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་མཆོག་རྒྱ་དམར་གྱི་བཙན་དབང་འོག་སྐུ་གཤེགས་པར་རྗེས་དྲན་ཞུས་སོང་།

 

IMG_3341དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་ཀིརྟིའི་བྱེ་བ་གྲྭ་ཚང་གི་འདུ་ཁང་ནང་ཀིརྟིའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་མཆོག་སྐུ་འཁྲུངས་ནས་ལོ་ ༡༠༠ འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱི་དབུས་ཀིརྟི་བྱེ་བ་གྲྭ་ཚང་གི་བླ་གྲྭ་ཡོངས་དང་། དེ་བཞིན་རྨེའུ་རྒྱལ་པོའི་སྲས་མོ་སྤྱི་ཟུར་མགོན་པོ་མཚོ་ལགས་དང་སྐུ་སྲིང་དོན་འགྲུབ་མཚོ་ལགས་སོགས་རྨེའུ་ཚང་གི་ནང་མི་ལྷན་རྒྱས་དང་། བོད་ནས་ཕེབས་པའི་མཇལ་སྐོར་བ་༨༠ མ་ཟིན་ཙམ། གཞན་ཡང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འཛོམས་འདུག་ལ། མཛད་སྒོའི་ཐོག་རྒྱལ་རོང་ཚོ་བདུན་ཀིརྟིའི་སེར་སྐྱ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་རྨེའུ་རྒྱལ་པོའི་སྲིང་མོ་དོན་འགྲུབ་མཚོ་ལགས་དང་རྒྱལ་པོའི་སྲས་མོ་སྤྱི་ཟུར་མགོན་པོ་མཚོ་རྣམ་གཉིས་ལ་རྨེའུ་རྒྱལ་པོའི་དྲན་རྟེན་ཕྱག་རྟགས་གནང་སོང་།

 

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྗེས་དྲན་གྱི་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་ནི་རྨེའུ་རྒྱལ་པོ་སྐུ་འཁྲུངས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་ཡིན་ཞིང་། དེ་ཡང་དཀའ་སྡུག་དང་མུན་ནག་གི་དུས་སུ་འཁེལ་ཡོད་དུས། མུན་ནག་གི་དུས་སྐབས་འདི་ང་ཚོའི་དྲན་པའི་ཡུལ་ལ་འཛིན་རྒྱུ་དེ་གཙོ་བོ་རེད་མ་གཏོགས། ང་ཚོས་འདིར་དགའ་དགའ་སྤྲོ་སྤྲོའི་ངང་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་མ་རེད། རྨེའུ་རྒྱལ་པོ་དགུང་ལོ་བཞིའི་སྐབས་ནས་མ་ཤི་བར་དུ་གཞན་གྱི་བཙན་དབང་འོག སྐུ་ངལ་མང་པོ་མྱངས་པའི་མཐའ་མར་རང་སྲོག་འདོར་དགོས་བྱུང་བ་རེད། དུས་ཚོད་དེ་ང་ཚོ་ཚང་མས་དྲན་པར་བྱེད་དགོས་པ་ཞིག་དང་། དྲན་ནས་ཀྱང་བོད་ལ་བདེ་སྐྱིད་ཡོང་བའི་ཆེད་དུ་ང་ཚོས་གང་ཐུབ་ཅི་ནུས་བྱེད་དགོས་པར་བསམ་བློ་གཏོང་རྒྱུ་ནི་ང་རང་ཚོ་སོ་སོའི་ལས་འགན་རེད་ལ། དེ་ལྟར་བྱེད་མུས་ཀྱང་ཡིན་པ་རེད། དེ་ཡང་དཔེར་ན་རྔ་བ་རྫོང་འདི་ལ་ཆ་བཞག་པ་ཡིན་ན། སྔོན་ཆད་གྲྭ་བའི་རྫོང་ཞེས་བཤད་སྲོལ་ཡོད་པ་ལྟར། གྲྭ་བ་མང་པོ་ཞེ་དྲགས་ཡོད་པ་རེད། ཆོས་བྱེད་མཁན་དེ་ཚོས་དངོས་གནས་ཧུར་ཐག་འབད་ཐག་ཞེ་དྲགས་བྱེད་ཀྱི་འདུག དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་ཚོར་ཆ་མཚོན་ན་ཡང་། བོད་ནང་དུ་རྨེའུ་རྒྱལ་པོ་ཁོ་རང་གི་མངའ་སྡེ་རང་ནས་ཡིན་པའི་རང་ལུས་མེར་སྲེག་གཏོང་མཁན་ཡུལ་མི་སུམ་ཅུ་སོ་གྲངས་ཤིག་བྱུང་འདུག དེ་བཞིན་ང་ཚོ་སྐྱབས་བཅོལ་བའི་ནང་ལ་མཚོན་ནའང་། རྨེའུ་རྒྱལ་པོའི་མངའ་སྡེ་ནས་ཡིན་པའི་༧རྒྱལ་བ་རིན་པོ་ཆེའི་སྐུ་སྒར་དྲུང་ཆེ་ཚེ་རྒྱམ་ལགས་དང་བློ་བཟང་ལགས། སྐུའི་སྨན་པ་བསྟན་འཛིན་མཐའ་ཡས་ལགས་སོགས་ཀྱིས་ཀྱང་འདི་གར་ལས་ཀ་བྱས་དང་བྱེད་མུས་སུ་ཡོད་པ་རེད། ཁ་སང་དེ་རིང་གི་མདོ་སྨད་ཚོགས་གཙོ་དེ་ཡང་རྨེའུ་རྒྱལ་པོའི་མངའ་སྡེ་དེ་ག་རང་ནས་ཡིན་པ་རེད། རི་ཡུལ་གཉིས་ཆ་ནས་གང་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱིན་འདུག་ལ། འབད་བརྩོན་བྱས་པ་དེས་བོད་གངས་ཅན་གྱི་བསྟན་པ་ཆབ་སྲིད་ལ་ཕན་གྱི་རེད་བསམ་གྱི་ཡོད། དེར་བརྟེན་དེ་རིང་འདིར་ང་ཚོས་རྗེས་དྲན་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན། ཞེས་གསུངས་སོང་།

 

 

45དེ་ཡང་མཛད་སྒོའི་ཐོག་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཨ་ལག་མཁས་བཙུན་རིན་པོ་ཆེས་རྨེའུ་རྒྱལ་པོའི་སྐུ་ཚེ་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་ཞུ་སྐབས། མདོ་སྨད་རྔ་ཡུལ་གྱི་རྒྱལ་ཐོག་བཅུ་བཞི་པ་༧རྨེའུ་ཆོས་རྒྱལ་ཆེན་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་མཆོག་ནི་ཡབ་རྨེའུ་རྒྱལ་པོ་ཞིང་སྐྱོང་བཀྲ་ཤིས་དང་ཡུམ་རྨེའུ་རྒྱལ་མོ་དཔལ་ཆེན་དོན་གྲུབ་འཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༡༥ ལོར་སྐུ་འཁྲུངས་པ་དང་། ༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་མཆོག་གིས་བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོར་བསླངས་པ་ཡིན་ཞེས་པའི་བཤད་སྲོལ་ཡོད་པ་ལྟར། ཆུང་དུས་ནས་ཡི་གེ་འབྲི་ཀློག་ལེགས་པར་བསླབས་ཤིང་སྐྱེས་སྟོབས་ཀྱི་ཡོན་ཏན་ཆེ་བ་དང་། བཀའ་ཆོས་དབང་ལུང་མང་དུ་གསན་པས་ཐུགས་རྒྱུད་ཞི་ཞིང་དུལ་བ། དད་པ་བརྟན་ཞིང་སྐྱབས་ཡུལ་དགེ་འདུན་པའི་སྡེ་ལ་ལྷག་པར་གུས་པ། འབངས་མི་སེར་སྐྱོང་མཁས་པ་དང་གཟི་བརྗིད་ཆེ་ཞིང་ཐུགས་སྒམ་པས་རྨེའུ་ཆོས་རྒྱལ་དུ་གྲགས་པར་གྱུར།

 

དུས་སྐབས་དེར་བོད་གངས་ཅན་པའི་ཆོས་སྲིད་ལུགས་གཉིས་ཆག་འཇིག་གི་གནས་སུ་ལྷུང་ཡོད་སྟབས། རྨེའུ་རྒྱལ་པོ་དགུང་ལོ་ཉེར་གྲངས་ཀྱི་སྐབས་ཏེ། ཕྱི་ལོ་ ༡༩༣༥ ནས་ ༡༩༣༦ ལོ་སོ་སོར་རྔ་ཡུལ་དུ་དམར་དམག་རྒྱང་བསྐྱོད་ཐེངས་གཉིས་རིང་བསླེབས་ཤིང་། བོད་སར་རྒྱ་དམར་གྱི་བཙན་འཛུལ་ཐོག་མ་དེ་བྱུང་བ་དང་། རྨེའུ་རྗེ་འབངས་ཀྱི་གཙོས་པའི་བོད་མིའི་ཕྱོགས་ཁག་མཉམ་འབྲེལ་སྣ་ཚོགས་ཀྱིས་སྔ་ཕྱིར་རྒྱ་དམག་ལ་འགོག་རྒོལ་དྲག་པོ་བྱས་ཀྱང་། གོ་ལག་བཟང་ངན་དང་དམག་དཔུང་མང་ཉུང་གི་རྐྱེན་པས་རྒྱ་དམག་འགོག་མ་ཐུབ་པར་བརྟེན། རྨེའུ་རྒྱལ་མོ་དཔལ་ཆེན་དོན་གྲུབ་མཚོས་རྨེའུ་ཚང་གི་རྒྱལ་ཁང་རྒྱ་དམག་གི་སྡོད་གནས་སུ་འཆོར་བར་དོགས་ཏེ་རྒྱལ་ཁང་མེར་བསྲེགས་ནས་རྒྱལ་འབངས་རྣམས་ཀྱིས་བྲོས་བྱོལ་གྱི་འཚོ་བ་རོལ་དགོས་བྱུང་།

 

ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ ལོའི་བར་བོད་རིགས་མགོ་ཁྲིད་དཀར་མཛེས་པ་བཀྲ་ཤིས་དབང་ཕྱུག་དང་། རྒྱལ་རོང་པ་ཐེན་པའོ་སངས་རྒྱས་ཡེ་ཤེས། བླ་བྲང་གི་ཨ་ཕ་ཨ་བློ། སྡེ་དགེའི་བྱ་རྒོད་སྟོབས་ལྡན། རེབ་གོང་ནང་སོ་བཀྲ་ཤིས་རྣམ་རྒྱལ་སོགས་མདོ་སྟོད་སྨད་ཀྱི་དབུ་ཁྲིད་དུ་མ་དང་ལྷན་དུ། རྨེའུ་རྒྱལ་པོས་དབུས་གཙང་ཁུལ་དུ་བོད་རང་སྐྱོང་ལྗོངས་རྒྱབ་མ་དང་། ཁམས་དང་ཨ་མདོའི་ས་ཁུལ་དུ་བོད་རང་སྐྱོང་ལྗོངས་མདུན་མ་ཞེས་བོད་རིགས་རང་སྐྱོང་གི་ས་ཁུལ་འཛུགས་སྟངས་གསར་པ་ཞིག་གི་འཆར་བཀོད་གནང་བར། རྒྱ་གཞུང་ནས་ཆོག་མཆན་ཐོབ་སྟེ་ལག་ལེན་དུ་བསྟར་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། ཆོག་མཆན་དེ་གློ་བུར་ཕྱིར་འཐེན་བྱས་པར་བརྟེན། བོད་རིགས་ཡོངས་རྫོགས་ཕྱོགས་སྒྲིལ་ཡོང་ཐབས་ཀྱི་སྲིད་ཇུས་ལ་ཕམ་ཉེས་བྱུང་ནའང་། མཐའ་མར་ད་ལྟའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་སུ་མ་ཚུད་པའི་བོད་རིགས་ས་ཁུལ་རྣམས་ལ་བོད་རིགས་རང་སྐྱོང་ཁུལ་དང་རྫོང་ཞེས་པའི་མིང་གནས་སྲིད་ཇུས་གཏན་འབེབས་ཐུབ་པ་བྱུང་།

 

ཕྱི་ལོ་ ༡༩༥༨ ལོར་རྒྱ་གཞུང་གིས་རྔ་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་པའི་སྐབས་སུ། བོད་མི་སྤྱི་དང་། ལྷག་དོན་ཞྭ་སེར་སྒྲུབ་སྡེ་བཅོ་བརྒྱད་དང་མངའ་འབངས་སུ་གཏོགས་པའི་མི་སེར་རྣམས་རྒྱ་གཞུང་གི་དྲག་པོའི་བཅོས་བསྒྱུར་གྱི་མནར་གཅོད་དང་དཀའ་སྡུག་ལས་སྐྱོབ་ཆེད། རྨེའུ་རྒྱལ་པོས་རང་ཉིད་ཀྱི་རྒྱལ་གཞིས་མངའ་ཐང་བློས་བཏང་སྟེ། རྒྱ་གཞུང་གི་མིང་གནས་མཐོ་དམའ་སྣ་ཚོགས་རིམ་པར་བཞེས་ཏེ་མི་རིགས་རང་སྐྱོང་གི་སྲིད་ཇུས་མངོན་འགྱུར་ཡོང་བ་དང་། ས་གནས་ཞི་བདེ་ལྷིང་འཇགས་ཡོང་ཐབས་སུ་འབད་བརྩོན་ལྷོད་མེད་གནང་།

 

ཕྱི་ལོ་ ༡༩༦༦ ལོར་རྨེའུ་རྒྱལ་པོ་དང་རྒྱལ་མོ་གཉིས་མཱིན་ཅང་གཙང་པོར་མཆོངས་ནས་རང་སྲོག་འདོར་དགོས་བྱུང་སྐབས། རྒྱ་གཞུང་གིས་ཁོང་ལ་གསར་བརྗེའི་ངོ་ལོག་པ་དང་། དགྲ་བོ་དང་རང་ཕྱོགས་བར་གྱི་འགལ་ཟླ་ཟེར་བའི་ནག་ཉེས་ཀྱི་ཞྭ་མོ་སྣ་ཚོགས་བསྐོན་པ་སོགས་ནི་རྨེའུ་རྒྱལ་པོའི་དངོས་བྱུང་ལོ་རྒྱུས་ཡིན་ཞིང་། དེ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ངས་དམིགས་བསལ་ཞུ་འདོད་པ་ཞིག་ལ། ཐོག་མར་ང་པེ་ཅིན་ལ་སླེབས་སྐབས། རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་རྒྱ་ནག་ལ་སླེབས་ཡོད། དེ་དུས་ཁོང་ལ་ཐོག་མར་ཐུག་པ་ཡིན། ཁོ་ལོ་རྒན་པ་ཞིག་མ་རེད། ཕོ་གསར་ཞིག་རེད་དེ་ཧ་ལས་པའི་དད་པ་ཆེན་པོ་དང་། དད་པ་བརྟན་པོ་ཡོད་མཁན་ཞིག་ཡིན་ཞེས་བཀའ་སློབ་ཕེབས་ཡོད། ཅེས་གསུངས་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༥ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༧ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༨ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese