མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕུགས་རྒྱང་རིང་པོར་མུ་མཐུད་ཧུར་བརྩོན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྙན་ངག་ཅེས་པའི་ཚིག་དེ་ངག་དེ་སྙན་པའི་སྒོ་ནས་གོ་ཐུབ་པ་ཞིག་ལ་སྙན་ངག་ཟེར་ཞིང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་ཐོག་ནས་ལུས་ཀྱི་སྒོ་ནས་ཡ་རབས་སྤྱོད་བཟང་དང་། ངག་གི་སྒོ་ནས་སྙན་པོ་དགོས་པ་ཞིག་ལ་ལབ་ཀྱི་ཡོད་རེད། ཅེས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བརྗོད།

IMG_4680དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་<<སེམས་ཀྱི་གསང་བ་>>ཞེས་པའི་སྙན་དེབ་ཅིག་དབུ་འབྱེད་གནང་སོང་། སྙན་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཙོས་པའི་དོ་སྣང་ཅན་ ༣༠ ལྷག་འཛོམས་འདུག

དཔེ་དེབ་དེའི་ནང་སྙན་ངག་ཚིག་བཅད་ ༥༩ དང་ཤོག་ངོས་ ༦༢ ལས་གྲུབ་པའི་དེབ་ཆུང་ཞིག་ཡིན་ཞིང་། དེབ་དེའི་མགོར་དགའ་ལྡན་ཕོ་བྲང་གི་ཞུ་ཚིག་ཅིག་ཕུལ་ཡོད་པའི་ནང་། “སྔ་ལོ་བོད་ཕྲུག་ཁྱིམ་སྡེར་ནང་ཆོས་ངོ་སྤྲོད་སྐབས་སྙན་ངག་གྱེར་འདོན་བྱས་པ་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་པ་ལྟར་ཡར་རྒྱས་ལ་མཐའ་མེད་པས་མུ་མཐུད་མདུན་བསྐྱོད་ཐུབ་པའི་རེ་བ་ཡོད། ཁོ་རང་གི་དམིགས་དོན་བཞིན་གཞོན་སྐྱེས་གཞན་རྣམས་ཀྱིས་ཀྱང་མིག་དཔེ་ཡར་ལྟོས་ཀྱི་ཚུལ་དུ་བོད་ཡིག་འབྲི་རྩོམ་ཐོག་རང་དོན་རང་གཅེས་ཀྱིས་སེམས་ཁུར་དོ་སྣང་མི་ལྷོད་པ་དགོས་པའི་འབོད་སྐུལ་དང་བཅས” ཞེས་སོགས་བཀོད་འདུག

གསར་སྐྱེས་སྙན་ངག་མ་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་ཁོ་མོའི་སྙན་དེབ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་རྗེས། སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་དོན། འདིར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་ཁག་གི་མི་སྣ་དང་རྩོམ་པ་པོ་མང་པོ་ཞིག་ཕེབས་འདུག ང་ཚོ་འདིར་ཡོང་དོན་ལོ་ཆུང་རྩོམ་པ་པོ་མོ་རང་གིས་སོ་སོའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱས་ཏེ། སོ་སོའི་སེམས་ཚོར་ཡིག་ཐོག་ཏུ་བཀོད་ནས་དེབ་བཏོན་པ་དེ་ཧ་ཅང་ཡག་པོ་རེད་ཟེར་ནས་ཡོང་བ་རེད། རྩོམ་པ་པོ་འཇམ་དབྱངས་སྒྲོལ་མ་མོ་རང་ལ་མཚོན་ན་ད་དུང་འགྲོ་རྒྱུ་མང་པོ་ཞིག་བསྡད་ཡོད་པ་རེད། ཕུགས་རྒྱང་རིང་བོའི་ཐོག་ནས་མུ་མཐུད་ཧུར་བརྩོན་གནང་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད། བོད་པའི་སྐད་དང་ཡི་གེ་ཟེར་བ་དེ་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་རེད། སྲོག་རྩ་དེར་བདག་པོ་མ་བརྒྱབ་ན་ཤི་འགྲོ་རྒྱུ་ཉག་ཅིག་རེད། བཙན་བྱོལ་ནང་སྐྱེས་འཚར་བྱུང་བ་ཚོ་བོད་ཡིག་སྐྱོ་བོ་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད། ཕྱིས་སུ་བོད་ནས་བསླེབས་པའི་མང་པོ་ཞིག་གིས་འབྲི་རྩོམ་ལ་ཐུགས་སྣང་ཆེན་པོ་བྱས་ཏེ་དེང་སང་ཅུང་དྲག་ཏུ་ཕྱིན་ཡོད། ཁྱེད་རང་རྒྱ་གར་ནང་སྐྱེས་པའི་ན་ཆུང་ཞིག་རེད། འདི་འདྲ་དཀའ་ལས་བརྒྱབ་ནས་རྩོམ་བྲིས་ཏེ་དཔེ་དེབ་དཔར་འགྲེམ་བྱེད་རྒྱུ་དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། ཡིན་ནའང་ཁྱེད་རང་གིས་སྙན་རྩོམ་འདི་འདྲ་བརྩམས་གནང་བ་ཧ་ལས་པའི་ཡག་པོ་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། སྙན་ངག་གི་སྐོར་ནས་ཡིན་ན། སྙན་ངག་ཅེས་པའི་ཚིག་དེ་ངག་དེ་སྙན་པའི་སྒོ་ནས་གོ་ཐུབ་པ་ཞིག་ལ་སྙན་ངག་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སྤྱིར་བཏང་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་ཐོག་ནས་བཤད་ན་ལུས་ཀྱི་སྒོ་ནས་ཡ་རབས་སྤྱོད་བཟང་དང་། ངག་གི་སྒོ་ནས་སྙན་པོ་དགོས་པ་ཞིག་ལ་ལབ་ཀྱི་ཡོད་རེད། དགེ་ཆོས་མཆོག་གི་གསུང་བཤད་ཅིག་ཏུ། དེང་སང་གི་མི་ཚོས་ལས་སླ་པོ་ཞིག་ཁག་ཏུ་བཏང་ནས་བྲིས་ན་མཁས་པར་རློམ་གྱི་འདུག་ཅེས་གསུངས་ཡོད་པ་ལྟར་རེད། ཡང་ཕྱི་རྒྱལ་བའི་ལེགས་བཤད་ཅིག་ནང་། རྩོམ་པ་པོ་ཞིག་གིས་རྩོམ་འབྲི་དུས་ཐོག་དང་པོར་ཁོ་རང་དང་དཀོན་མཆོག ཁོ་རང་གི་བཟའ་ཟླ་གསུམ་གྱིས་གོ་གི་ཡོད་ཟེར་བ་དང་། བར་སྐབས་ཤིག་ལ་ཁོ་རང་དང་དཀོན་མཆོག་གཉིས་མ་གཏོགས་གཞན་གྱི་ཤེས་ཀྱི་མེད་ཟེར། མཐའ་མ་དེ་ལ་དཀོན་མཆོག་མ་གཏོགས་ཁོ་རང་གིས་ཀྱང་ཧ་གོ་གི་མེད་ཅེས་བཤད་སྲོལ་ཡོད་པ་རེད། ཅེས་བརྗོད་སོང་།

12642956_10206887586081894_7101782307827032111_nགཞོན་སྐྱེས་སྙན་ངག་མ་འཇམ་དབྱངས་སྒྲོལ་མ་ལགས་ནི་ཕྱི་ལོ་ ༢༩༩༧ ལོའི་ཕྱི་ཟླ་ ༤ བའི་ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་གཉིས་པའི་ཕ་མེར་བ་སྤེན་པ་ཚེ་རིང་དང་མ་པདྨ་གཡང་སྐྱིད་ཀྱི་བུ་མོར་སྐྱེས་ཤིང་། འཛིན་རིམ་དང་པོ་ནས་བཅུ་བའི་བར་བདེ་སྐྱིད་སླར་གསོའི་དབུས་ཉིན་སློབ་ཏུ་སློབ་སྦྱོང་བྱས་པའི་རིང་ལ་བཀའ་དྲིན་ཅན་གྱི་ཕ་མ་དང་དགེ་རྒན་རྣམས་ཀྱི་ཐུགས་རེ་བཞིན། གཙང་སྦྲ་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོ། ཡ་རབས་སྤྱོད་བཟང་སོགས་ཕྱོགས་གང་ཐད་ནས་ཡག་པོ་ཡོད་སྟབས། སྔ་རྗེས་སུ་སློབ་གྲྭའི་རྒན་བདག་དང་རྩེད་རིགས། རིག་གཞུང་འཁྲབ་སྟོན། རིག་རྩལ་འགྲན་བསྡུར་སོགས་ལ་འགན་ཁུར་བ་དང་མཉམ་ཞུགས་གནང་མྱོང་བ་མ་ཟད། ༢༠༡༥ ལོའི་ཕྱི་ཟླ་ ༡༡ པོའི་ཚེས་ ༡༢ ཉིན་སྦེལ་ཀོབ་དབུས་ཉིན་སློབ་ནས་སློབ་མཐར་ཕྱིན་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་དབུས་བོད་སློབ་འཛིན་ཚོགས་ནང་འཛིན་རིམ་བཅུ་གཉིས་ཡིག་རྒྱུག་ཁྲོད་ཨང་གསུམ་པ་ཐོབ་ཡོད་འདུག

གསར་འགོད་པས་བཅར་འདྲིས་སྐབས་སུ་ཁོ་མོས། དེང་སང་ང་ཚོ་བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་མི་འདུག གཞོན་སྐྱེས་མང་ཆེ་བས་དབྱིན་ཡིག་གི་སྒྲུང་རྩོམ་མ་གཏོགས། བོད་ཡིག་གི་སྒྲུང་རྩོམ་ཞེ་དྲགས་ཀློག་གི་མི་འདུག དེ་བས་ངས་གོ་བདེ་བའི་ཐོག་ནས་སྙན་རྩོམ་ཐོག་འདི་བྲིས་པ་ཡིན། ང་ཚོ་སྦེལ་ཀོབ་གཞིས་གྲོང་དུ་ང་རང་སྙན་དེབ་རྩོམ་མཁན་ཐོག་མ་ཡིན་རྒྱུ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese