མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉན་ནད་ཀྱི་འགུལ་རིས་བརྙན་ཐུང་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གཉན་ནད་རེག་དུག་སྔོན་འགོག་བྱེད་ཐབས་སྐོར་གྱི་བོད་སྐད་འགུལ་རིས་བརྙན་ཐུང་ཞིག་དབུ་འབྱེད་གནང་སོང་།

IMG_4767དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཨ་རིའི་སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་(Stanford University )ཀྱིས་ཆེད་འཛུགས་གནང་པའི་གཉན་ནད་སློབ་གསོ་ཚོགས་པ་(TeachAIDS )གཉིས་མཉམ་འབྲེལ་ཐོག གཉན་ནད་རེག་དུག་(HIV AIDS)སྔོན་འགོག་བྱེད་ཐབས་སྐོར་ཀྱི་བོད་སྐད་འགུལ་རིས་བརྙན་ཐུང་ཞིག་དབུ་འབྱེད་གནང་སོང་།

ལས་གཞིའི་འབྲེལ་ཡོད་ལས་བྱེད་ཉི་མ་རྒྱལ་མཚན་ལགས་ཀྱིས་འགུལ་རིས་བརྙན་ཐུང་དེ་ངོ་སྤྲོད་གནང་སྐབས། སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱིས་ལོ་ལྔ་རིང་ཆེད་ལས་པ་མང་པོས་གཉན་ནད་རག་དུག་སྔོན་འགོག་སྐོར་ལ་ཞིབ་འཇུག་གནང་བ་བརྒྱུད་བརྙན་ཐུང་དེ་བཟོས་ཡོད་པ་དང་། ད་ལྟའི་ཆར་བརྙན་ཐུང་དེ་འཛམ་བུ་གླིང་གི་རྒྱལ་ཁབ་ ༨༠ ནང་སྐད་རིགས་མི་འདྲ་བ་ ༢༦ ཐོག་བཟོས་ཡོད་པ་དང་། ལོ་ཤས་ཀྱི་སྔོན་དུ་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་སློབ་གསོ་ཚོགས་པར་གཉན་ནད་རེག་དུག་སྔོན་འགོག་སྐོར་ནས་གློག་བརྙན་ཞིག་བཟོ་ཐུབ་ན་ཡག་པོ་ཡོད་པའི་རེ་སྐུལ་གནང་བ་ལྟར། གོང་བརྗོད་གློག་ཐུང་དེ་བོད་སྒྱུར་བྱས་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་འགུལ་རིས་མཉམ་དུ་བོད་སྐད་དང་བོད་ཡིག་ཟུང་འབྲེལ་ཐོག་བཟོས་ཡོད་སྐོར་བརྗོད་སོང་།

བརྙན་ཐུང་དབུ་འབྱེད་ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་བརྙན་ཐུང་གི་བྱུང་རིམ་ངོ་སྤྲོད་གནང་སྐབས། ད་ལྟའི་ཆར་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ནང་གཉན་ནད་རེག་དུག་གི་ན་ཚ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གཉན་ནད་རེག་དུག་ཡོད་མཁན་གང་ལ་གང་འཚམ་ཞིག་ཡོད་པ་དང་། དེ་བཞིན་བོད་ནང་ཡིན་ནའང་ན་ཚ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་ལ། ད་ལྟའི་ཆར་ན་ཚ་དེ་བཅོས་ཐབས་མེད་པ་ཞིག་ཆགས་ཡོད་ཀྱང་། སྔོན་འགོག་བྱེད་ཐུབ་པའི་ན་ཚ་ཞིག་ཆགས་ཡོད་སྟབས། འཛམ་གླིང་སྤྱི་ཡོངས་ཀྱི་ནང་གཉན་ནད་རེག་དུག་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད། གཉན་ནད་སློབ་གསོ་ཚོགས་པས་རྒྱལ་ཁབ་ ༨༠ ནང་སྐད་རིགས་ ༢༦ ཐོག་གློག་བརྙན་དེ་བཟོ་བསྐྲུན་བྱས་ཡོད་པ་དང་། ད་ལན་བོད་སྐད་ནང་བསྒྱུར་བ་དེ་སྐད་རིགས་ ༢༧ པ་ཆགས་ཡོད་པ་དང་། བརྙན་ཐུང་དེ་རྒྱ་བལ་འབྲུག་གསུམ་གྱི་གཙོས་ཕྱི་རྒྱལ་ཁག་དང་ལྷག་པར་དུ་བོད་ནང་ཁྱབ་ཐུབ་པའི་ཆེད་དུ། བོད་ཀྱི་དྲ་བརྙན་གསར་འགྱུར་སོགས་བརྒྱུད་ནས་དྲ་ཐོག་ནས་ལྟ་ཐུབ་པ་བཟོས་ཡོད་ལ། མ་འོངས་པར་འོད་སྡེར་ ༡༠༠༠༠ བཟོ་སྐྲུན་བྱས་ནས་འགྲེམས་སྤེལ་གནང་འཆར་ཡོད་སྐོར་དང་། བརྙན་ཐུང་ནང་སྐད་དང་འགུལ་གཟུགས་ཚབ་བྱེད་པ་བླ་སྨན་པ་ཚེ་བརྟན་ལགས་དང་གཞས་པ་ཕུར་བཀྲིས་རྣམ་རྒྱལ་གཉིས་ཀྱི་གཙོས་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཉན་ནད་རེག་དུག་སྔོག་འགོག་གི་ལས་གཞི་དེ་དང་འབྲེལ་བའི་གསལ་བསྒྲགས་ནང་། གཉན་ནད་རེག་དུག་སྟེ་ (HIV AIDS )ཞེས་པའི་ནད་གཞི་ནི་ལོ་ན་རྒན་གཞོན་དང་། ཕོ་མོ། དབུལ་ཕྱུག་བཅས་དབྱེར་མེད་ལ་འགོ་གི་ཡོད། ན་ཚ་འདི་གྲྭ་བཙུན་ལའང་འགོ་སྲིད། དེའི་ཁྱིམ་ཚང་དང་། སྤྱི་ཚོགས། དེ་ནས་རྒྱལ་ཁབ་ཁྱོན་ཡོངས་ལ་ཉམས་ཉེས་སུ་འགྲོ་ངེས་རེད། ན་ཚ་དེར་བཅོས་ཐབས་མེད་ཀྱང་ང་ཚོས་གོ་རྟོགས་མཐིལ་ཕྱིན་པ་ཞིག་བྱས་པའི་སྒོ་ནས་ ནད་གཞི་དེར་སྔོན་འགོག་བྱེད་ཐུབ། ང་ཚོ་བོད་མི་རྣམས་གཟུགས་གཞི་བདེ་ལ་གཉན་ནད་རེག་དུག་ལ་གདོང་ལེན་ཐུབ་པ་ཡོང་བར་ ནད་གཞི་ཁྱབ་བརྡལ་འགྲོ་བ་དེ་འགོག་རྒྱུ་ནི་གལ་ཆེ་ཤོས་ཤིག་ཆགས་ཡོད། དེ་ནི་ང་ཚོའི་འཕྲོད་བསྟེན་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་ཛ་དྲག་ཅིག་དང་། སྤྱི་ཚོགས་གཅེས་སྲུང་ལ་ཤིན་ཏུ་མཁོ་བའི་གོམ་པ་ཞིག་རེད།

ང་ཚོས་ནད་གཞི་དེར་རྒྱུས་མངའ་ལོན་པ་དང་ཕྱོགས་མཚུངས་སྤྱི་ཚོགས་ཀྱི་མཐོང་ཚུལ་ངན་པ་རྣམས་སེལ་ཏེ་སྙིང་རྗེ་བརྩེ་སེམས་ཀྱི་ཐོག་ནས་གནས་ཐབས་བྱ་དགོས། གཉན་ནད་རེག་དུག་ (HIV AIDS) གིས་མནར་བའི་ནད་པ་རྣམས་ལ་བྱམས་སྙིང་རྗེ་དང་། གུས་བཀུར་བྱ་རྒྱུ་ནི་གཙོ་ཆེ་ཤོས་ཤིག་རེད། ང་ཚོ་ཆེ་མཐོང་ལྡན་པའི་མི་ཞིག་ཡིན་པའི་ཆ་ནས་( HIV AIDS )གཉན་ནད་རེག་དུག་གི་མི་ཕན་ཚུན་དབར་འབྲེལ་ལམ་བྱེད་ཕྱོགས་ཐད་ཤུགས་རྐྱེན་མ་ཐེབས་པར་བྱེད་དགོས། ཞེས་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese