མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ས་ཨན་ཀ་ར་ཡི་ནང་འགལ་རྫས་བཀལ་གཏོར།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཀ་རའི་ནང་འགལ་རྫས་བཀལ་གཏོར་བཏང་སྟེ་དམག་མི་དང་སེར་མི་ ༨༩ ཤི་རྨས་བྱུང་ཡོད་འདུག

Screen Shot 2016-02-18 at 11.46.09 AMཁ་སང་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཡས་མས་སུ་ཨེ་ཤ་ཡའི་ནུབ་རྒྱུད་དང་ཡུ་རོབ་གླིང་གི་ལྷོ་ཤར་གྱི་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ (Turkey) ཀྱི་རྒྱལ་ས་ཨན་ཀ་ར་ (Ankara) ནང་ཡོད་པའི་ཏུར་ཀིའི་གྲོས་ཚོགས་ཁང་དང་སྲིད་གཞུང་གི་ལྟེ་གནས། དམག་སྲིད་སྤྱི་ཁྱབ་ཁང་གི་ཉེ་འགྲམ་དུ་འགལ་རྫས་ཐོགས་པའི་རླངས་འཁོར་ཞིག་དམག་མིའི་སྤྱི་སྤྱོད་རླངས་འཁོར་གཉིས་ཀྱི་བར་དུ་བཀལ་གཏོར་བཏང་བའི་ཁྲོད་ཉུང་མཐར་མི་ ༢༨ བསད་པ་དང་མི་ ༦༡ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གྲོང་ཁྱེར་སྨན་ཁང་ཁག་ཏུ་བསྐྱེལ་དགོས་བྱུང་ཡོད་པ་དང་། ད་ལྟ་ཨན་ཀ་ར་གྲོང་ཁྱེར་ཉེན་རྟོག་པས་གསང་བའི་བརྙན་ལེན་པར་ཆས་སྤྱད་དེ་འགལ་རྫས་དོན་རྐྱེན་སློང་མཁན་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་འདུག

ཏུར་ཀིའི་སྲིད་འཛིན་ཊེ་ཡེབ་ཨར་ཌོ་གྷན་ (Tayyip Erdogan) གྱིས། ང་ཚོས་མུ་མཐུད་མི་གསོད་དོན་རྐྱེན་སློང་མཁན་སློང་མཁན་ཚོར་འཐབ་འཛིང་བྱེད་དགོས། ཁོ་ཚོར་འགྲོ་བ་མིའི་བདེ་སྡུག་གི་འདུ་ཤེས་དང་ཀུན་སློང་ཡག་པོ་ཡོད་མ་རེད། ཉི་མ་རེ་རེའི་རྒོལ་འཛིང་གི་རྒྱབ་ལོགས་ན་བརྒྱུད་སྐུལ་གཏོང་མཁན་འཇིགས་སྐུལ་དྲག་སྤྱོད་པ་མང་པོ་ཡོད་རེད། ཅེས་བརྗོད་འདུག

ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་སྲིད་གཞུང་གི་མགྲིན་ཚབ་པ་ནུ་མན་ཀུར་ཊུལ་མུ་སི་ (Numan Kurtulmus) ཡིས། ཐེངས་འདིའི་འགལ་རྫས་བཀལ་གཏོར་གྱི་དོན་རྐྱེན་ཁྲོད་དམག་མི་དང་མི་སེར་ ༨༩ ལ་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པའི་འགལ་རྫས་དེ་ཁ་སང་ཕྱི་དྲོར་འགྲིམ་འགྲུལ་འདུ་འཛི་ཆེ་བའི་སྐབས་སུ་གྲོས་ཚོགས་ཁང་ནས་མི་ཊིར་ ༥༠༠ མཚམས་སུ་བཀལ་གཏོར་བཏང་བ་རེད་ཅེས་བརྗོད་ཅིང་། ཁྲིམས་ཁང་བློན་ཆེན་བྷི་ཀེར་བྷོ་ཙ་ཌ་གྷི་ (Bekir Bozdag) ཡིས། ཐེངས་འདིའི་འགལ་རྫས་དོན་རྐྱེན་དེ་འཇིགས་སྐུལ་དྲག་སྤྱོད་པས་འཚོགས་བཞིན་པའི་གྲོས་ཚོགས་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཏུར་ཀིའི་རྒྱལ་ནང་དུ་འབྱུང་བཞིན་པའི་ཟིང་འཁྲུག་གི་འབྱུང་རྐྱེན་གཙོ་བོ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དང་འབྲེལ་བ་མ་ཟད། ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སི་རི་ཡ་ (Syria) དང་ལྷོ་ཤར་ཁུལ་གྱི་ཀུར་ཌེ་སི་ཐན་ (Kurdistan) ཁ་ཆེ་མི་རིགས་བར་གྱི་མི་ལོ་བཅུའི་འཁྲུག་རྩོད་ནང་ཚུད་པ་ཞིག་ཡིན་འདུག

ཕྱི་ལོ་ ༡༩༩༠ ལོ་ནས་ཀུར་ཌེ་ཤཱ་ཁ་ཆེ་དམངས་དམག་ཚོགས་པའི་ (PKK) འཐབ་འཁྲུག་དེ་འདས་ལོའི་ཕྱི་ཟླ་ ༧ ནང་ཞི་འཇགས་གཏོང་ཐུབ་ཡོད་ཅིང་། འཁྲུག་འཛིང་གི་རྩོད་རྙོག་གཙོ་བོ་ཁ་ཆེ་མི་རིགས་ས་གནས་རང་སྐྱོང་ཡིན་པ་རེད།

ཀུར་ཏེ་ཤཱ་ཁ་ཆེ་དམངས་དམག་དང་ངལ་རྩོལ་ཚོགས་ཁག་གཉིས་བར་གྱི་འཁྲུག་འཛིང་ལ་བརྟེན་ནས་འདས་ལོའི་ཕྱི་ཟླ་ ༡༠ ནང་ཏུར་ཀིའི་རྒྱལ་ས་ཨན་ཀ་རའི་མེ་འཁོར་ས་ཚུགས་སུ་འགལ་རྫས་བཀལ་གཏོར་བཏང་སྟེ་ཡུལ་མི་དང་དམངས་དམག་ ༡༠༠ ལྷག་དམར་གསོད་ཐེབས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་ཏུར་ཀིའི་གྲུ་ཁ་ཨ་སི་ཊན་བྷུལ་ (Istanbul) ནང་འགལ་རྫས་བཀལ་གཏོར་ཁྲོད་དུ་འཇར་མན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ ༡༠ དམར་གསོད་བཏང་བ་དེ་ཡང་ཡུལ་དེའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པར་དོགས་གཞི་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༧ ནང་སི་རི་ཡའི་མཐའ་མཚམས་སུ་འཁེལ་བའི་ཏུར་ཀིའི་གྲོང་རྡལ་སུ་རུ་ཁི་ (Suruc) ནང་འགལ་རྫས་བཀལ་གཏོར་ཁྲོད་མི་ ༣༠ དམར་གསོད་བཏང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese