མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སིལ་བུའི་དཀའ་ངལ་དེ་ད་ལྟ་ང་ཚོས་མྱོང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་པ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ལགས་ནས་ད་ལྟ་འཇོན་ཐང་ངོམ་པའི་དུས་ཚོད་ཡིན་པ་ལས་བོད་འཐོར་ཞིག་ཏུ་གཏོང་བར་བསམ་བློ་གཏང་ན་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཁྲུལ་ཡིན་སྐོར་བརྗོད་སོང་།

1དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་པ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་གི་འགན་འཛིན་རྒན་ཚེ་རིང་བསམ་གྲུབ་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩའི་ཇུས་སྟོན་པ་ཚེ་དབང་རིག་འཛིན་ལགས་རྣམ་གཉིས་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱི་དབུས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་རིག་གནས་ཁྱབ་ཁོངས་ཀྱི་དགོན་སྡེ་བཅས་ནས་ཁྱོན་ཚོགས་ཞུགས་པ་ ༦༥ མ་ཟིན་ཙམ་འཛོམས་ཀྱི་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་རྣམ་གཉིས་ནས་ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་སྟེ་༼རང་ངོ་རང་ཤེས། རང་འགན་རང་འཁུར༽ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་སྦྲགས། བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་རིམ་སོན་པའི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་དང་བྱ་དགའ་གནང་སོང་།

མཛད་སྒོའི་ཐོག་གོ་སྒྲིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཤེས་དཔལ་ལྡན་ལགས་ཀྱིས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྒྱབ་ལྗོངས་དང་ཐེངས་བཅུ་པའི་ཚོགས་ཆེན་གྱི་བརྗོད་གཞི་འདེམས་སྟངས་སོགས་ངོ་སྤྲོད་གནང་སོང་བ་དང་། དམིགས་བསལ་སྐུ་མགྲོན་ཚེ་དབང་རིག་འཛིན་ལགས་ནས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་འཕེལ་རིམ་དང་གལ་འགངས་རང་བཞིན་སྐོར་གཏམ་བཤད་གནང་སྐབས། མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཐོག་མར་བཙུགས་དུས་ནས་བོད་རིགས་སློབ་ཕྲུག་ཚོས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱིས་མྱུར་ཏུ་བོད་ལ་ལོག་ཐུབ་པ་ཡིན་ན། བོད་གསར་པ་དེ་འཛུགས་སྐྲུན་བྱེད་མཁན་གྱི་མིང་དོན་མཚུངས་པའི་བོད་མི་ཞིག་སྐྱེད་སྲིང་བྱེད་ཆེད་དང་། གལ་སྲིད་བོད་དུ་ལོག་མ་ཐུབ་པ་ཡིན་ནའང་བཙན་བྱོལ་ནང་ལྷག་པའི་རིང་མིང་དོན་མཚུངས་པའི་བོད་མི་ཞིག་སྐྱེད་སྲིང་ཡོང་བའི་དམིགས་ཡུལ་བཟུང་སྟེ་བཙུགས་པ་ཡིན་སྐོར་སོགས་བརྗོད་སོང་།

3དེའི་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ནས་གནའ་དེང་རིག་གནས་ཟུང་འབྲེལ་གྱིས་སྦྱོང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་སྐབས། ཤེས་ཡོན་ཟེར་བ་དེར་གྲངས་ཀ་བརྒྱབ་ན་གྲངས་ལས་འདས་པ་ཞིག་རེད་དེ་ཚུར་བསྡུས་པ་ཡིན་ན། དེང་དུས་དང་སྲོལ་རྒྱུན་གཉིས་ཀྱི་ནང་འདུས་ཀྱི་ཡོད་ལ། དེང་དུས་དང་སྲོལ་རྒྱུན་གཉིས་ཀྱི་ནང་ནས་དེང་དུས་ཀྱི་ནང་ནས་ལེགས་ཆ་མང་པོ་ལེན་མཁན་ཡོད་པ་རེད་དེ། ང་ཚོ་བོད་པ་འདི་ད་ལྟ་བཙན་བྱོལ་བའི་གནས་སྐབས་ཤིག་གི་ནང་བསྡད་ཡོད་དུས། དེང་དུས་དང་སྲོལ་རྒྱུན་གཉིས་ཀའི་ཐོག་ནས་གོམ་པ་ཞིག་རྒྱག་མ་ཐུབ་ན། བོད་མི་ཟེར་བ་འདི་གསོན་པོར་གནས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། རྒྱལ་ཁབ་ཡོད་མཁན་ཞིག་ཡིན་ན་དེང་དུས་ཀྱི་ཤེས་ཡོན་ཐོག་ནས་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་ཙམ་དང་། གང་ཟག་བྱེ་བྲག་པ་རེ་གཉིས་ཀྱི་དཔལ་འབྱོར་གྱི་ཁེ་ཕན་ཞིག་གི་ཐོག་ནས་ནུས་པ་ཞིག་འདོན་ཐུབ་ན་འགྲིག་གི་ཡོད་པ་རེད། ང་ཚོ་བོད་མི་ཚོས་རང་རང་གི་མི་ཚེའི་ནང་ལྟོ་གོས་ཀྱི་དཀའ་ངལ་མ་འཕྲད་པ་ཙམ་གྱི་ལས་གནས་ཤིག་བཟུང་སྟེ། དེའི་ཐོག་སློབ་སྦྱོང་སྤྲད་པ་ཡིན་ན། ང་ཚོ་བོད་པ་ལོགས་སུ་བཙན་བྱོལ་དུ་བསླེབས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འཁྲིད་དེ་འདས་པའི་ལོ་ངོ་ ༥༠ ལྷག་རིང་བཙན་བྱོལ་གྱི་སྤྱི་ཚོགས་ཟུར་དུ་བཙུགས་པར་དགོས་པ་དམིགས་བསལ་གང་ཡང་འགྲུབ་ཡོད་པ་མ་རེད་དྲན་གྱི་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། མཐོ་རིམ་སློབ་མའི་ཐོག་མའི་དམིགས་ཡུལ་ལྟར་ད་ལྟ་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཐུབ་པ་བྱུང་ཡོད་པ་དང་། འདི་ཚོགས་ཐུབ་པ་བྱུང་བར་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་ཆ་བཞག་ན། སོ་སོའི་ཉིན་རེའི་སློབ་སྦྱོང་ཆ་ཚང་དང་ཡིག་ཚད་ཕྱིན་པ་དང་། དེ་བཞིན་སློབ་གྲྭ་འདིའི་འབྲེལ་ཡོད་ལས་ཀ་མང་པོ་ཞིག་ཡོད་པ་རེད། དཀའ་ལས་མང་པོ་ཡོད་ཀྱང་དེ་ཚོ་ཆེ་བཞག་ཆུང་བཞག་གི་ཐོག་ནས་དཀའ་ལས་བརྒྱབ་པ་དང་། སོ་སོར་ཉིན་རེ་བཞིན་གྱི་ལས་ཀ་ཆུ་ཡི་གཉེར་མ་བཞིན་དུ་ཡོད་ཀྱང་། དེ་ཚོ་མང་པོ་ཞིག་སྤྱི་པ་རང་གི་སྒང་ལ་ཚུར་རུག་རུག་བྱས་ནས་ཡོང་བ་དེར་ངས་དམིགས་བསལ་གྱིས་ཁྱེད་རང་ཚོར་ཐུགས་རྗེ་གནང་ཞེས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུས་པ་ཡིན། འདི་འདྲ་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་ང་ཚོ་བོད་པ་ཟེར་བ་འདི་རྡོག་རྩ་གཅིག་སྒྲིལ་རེད། ང་ཚོའི་སྤྱི་ཚོགས་ནང་གཅིག་ཤར་ལ་འགྲོ་དུས་གཅིག་ནུབ་ལ་འགྲོ་ཡི་ཡོད་པ་རེད་ཟེར་བ་རྐྱང་རྐྱང་བྱེད་ཀྱི་འདུག དེ་རྩ་བ་ཉིད་ནས་ཡག་པོ་མ་རེད། ང་ཚོ་གཅིག་གྱུར་བྱེད་དགོས་པ་རེད་མ་གཏོགས་ལོ་རྒྱུས་སྒང་ནས་བཤད་པ་ཡིན་ན་བོད་སིལ་བུར་འཐོར་བ་དེའང་ད་ལྟའི་གནས་སྟངས་དེ་ཆགས་པ་རེད་བཱ། ད་ལྟའི་བཙན་བྱོལ་སྤར་བ་གང་བོ་འདི་ཡར་ཡར་འཁྲིད། མར་མར་འཁྲིད་ནས་ངའི་ལུང་ཚན་དང་ཁོའི་ལུང་ཚན། ངའི་ཨ་ཕ་དང་ཁོའི་ཨ་མ་རྐྱང་རྐྱང་ལབ་བསྡད་ན། བོད་འཐོར་ཞིག་བྱུང་ན་ང་ཚོ་ཆ་ཚང་ལ་དཀའ་ངལ་འཕྲད་ངེས་རེད་དཱ། བོད་སིལ་བུའི་དཀའ་ངལ་དེ་ད་ལྟ་ང་ཚོས་མྱོང་བཞིན་འདུག ད་དུང་ང་ཚོས་བྱེད་སྟངས་འདི་བྱས་བསྡད་པ་ཡིན་ན། བཙན་བྱོལ་སྤར་བ་གང་ལས་མེད་པ་འདིའི་ནང་གཅིག་གིས་གཅིག་ལ་དོགས་པ་དང་། གཅིག་གིས་གཅིག་ལ་ཡིད་ཆེས་མེད་པའི་ཐོག་ནས་ཕྱིན་ན་ང་ཚོའི་མགོ་སུས་འཁྲིད་ཐུབ་པ་རེད། ང་ཚོའི་མགོ་ལ་སུ་འགྲོ་ཡི་རེད། དེར་དཔེ་ཉེན་ཁ་ཆེན་པོ་འདུག་དཱ། དེའི་ནོར་འཁྲུལ་ཚང་མ་ཤོར་ན་གཞོན་སྐྱེས་ཚོས་ཤོར་ངེས་རེད། རྒན་པ་ཚོ་བསླེབ་ཡ་ཡོད་པ་མ་རེད། དེ་འདྲའི་ཐོག་ལ་ནོར་འཁྲུལ་མི་འགྲོ་བར་ང་ཚོས་བསམ་བློ་རྒྱ་ཆེ་ས་ཞིག་གི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་དགོས་པ་རེད། སྡུག་ས་ནས་བསམ་བློ་གཏང་ན་བོད་པའི་ནང་ནས་ང་ཚོ་རྦད་དེ་སྡུག་ཤོས་དེ་རེད། རྒྱལ་ཁབ་ཤོར་བའི་དུས་སྐབས་དེར་ང་ཚོ་སྐྱེས་པ་རེད། བློ་སྟོབས་ཡོད་པའི་བསམ་བློ་ཞིག་གི་ཐོག་ནས་བལྟས་པ་ཡིན་ན། ང་ཚོ་དུས་ཚོད་ཡག་ཤོས་དེ་ལ་ཁེལ་བ་རེད། གང་ཡིན་ཟེར་ན། ང་ཚོར་དཀའ་ངལ་ཤུགས་ཆེ་ཤོས་འཕྲད་པའི་སྐབས་སུ་སུས་འཇོན་གྱི་འདུག་ཅེས་འཇོན་ཐང་ངོམ་པའི་དུས་ཚོད་དེ་རེད། དེར་བརྟེན་ད་ལྟ་སློབ་ཕྲུག་ཚོས་འཇོན་ཐང་ངོམ་པའི་དུས་ཚོད་དེ་རེད་མ་གཏོགས་འཁུམ་ནས་བསྡད་དེ། ཡོད་པ་དེའང་འཐོར་ཞིག་ཏུ་འགྲོ་བའི་ཐོག་བསམ་བློ་གཏང་བསྡད་ན་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཁྲུལ་རེད། ང་ཚོའི་ཤེས་ཡོན་དེ་དུག་གི་སྒང་ལ་ཕྱིན་པ་རེད། ཅེས་བརྗོད་སོང་།

2མཇུག་ཏུ་སྐུ་མགྲོན་གཙོ་བོ་རྒན་ཚེ་རིང་བསམ་གྲུབ་ལགས་ནས་བཙན་བྱོལ་བོད་མིའི་ལོ་གཅིག་གི་འགྲོ་སོང་གི་ནང་ནས་བརྒྱ་ཆ་ ༨༠ ཙམ་ཤེས་ཡོན་གོང་འཕེལ་དང་མི་རབས་གསར་པ་སྐྱེད་སྲིང་ཆེད་གཏོང་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཁོང་གིས། སྔོན་མ་ཡིན་ན་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ཞིག་སྒུག་ནས་འདུག་དགོས་པ་རེད། ཡིན་ནའང་། ད་ལྟ་དེ་སྒུག་མི་དགོས་པར་སློབ་གྲྭ་དང་དགེ་རྒན་སོ་སོའི་ངོས་ནས་ཡར་རྒྱས་གཏང་རྒྱུ་ག་རེ་ཡོད་མེད་དེ་འདྲ་ཅིག་ལ་ཐོན་ཡོད་སྟབས། མཐོ་རིམ་སློབ་མའི་ཚོགས་འདུ་འདི་བརྒྱུད་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ལ་གསར་བརྗེ་ཡི་རྣམ་པ་ཤུགས་ཆེན་པོ་ཞིག་འདོན་ཐུབ་པའི་རེ་བ་གཅིག་ག་རེ་ཡོད་པ་རེད་ཟེར་ན། རྣམ་པ་ཚོ་བློ་རིག་གསར་པ་དང་ནུས་པ་གསར་པ། རྣམ་དཔྱོད་གསར་པ་ལྡན་པའི་གཞོན་སྐྱེས་ཡིན་དུས་དངོས་ཡོད་གནས་ཚུལ་གསར་པ་ཐོན་ཐུབ་པའི་རེ་བ་ཤུགས་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག གྷན་དྷི་ཇེ་ཡི་གསར་གཏོད་ཀྱི་ལས་ཀ་མང་ཆེ་བ་ཞིག་ཁོང་རང་གཞོན་པའི་སྐབས་སུ་བརྩམས་གནང་བ་ཞིག་ཆགས་ཀྱི་འདུག་གཱ། སོ་ཝ་མི་ཝེ་ཝིག་ཨ་ན་དཱས་(Swami Vivekanda )རྒྱ་གར་རྒྱལ་ཁབ་གསར་བརྗེ་བྱེད་ཐུབ་པའི་ནུས་པ་དེ་སུ་ལ་ཡོད་པ་རེད་ཟེར་ན། གཞོན་སྐྱེས་དེ་ཚོར་ཡོད་པ་རེད་ཅེས་ལབ་པ་འདྲ་པོ་འདུག་གཱ། རྣམ་པ་ཚོར་ནུས་པ་ཤུགས་ཆེན་པོ་ཞེ་དྲགས་ཡོད་པ་རེད་བསམ་བསམ་ཞིག་དྲན་གྱི་འདུག ཅེས་བརྗོད་པ་དང་འབྲེལ། མཐོ་རིམ་སློབ་མའི་ངོས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་ཞབས་འདེབས་ག་རེ་ཞུ་ཐུབ་ཀྱི་འདུག གསར་གཏོད་ག་རེ་བྱེད་ཐུབ་ཀྱི་འདུག་དེའི་ཐོག་བསམ་བློ་གཏང་སྟེ། ཐེངས་འདིའི་ཚོགས་ཆེན་བརྒྱུད་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ལོ་རྒྱུས་ནང་འགོད་རིན་ཡོད་པའི་གསར་གཏོད་རང་བཞིན་གྱི་གྲོས་ཆོད་ཅིག་འཇོག་གལ་ཆེ་སྐོར་སོགས་བརྗོད་སོང་།

ཉིན་གྲངས་ ༧ ཙམ་གྱི་རིང་གི་ཚོགས་ཆེན་འདིའི་ཐོག ཕྱོགས་མཐའ་ཁག་ནས་ཡོང་བའི་ཚོགས་བཅར་མཐོ་རིམ་སློབ་མ་ཚོས། བཙན་བྱོལ་བོད་མིའི་ཡིག་རྒྱུགས་ཀྱི་ལས་གཞི་གོང་འཕེལ་གཏོང་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་མ་འདང་བའི་སློབ་གསོའི་ཁ་ཕྱོགས། དེ་བཞིན་ཆེད་ལས་དགེ་རྒན་གསོ་སྐྱོང་བྱེད་སྟངས་དང་མི་རབས་གསར་པའི་དཔུང་ཁག་ལ་རྒྱལ་ཞེན་གྱི་བསམ་བློ་བསྐྲུན་ཐབས་སོགས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་བརྗོད་གཞི་ཁག་མ་འདྲ་བ་ ༡༦ ཐོག་བགྲོ་གླེང་དང་དོགས་འདྲི་གནང་བ་བརྒྱུད། ཤེས་རིག་ལས་ཁུངས་དང་བོད་ཕྲུག་ཁྱིམ་སྡེར་བསམ་འཆར་འབུལ་རྒྱུ་དང་། གཞན་ཡང་། ཐེངས་འདིའི་ཚོགས་ཆེན་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་༼བཙན་བྱོལ་བོད་རིགས་མཐོ་རིམ་སློབ་མས་ཁ་གསབ་བྱ་འོས་པའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སྟོང་ཆ༽ཞེས་པའི་ཐོག་གསུང་བཤད་གནང་རྒྱུའི་གཙོས། བསམ་བྷོཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས། འབུམ་རམས་པ་ཚེ་རིང་དབྱངས་སྐྱིད་ལགས། དེ་བཞིན། དྲ་ཚིགས་དོ་དམ་ཆེད་ལས་པ་བསམ་གྲུབ་ཆོས་འཕེལ་ལགས་བཅས་ཀྱིས། བོད་རིགས་མཐོ་རིམ་སློབ་མའི་ཤེས་ཡོན་གྱི་གནས་བབ་དང་མཐོ་རིམ་སློབ་མའི་འགན་འཁུར། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་དང་མཐོ་རིམ་སློབ་མའི་འགན་འཁྲི། ཕུགས་བསམ་མངོན་འགྱུར་ཡོང་ཐབས། དེ་བཞིན་དྲ་ཚིགས་དོ་དམ་ཇི་ལྟར་བྱེད་དགོས་མིན་ལམ་སྟོན་དང་འབྲེལ། བོད་རིགས་མཐོ་རིམ་སློབ་མའི་དྲ་ཚིགས་ཀྱི་ཁྱད་ཆོས་ངོ་སྤྲོད་སོགས་གནང་འཆར་ཡོད་འདུག

མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་མཐུན་ཚོགས་ཀྱི་ཚོགས་མི་བསོད་ནམས་ཚེ་བརྟན་ལགས་སུ་བཅར་འདྲི་བྱེད་སྐབས། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཕྱི་ལོ་ ༢༠༠༦ ལོར་མགོ་བཙུགས་ཡོད་པ་དང་། མཐོ་རིམ་སློབ་མ་རྣམས་ཀྱིས་ཕན་ཚུན་ངོ་སྤྲོད་དང་བསམ་ཚུལ་བརྗེ་ལེན། དེ་བཞིན་ནང་ཁུལ་གྲོས་སྡུར་བྱས་པ་བརྒྱུད་བོད་མི་རིགས་ཀྱི་འགན་འཁྲི་དང་སྣེ་ཁྲིད་ཀྱི་བསམ་བློ་བསྐྲུན་སླད་དུ་རྒྱུན་མཐུད་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། ཚོགས་ཆེན་ཐེངས་ ༨ པ་ནས་བཟུང་སློབ་མའི་ཚོགས་ཆེན་རང་གི་ངོ་བོར་བསྒྱུར་ཏེ་མཐོ་རིམ་སློབ་མ་རང་ངོས་ནས་ཚོགས་ཆེན་སྟངས་འཛིན་བྱེད་ཀྱི་ཡོད་ལ། ད་ལན་གྱི་ཚོགས་ཆེན་ཐོག་གི་བརྗོད་གཞི་རྣམས་ཀྱང་སློབ་མ་རང་ངོས་ནས་བོད་མིའི་སྤྱི་ཚོགས་ནང་མ་གླེང་ཐབས་མེད་དུ་གྱུར་བའི་བརྗོད་གཞི་མི་འདྲ་བ་ ༣༠ བསྡུས་ཏེ། དགེ་རྒན་རྣམ་པ་དང་རྒན་པ་ཚོར་བཀའ་འདྲི་ཞུས་རྗེས་བརྗོད་གཞི་གལ་ཆེ་ཤོས་ ༡༦ བདམས་ཡོད་སྐོར་དང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ས་གནས་ཁག་ ༣༢ ཀྱི་ཚོགས་བཅར་བ་ ༡༡༥ ལ་མགྲོན་ཤོག་བཏང་སྟེ་གྲ་སྒྲིག་བྱས་ཡོད་ཀྱང་། མཐོ་སློབ་ཁ་ཤས་ཡིག་ཚད་ཀྱིས་ཚོགས་བཅར་བྱེད་ཐུབ་མེད་པ་དང་ཡང་ཁ་ཤས་ཧར་ཡཱ་ནའི་རྙོག་དྲ་ཡིས་ལམ་བར་དུ་འགག་ཡོད་སྟབས། དངོས་སུ་ཚོགས་བཅར་ཐུབ་མཁན་ས་གནས་ཁག་ ༡༥ ཙམ་ནས་ཕལ་ཆེར་ ༦༥ ནས་ ༧༠ ཙམ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese