མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིབ་འཇུག་སློབ་མས་ནུས་པ་འདོན་ཐུབ་མིན་སྤྱི་ཚོགས་ནང་ཁོར་ཡུག་ཡོད་མེད་ལ་ཐུག་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ས་ར་མཐོ་སློབ་ཀྱི་སྐབས་དང་པོའི་ཞིབ་འཇུག་སློབ་མར་རྒྱུས་ལོན་བྱས་པ་ལྟར་ན་སློབ་ཡུན་དུས་ཚོད་ཐུང་དྲགས་པ་དང་དཔེ་མཚོད་སོགས་ཀྱི་མཐུན་རྐྱེན་ཞན་པ། ཞིབ་འཇུག་སློབ་མའི་འོག་གི་དངོས་གཞིའི་སྐབས་སུ་ཆེད་ལས་རང་བཞིན་གྱི་སློབ་སྦྱོང་མེད་པ་སོགས་ནི་ཞིབ་འཇུག་སྡེ་ཚན་དེའི་མདུན་ལམ་གྱི་བཀག་རྒྱ་ཞིག་ཆགས་ཡོད་འདུག

gyal

ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༧ པའི་ནང་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། སྐབས་དང་པོའི་བོད་རིགས་ཞིབ་འཇུག་སློབ་མ་ ༡༣ བསྡུས་ཡོད་པ་དག་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མཐར་ཕྱིན་ཡིག་རྒྱུགས་བཏང་ཟིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་མཐར་ཕྱིན་མཛད་སྒོ་འཚོགས་རྒྱུ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱང་འཆར་ཡོད་སྟབས། འདི་གའི་གསར་འགོད་པས་ས་ར་མཐོ་སློབ་ཀྱི་སྐབས་དང་པོའི་ཞིབ་འཇུག་སློབ་མའི་ངེས་སྟོན་པ་དང་སློབ་ཐོན་སློབ་མ། དེ་བཞིན། མཐར་ཕྱིན་སློབ་མའི་ཆེད་རྩོམ་ཞིབ་འཇུག་པ་བཅས་ལ་བཅར་འདྲི་ཞུས།

སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སུ་ཞིབ་འཇུག་སློབ་མ་བསྡུས་པའི་ཐོག་མའི་དམིགས་ཡུལ་ལྟར་འགྲོ་ཐུབ་ཡོད་མེད་དྲིས་པར་ཁོང་གིས། ངས་ཐོག་མ་འོག་གི་རིག་གནས་རབ་འབྱམས་པ་ (B.A) དང་སྒང་གི་གཙུག་ལག་རབ་འབྱམས་པ་ (M.A) གཉིས་མཐུད་རྒྱག་ཐུབ་ན་ཡག་པོ་འདུག་བསམ་སོང་། བཙན་བྱོལ་ནང་རིག་གནས་རབ་འབྱམས་པར་ཆེད་ལས་མེད་སྟབས། སྒང་ནས་གཙུག་ལག་རབ་འབྱམས་པའི་སྡེ་ཚན་བཙུགས་ཀྱང་དེའི་ནང་ལ་ཆེད་ལས་སློབ་མ་རེག་གི་མ་རེད། ཕྱི་རྒྱལ་ལྟ་བུར་མཚོན་ན་གཙུག་ལག་རབ་འབྱམས་ནང་དངོས་གཞིའི་ཆེད་ལས་སློབ་མ་རྐྱང་སླེབ་ཀྱི་ཡོད་པ་རེད། ང་རང་གི་རེ་བར་སྒང་གི་གཙུག་ལག་རབ་འབྱམས་བཙུགས་པ་དང་བསྟུན་ཏེ། འོག་གི་དངོས་གཞི་དེའང་ཆེད་ལས་རང་བཞིན་ཡོང་ཐུབ་ན་བསམ་པ་ཡིན།

བཙན་བྱོལ་ནང་དུ་བོད་ཡིག་ཐོག་དངོས་གཞི་ཐོན་རྗེས་ཞིབ་འཇུག་དང་འབུམ་རམས་སོགས་ལ་འགྲོ་ས་ཡོད་པ་མ་རེད། གཙུག་ལག་རབ་འབྱམས་པ་བཙུགས་པ་ལ་བརྟེན་ནས་ཡང་བསྐྱར་འབུམ་རམས་པའི་སྡེ་ཚན་ཞིག་འཛུགས་ཐུབ་པ་ཡིན་ན། ད་གཟོད་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་ཞིག་ཆགས་ཀྱི་ཡོད་པ་རེད། དངོས་གནས་བྱས་ན། གཙུག་ལག་རབ་འབྱམས་སྐབས་སུ་རང་གི་ལྟ་བ་འདོན་རྒྱུ་མ་ཡིན་པར་གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་དཔེ་ཀློག་མང་པོ་བྱེད་དགོས་པ་རེད། རང་ཉིད་ལ་ལྟ་བ་ལྟ་གྲུབ་ཚད་ལྡན་ཞིག་ཆགས་དགོས་ན། སྔོན་མའི་མཁས་དབང་དེ་ཚོའི་ལྟ་བ་ལྟ་གྲུབ་ཁག་དཀྲུག་དཀྲུག་གཏོང་བ་དང་སྤྱི་སྡོམ་རྒྱག་དགོས་པ་རེད། དེ་ལྟར་བྱས་ན་འོ་མ་དཀྲུག་ནས་མར་ཐོན་པ་ལྟར་རྗེས་མ་རང་ཉིད་ལ་ལྟ་བ་ལྟ་གྲུབ་ཆགས་ཡོང་གི་ཡོད་པ་དང་། རྗེས་མ་འབུམ་རམས་པའི་སྐབས་སུ་ད་གཟོད་རང་གི་ལྟ་བ་ལྟ་གྲུབ་ཚད་ལྡན་ཞིག་འདོན་ཐུབ་ཀྱི་ཡོད་པ་རེད།

ང་ཚོ་བཙན་བྱོལ་དུ་ཡོང་ནས་མི་ལོ་ ༥༠ ལྷག་རིང་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་འགྲོ་ཐུབ་ཡོད་པ་མ་རེད། བོད་སློབ་ཁག་ཚང་མར་རིག་གནས་རབ་འབྱམས་ཐོན་རྗེས་སློབ་སྦྱོང་གི་བརྒྱུད་རིམ་རྫོགས་ཚར་བ་རེད། དངོས་གནས་དེ་འདྲ་མ་རེད། བོད་རང་གི་སྐད་ཡིག་ཐོག་ནས་ཡིན་ན་འདྲ་ལ། ནུབ་ཕྱོགས་ཀྱི་སློབ་སྦྱོང་ཡིན་ནའང་འདྲ། སློབ་སྦྱོང་གི་བརྒྱུད་རིམ་དེ་རིག་གནས་རབ་འབྱམས་དང་། དེ་ནས་གཙུག་ལག་རབ་འབྱམས། དེ་ནས་འབུམ་རམས་པ་སོགས་ཆ་ཚང་འཐུས་ཚང་ཞིག་བརྒྱུད་དགོས་པ་རེད། དཔེར་ན། དགོན་པ་གྲྭ་ཚང་ཁག་ཡིན་ནའང་ཁ་དོག་དཀར་དམར་ནས་ལྷ་རམས་དགེ་བཤེས་བར་མདོ་སྔགས་སོགས་བརྒྱུད་རིམ་ཆ་ཚང་ཞིག་འགྲོ་བཞིན་ཡོད་པ་ལྟ་བུ་རེད། མདོ་དོན། ང་རང་གི་དམིགས་འཆར་ཆ་ཚང་ཞིག་འགྲོ་ཐུབ་ཡོད་དམ་ཞེ་ན་ཧ་ཅང་ཁག་པོ་རེད། རྒྱུ་མཚན་དང་པོ་དེ་ང་མི་གཅིག་གི་བསམ་ཚུལ་རེད། དེ་ལ་ཐོག་འོག་བར་གསུམ་གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད་ལ། མདོར་བསྡུས་ན། ངས་གཙུག་ལག་རབ་འབྱམས་པའི་ཁྲིད་གཞི་རྫོགས་པ་ཙམ་མ་གཏོགས་དམིགས་འཆར་ཆ་ཚང་ཞིག་འགྲུབ་ཐུབ་མ་སོང་། ཅེས་བརྗོད་སོང་།

གསར་འགོད་པས་བོད་ཕྱི་ནང་གཉིས་ཀྱི་ཞིབ་འཇུག་སློབ་མའི་སྒྲིག་གཞི་དང་བསླབ་གཞིའི་ཐད་ཁྱད་པར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། དེ་ལ་གཅིག་ནས་འཛིན་སྐྱོང་དང་གཉིས་ནས་དགེ་རྒན། གསུམ་ནས་སློབ་མའི་ཁྱད་པར་སོགས་འདུག དང་པོ་འཛིན་སྐྱོང་གི་ཆ་ནས་འདི་གར་སློབ་སྤྱི་དང་ཤེས་ཡོན་འགན་འཛིན་སོགས་ཆ་ཚང་མི་རེ་གཉིས་ཤིག་གིས་གནང་གི་ཡོད་སྟབས། རང་བཞིན་གྱིས་ཞ་ཞོར་དུ་འཐུས་ཤོར་མང་པོ་འགྲོ་བཞིན་ཡོད་པ་རེད། བོད་ནང་ཡིན་ན་ཆེད་ལས་སྡེ་ཚན་དང་དཔེ་མཛོད་སོགས་ཀྱི་མཐུན་རྐྱེན་འཛོམ་པོ་ཞེ་དྲག་རེད། འདིར་མཐུན་རྐྱེན་གྱིས་མ་འདང་བའི་དབང་གིས་ན་ནིང་ང་ཚོ་སྨིན་རི་གླིང་དང་དྷ་ས་དཔེ་ཁང་། ཀིརྟིའི་དཔེ་ཁང་། ཝར་ཎ་དཔེ་མཛོད་ཁང་སོགས་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱེད་དུ་འགྲོ་དགོས་ཆགས་པ་རེད།

གཉིས་པ་དགེ་རྒན་གྱི་ཆ་ནས་བོད་ནང་ཡིན་ན་རྩོམ་རིག་ལ་ནུབ་ཕྱོགས་རྩོམ་རིག་དང་རྒྱ་གར་རྩོམ་རིག བོད་ཀྱི་རྩོམ་རིག་བཅས་ཆེད་དགེ་རེ་རེ་ཡོད་པ་རེད། འདི་གར་རིག་ཚན་ཚང་མ་དགེ་རྒན་གཅིག་གིས་ཁྲིད་ཀྱི་ཡོད་སྟབས། སྤུས་ཚད་དང་ཆུ་ཚོད་སོགས་ཀྱི་དཀའ་ངལ་ཡོད་པ་རེད། གསུམ་པ་སློབ་མའི་ཆ་ནས། བོད་ནང་ཡིན་ན་གཤམ་གྱི་རིག་གནས་རབ་འབྱམས་ནས་ཆེད་ལས་རང་བཞིན་ཐོན་ཏེ་ཞིབ་འཇུག་སྐབས་སུ་ཡང་ཆེད་ཐོག་འགྲོ་བཞིན་ཡོད་པ་རེད། འདིར་དེ་འདྲ་མེད་སྟབས། གཤམ་ནས་ཆེད་ལས་མ་སྦྱང་བའི་སློབ་མ་རྐྱང་རྐྱང་གཙུག་ལག་རབ་འབྱམས་ནང་ཡོང་དུས། དངོས་གཞིའི་སྦྱོང་བྱ་མང་པོ་ཞིག་ཡང་བསྐྱར་སྦྱོང་དགོས་ཀྱི་ཡོད་སྟབས་དུས་ཚོད་ཀྱི་འདང་གི་ཡོད་མ་རེད་ལ། ཤེས་ཚད་ཀྱིས་ཀྱང་ལྕོགས་ཀྱི་ཡོད་པ་མ་རེད། མ་འོངས་པར་གཙུག་ལག་རབ་འབྱམས་འདོན་མཁན་ཚོ་གཤམ་གྱི་རིག་གནས་རབ་འབྱམས་དེའང་ཆེད་ལས་ཐོག་འགྲོ་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གནད་དོན་གཞན་ཞིག་གང་འདུག་ཟེར་ན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སློབ་སྦྱོང་ལ་དུང་བ་དང་སློབ་སྦྱོང་གི་བརྒྱུད་རིམ་ཡོད་མཁན་ཚོར་བདག་པོ་མ་བརྒྱབ་པར་འཕྲོ་བརླག་འགྲོ་བཞིན་ཡོད་པ་རེད། དེ་འཕྲོ་བརླག་མི་འགྲོ་བའི་ཆེད་དུ་མཐོ་སློབ་ཁག་ཏུ་ཞིབ་འཇིག་སྡེ་ཚན་འཛུགས་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་གསར་འགོད་པས་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཚོས་སོ་སོའི་ཆེད་སྦྱང་གི་གྲུབ་འབྲས་ལ་བརྟེན་ནས། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་ནུས་པ་ག་འདྲ་འདོན་ཐུབ་མིན་དྲིས་པར་ཁོང་གིས། ངས་གསལ་བོར་བཤད་ཐུབ་པ་ཞིག་ལ། སྐབས་དང་པོའི་མཐར་ཕྱིན་ཞིབ་འཇུག་སློབ་མ་འདི་དག་ཁོ་རང་ཚོའི་ཆེད་ལས་རང་གི་ཐོག་ལས་ཀ་ཞིག་རེག་པ་ཡིན་ན་ཏན་ཏན་ནུས་པ་འཐོན་གི་རེད་བསམ་གྱི་འདུག དེ་མ་གཏོགས་ཁོ་ཚོའི་ཆེད་ལས་དང་འབྲེལ་བ་མེད་པའི་སྡེ་ཚན་ཞིག་ཏུ་ལས་ཀ་བྱས་པ་ཡིན་ན་གྲུབ་འབྲས་འཐོན་རྒྱུ་ཁག་པོ་རེད། དཔེར་ན། ཆེད་ལས་རྩོམ་རིག་ཞིབ་འཇུག་སློབ་མ་ཞིག་དཔལ་འབྱོར་ལས་ཁུངས་ལྟ་བུ་དང་། ཡང་ན་ནང་སྲིད་ལས་ཁུངས་ལྟ་བུ་ཞིག་ཏུ་བླངས་པ་ཡིན་ན་ནུས་པ་གང་ཡང་འཐོན་ཐབས་ཡོད་པ་མ་རེད། ཅེས་བརྗོད་སོང་།

དེའི་རྗེས་གསར་འགོད་པས། སྐབས་དང་པོའི་ལོ་རྒྱུས་དང་རྩོམ་རིག་གཙུག་མཐར་ཕྱིན་སློབ་མ་ཁག་ཅིག་ལ་ཐོག་མའི་སོ་སོའི་དམིགས་ཡུལ་ལྟར་གྲུབ་འབྲས་ལེན་ཐུབ་ཡོད་མེད་དྲིས་པར། རྩོམ་རིག་ཞིབ་འཇུག་མཐར་ཕྱིན་སློབ་མ་ཆོས་གྲགས་ལགས་ཀྱིས། ང་རང་ལ་མཚོན་ན་ཐོག་མའི་དམིགས་ཡུལ་ལས་བརྒལ་བའི་གྲུབ་འབྲས་ཤིག་ཐོན་སོང་བསམ་ཡོད། གང་ཡིན་ཟེར་ན། ང་དང་པོ་ས་ར་མཐོ་སློབ་ཏུ་ཡོང་དོན་གཙོ་བོ་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ངེས་སྟོན་སློབ་དཔོན་ཡིན་པ་རྒྱུ་མཚན་དུ་བྱས་ནས་འཛུལ་བ་ཡིན་ལ། བོད་ཀྱི་རྩོམ་རིག་སྐོར་ལ་ཐོག་མའི་རང་གི་རེ་བ་ལྟར་འདོད་པ་ཁེངས་པ་ཞིག་བྱུང་སོང་བསམ་ཡོད། ནུབ་ཕྱོགས་མཚན་ཉིད་རིག་པ་དང་མཛེས་དཔྱོད་རིག་པ།  སྒྱུ་རྩལ་རིག་པ་སོགས་དང་འབྲེལ་ནས་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་དང་གཞུང་ལུགས།  དེ་བཞིན་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་དང་གཞུང་ལུགས་བཅས་ལའང་སློབ་སྦྱོང་གི་གོ་སྐབས་ཡག་པོ་རག་སོང་། ཅེས་བརྗོད་སོང་། ལོ་རྒྱུས་ཞིབ་འཇུག་མཐར་ཕྱིན་སློབ་མ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས། ང་ཐོག་མར་ཞིབ་འཇུག་སློབ་མར་འཛུལ་སྐབས། བོད་ཀྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཡོད་པ་ཞིག་ཏུ་འགྱུར་བའི་རེ་བ་ཆེན་པོ་ཞིག་འཆང་ནས་ཡོང་བ་ཡིན་ཡང་། ཡིན་ནའང་ད་ལྟ་བསམ་བློ་བཏང་དེ་དེ་ལས་བསླ་བོ་ཞིག་ཁྱོན་ནས་མ་རེད། ཡིན་ནའང་ལོ་ངོ་གཉིས་ཀྱི་རིང་བོད་ཀྱི་ལོ་རྒྱུས་ཁོ་ནར་ཆེད་སྦྱོང་བྱས་པ་དེས་ལྟ་རྒྱ་ཐོས་རྒྱ་སྔར་ལས་ཇེ་བཟང་ལ་སོང་འདུག་བསམ་གྱི་ཡོད། ཅེས་བརྗོད་སོང་།

གསར་འགོད་པས་ལོ་གཉིས་རིང་གི་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ཏེ། མ་འོངས་པར་སྤྱི་ཚོགས་ནང་ནུས་པ་འདོན་ཐུབ་པའི་གདེང་ཚོད་ཡོད་མེད་དྲིས་པར་ཆོས་གྲགས་ལགས་ཀྱིས། དེ་བཤད་ཁག་པོ་འདུག ལོ་ངོ་གཉིས་ཀྱི་བརྒྱུད་རིམ་ཁྲོད་ནས་ང་ལ་ད་རུང་མུ་མཐུད་ནས་སློབ་སྦྱོང་བྱེད་དགོས་ཀྱི་འདུག་སྙམ་པའི་བསམ་བློ་ཞིག་བསྐྲུན་སོང་། གང་ཡིན་ཟེར་ན། ང་རང་གི་ཆེད་ལས་དེ་རྒྱ་གར་གྱི་གནའ་བོའི་རྩོམ་རིག་ཡིན། ཆེད་ལས་རང་གི་སྒང་ལ་ད་དུང་སློབ་སྦྱོང་ལོ་ཁ་ཤས་ཤིག་བྱེད་ཐུབ་ན། སྤྱི་ཚོགས་ཐོག་ལ་དངོས་གནས་ནུས་པ་འདོན་ཐུབ་ས་རེད་བསམ་གྱི་འདུག་ཅེས་བརྗོད་བྱུང་། ཞིབ་འཇུག་སློབ་མ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས། ད་བར་ངས་བོད་ཀྱི་ལོ་རྒྱུས་ལ་ཆེད་སྦྱོང་བྱས་པའི་ཤེས་ཚད་འདིས་དེང་སང་ང་ཚོའི་བཙན་འབྱོལ་སྤྱི་ཚོགས་ནང་གི་ལོ་རྒྱུས་འབྲི་སྒྲིག་པའམ་ལོ་རྒྱུས་དགེ་རྒན་ཡིན་ཟེར་མཁན་མང་པོ་ཞིག་ལས་བཟང་བ་མིན་ནའང་སྐྱོ་བ་མིན་པའི་གདེང་ཚོད་ཡོད། འོན་ཀྱང་ངའི་རེ་བ་ཁོ་ཚོ་ལྟར་བྱེད་རྒྱུ་དེ་མ་ཡིན་པར་ད་དུང་མུ་མཐུད་དུ་སློབ་གཉེར་རྒྱུན་སྐྱོང་བྱ་དགོས་བསམ་ཡོད། ཅེས་བརྗོད་སོང་།

ཡང་གསར་འགོད་པས་ལོ་ངོ་གཉིས་རིང་གི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད། སྐབས་དང་པོའི་ཞིབ་འཇུག་སློབ་མའི་སྒྲིག་འཛུགས་དང་ཁྲིད་གཞིའི་ཐད་མ་འདང་ས་དང་ཞན་ཆ་ག་རེ་མཐོང་གི་ཡོད་མེད་དྲིས་པར། ཞིབ་འཇིག་སློབ་མ་ཆོས་གྲགས་ལགས་ཀྱིས་སློབ་སྦྱོང་གི་དུས་ཡུན་ཐུང་དྲགས་འདུག ཁྲིད་གཞི་དག་ངེས་སྟོན་པའི་ངོས་ནས་འཆར་འགོད་ཧ་ལས་པའི་ཡག་པོ་གནང་འདུག འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་གཙོས་པའི་ཤེས་བྱ་མང་པོ་ཞིག་ལ་བློ་སྒོ་ཕྱེས་སོང་། ཞེས་བརྗོད་སོང་། སློབ་བུ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་ངས་འདིར་དཀའ་ངལ་གསུམ་ཙམ་ཞུས་ན། གཅིག ལོ་རྒྱུས་སྡེ་ཚན་ལ་མཚོན་ན་སློབ་ཚན་འཆར་འགོད་ཚོད་ལྟའི་ངོ་བོར་འགྲོ་བཞིན་ཡོད་པ་དེ་ཏག་ཏག་ཅིག་ཡོང་ཐུབ་ཀྱི་མེད་པ་དང་། ཐོག་མའི་འཆར་འགོད་ནང་གསལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། ལོ་རྒྱུས་ཞིབ་འཇུག་ལ་དགོས་ངེས་ཀྱི་ལོ་རྒྱུས་རིག་པ་དང་། དཔྱད་ཐབས་རིག་པ་སོགས་ཀྱི་སློབ་ཚན་ཇི་བཞིན་འགྲོ་མ་ཐུབ་པ་དེ་རེད། གཉིས། སློབ་གྲྭའི་དཔེ་མཛོད་དུ་ང་ཚོར་དགོས་ངེས་ཀྱི་ཕྱག་དཔེ་མང་པོ་ཞིག་རག་གི་མེད་པ་དང་། ཡིག་ཚང་ནས་མངག་ཉོ་བྱས་ཀྱང་དུས་ཐོག་ཏུ་མི་རག་པ། གསུམ། སློབ་གྲོགས་འགའ་རེར་ཡིག་ཚང་བརྒྱུད་ནས་སློབ་ཡོན་རག་དང་མ་རག་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་རེད། ཅེས་བརྗོད་སོང་།

སྐབས་དང་པོའི་ཞིབ་འཇུག་སློབ་མའི་མཐར་ཕྱིན་ཆེད་རྩོམ་དང་རྒྱུགས་འབྲས་ལ་དཔྱད་ཞིབ་གནང་མཁན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་སྐབས་དང་པོའི་ཞིབ་འཇུག་སློབ་མའི་ཞན་ཆའི་སྐོར་ལ། སྤྱིར་བཏང་བོད་ཡིག་དང་འབྲེལ་བའི་མཐོ་རིམ་སློབ་གྲྭ་ཁག་ཏུ་ (M.A) ལ་ཞིབ་འཇུག་ཅེས་ཡོངས་གྲགས་སུ་ལབ་ཀྱི་འདུག་ཀྱང་། ཞིབ་འཇུག་སློབ་མ་ཟེར་དུས་དབྱིན་ཇིའི་སྐད་ཡིག་ནང་ (Research or Researcher) ཞེས་ལབ་ཀྱི་ཡོད་པ་རེད། དེ་ (M.A) ཐོན་པའི་རྗེས་ཀྱི་ (PH.D) སྐབས་སུ་དེ་འདྲ་ལབ་ཀྱི་འདུག དེ་ཡིན་དུས་དེ་གཉིས་ལ་ཁྱད་པར་ཅུང་འདུག སློབ་མ་ཚོས་སློབ་སྦྱོང་དང་ཉམས་ཞིབ་སྐབས་སུ། དགེ་རྒན་ལགས་ཀྱིས་ཁྱེད་རང་ཚོས་གཙུག་ལག་རབ་འབྱམས་པའི་སློབ་ཐུན་འདིའི་ནང་སོ་སོ་རང་གིས་ཞིབ་འཇུག་བྱས་ཏེ་ལྟ་སྟངས་ཀྱི་ཐོག་ནས་ཐག་གཅོད་དགོས་པ་དེ་ཙམ་གལ་ཆེན་པོ་མ་རེད། གཙོ་བོ་ཁྱེད་རང་ཚོས་ཞིབ་འཇུག་སློབ་མའི་དཔྱད་གཞི་ག་རེ་འདེམ་པ་ཡིན་ན། དེའི་སྐོར་གྱི་ཞིབ་འཇུག་རྒྱུ་ཆ་མང་པོ་བསྡུ་རུབ་བྱས་ཏེ་དཔྱད་ཞིབ་བྱེད་རྒྱུ་མ་གཏོགས། རྩ་བའི་ཞིབ་འཇུག་ངོ་མ་ནང་བཞིན་གྲུབ་དོན་འདོན་རྒྱུ་དེ་ཙམ་གལ་ཆེན་པོ་མ་རེད་གསུངས་འདུག འོན་ཀྱང་སློབ་མ་ཚོའི་ངོས་ནས་དཔེ་ཀློག་གི་སྐབས་སུའང་དེ་དང་འབྲེལ་བའི་གཞུང་ལུགས་མང་པོ་ཞིག་ལ་སློབ་སྦྱོང་བྱས། ཚོགས་འདུ་ཚོགས། དཔྱད་ཞིབ་ཀྱི་ཐོག་ནས་ཐག་གཅོད་དེ་འདྲ་གང་ཡང་གནང་མི་འདུག དེ་ངས་ཞན་ཆ་གཅིག་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གྲུབ་འབྲས་ཀྱི་སྐོར་ལ་ཁོང་གིས། ཁོ་ཚོའི་གཙུག་ལག་རབ་འབྱམས་པའི་ནང་རིག་ཚན་གཉིས་བཞག་འདུག གཅིག་བོད་ཀྱི་ལོ་རྒྱུས་རེད་ལ་གཅིག་བོད་ཀྱི་རྩོམ་རིག་རེད། བོད་ཀྱི་རྩོམ་རིག་ལབ་དུས། སྔ་མོའི་ང་ཚོའི་སྲོལ་རྒྱུན་རྩོམ་རིག་དེ་གཞིར་བཞག་གི་ཐོག་ནས་གསར་རྩོམ་ག་རེ་ལེན་རྒྱུ་འདུག་དེ་ལ་ཁོ་ཚོས་དཀའ་ལས་ཞེ་དྲགས་བརྒྱབ་འདུག དེ་ལ་ཡིག་ཆ་མང་པོའི་ཐོག་ནས་ལམ་སྟོན་ཤུགས་ཆེན་པོ་དང་གསལ་བོ་གནང་འདུག དེ་ཡང་དཔྱད་གཞིའི་ཡིག་ཆའི་གཞི་དེ་རིག་བྱེད་དང་གྷི་རེ་སིའི་རྩོམ་རིག་ཡིན་ནའང་། ལྟ་སྟངས་ཀྱི་ཐད་ནས་བོད་རང་གི་རྩོམ་རིག་ཟེར་ན་རེད། དེང་རབས་བོད་ཀྱི་རྩོམ་རིག་གི་མགོ་ཁུངས་དེ་ནུབ་ཕྱོགས་གྷི་རེ་སི་ཆགས་ཀྱི་འདུག དེ་འདྲའི་རྒྱབ་ལྗོངས་ཀྱི་ཐོག་ནས་ཞེ་དྲགས་གཏིང་ཟབ་པོ་དང་རྒྱ་ཆེན་པོ་གནང་འདུག ང་ཚོ་བོད་ཀྱི་སྐད་ཡིག་ནང་རྩོམ་རིག་གི་རྒྱུ་ཆ་ཧ་ཅང་ཉུང་ཉུང་ཡིན་སྟབས། ཁོ་ཚོས་སྐད་ཡིག་མང་པོ་ཞིག་གི་ཐོག་ནས་སློབ་སྦྱོང་བྱས་ཡོད་པ་ཧ་ཅང་གསལ་བོ་རེད། སྤྱིར་བཏང་སློབ་སྦྱོང་ག་རེ་བྱས་པ་ཡིན་ནའང་དེ་ལ་ཞན་ཆ་མེད་པ་ཞིག་མི་སྲིད་པ་རེད། ནམ་རྒྱུན་ང་ཚོས་ཞིབ་འཇུག་སློབ་མ་ཟེར་དུས། དགེ་རྒན་གྱི་ལམ་སྟོན་ཙམ་མ་གཏོགས་ཧ་ཅང་མང་པོ་ཁྲིད་བསྡད་པ་དེ་འདྲ་ཡོད་མ་རེད། ཡིན་ནའང་སྐབས་དང་པོའི་ཞིབ་འཇུག་སློབ་སྐབས་འདིའི་ནང་དགེ་རྒན་གྱི་ལམ་སྟོན་ཡག་པོ་ཡོད་པ་ཙམ་ཟད། ཤུགས་ཆེན་པོ་དང་རྒྱ་ཆེན་པོ་གནང་འདུག དེ་ཡག་པོ་ཞེ་དྲགས་འདུག་བསམ་གྱི་ཡོད། བོད་ཀྱི་ལོ་རྒྱུས་ཡིན་ན་དེ་འདྲ་མ་རེད། དགེ་རྒན་གྱི་ལམ་སྟོན་ཤུགས་ཆེན་པོ་དེ་འདྲ་མེད་ནའང་། བོད་རང་གི་སྐད་ཡིག་ནང་དཔྱད་གཞིའི་ཡིག་ཆ་མང་པོ་རག་གི་ཡོད་སྟབས། སློབ་མ་ཚོས་ཁོངས་འཁྱོལ་གྱི་ཡོད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༨ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 2

  1. རིག་འཛིན་ལྷུན་གྲུབ། says:
    ལོ་ 10 སྔོན།

    སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་དངོས་གནས་བྱས་ན། གཙུག་ལག་རབ་འབྱམས་སྐབས་སུ་རང་གི་ལྟ་བ་འདོན་རྒྱུ་མ་ཡིན་པར་གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་དཔེ་ཀློག་མང་པོ་བྱེད་དགོས་པ་རེད། རང་ཉིད་ལ་ལྟ་བ་ལྟ་གྲུབ་ཚད་ལྡན་ཞིག་ཆགས་དགོས་ན། སྔོན་མའི་མཁས་དབང་དེ་ཚོའི་ལྟ་བ་ལྟ་གྲུབ་ཁག་དཀྲུག་དཀྲུག་གཏོང་བ་དང་སྤྱི་སྡོམ་རྒྱག་དགོས་པ་རེད། དེ་ལྟར་བྱས་ན་འོ་མ་དཀྲུག་ནས་མར་ཐོན་པ་ལྟར་རྗེས་མ་རང་ཉིད་ལ་ལྟ་བ་ལྟ་གྲུབ་ཆགས་ཡོང་གི་ཡོད་པ་དང་། རྗེས་མ་འབུམ་རམས་པའི་སྐབས་སུ་ད་གཟོད་རང་གི་ལྟ་བ་ལྟ་གྲུབ་ཚད་ལྡན་ཞིག་འདོན་ཐུབ་ཀྱི་ཡོད་པ་རེད། ཅེས་ཟེར།

    Reply
  2. ཁབ says:
    ལོ་ 10 སྔོན།

    དགེ་རྒན་བློ་གྲོས་དཔལ་བཟང་ལགས་ཀྱིས་དངོས་གནས་ལྷག་བསམ་རྣམ་དག་གིས་དཀའ་ལས་ཤུགས་ཆེན་པོ་བརྒྱབ་སོང་། ཐུགས་རྗེ་ཆེ་ཞུ། ཁོང་གིས་བོད་ཀྱི་རིག་གནས་དང་སློབ་གསོ་ལ་བཟུང་བའི་རེ་བ་དང་སྙིང་སྟོབས་དེར་རྗེས་སུ་ཡི་རངས་ཞུ་འོས། སྲིད་སྐྱོང་མཆོག་གི་ཆེད་ལས་བ་སྟོང་དང་ཁྲི་ཡི་ཧམ་བཤད་ཙམ་དང་། བཙན་བྱོལ་གྱི་ཆེ་ཆེ་དྲག་དྲག་དག་གིས་བོད་ཀྱི་རིག་གནས་ཟེར་ནས་ཁ་བཤད་སྟོང་བ་དེ་ཙམ་མ་ཡིན་པར། བཙན་བྱོལ་དུ་ཁོང་ལྟ་བུའི་དགེ་རྒན་བཅུ་གྲངས་ཤིག་ཡོད་ཚེ། དངོས་གནས་ཚད་དང་ལྡན་པའི་ཆེད་ལས་ཤེས་ཡོན་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱ་ཐུབ་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese