མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་དགའ་སྤྲོའི་ངང་བསུ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་དྷ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ཉེར་བདུན་བཞེས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་རེད།

IMG_0940དེ་རིང་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་བལྟམས་ཏེ་མི་ལོ་ ༢༧ འཁོར་བའི་འཁྲུངས་སྐར་དུས་ཆེན་ཡིན་པ་ལྟར། སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་དྷ་ས་མག་གྷན་སྲང་མདོ་རུ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་གཙི་གནང་སྟེ། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱའི་བཙོན་འོག་ནས་མྱུར་དུ་ཀློད་གྲོལ་ཡོངས་ཐབས་སུ་མང་ཚོགས་ལ་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་མར་མེ་མཆོད་འབུལ། དེ་བཞིན། རྒྱ་གཞུང་གིས་༧ཀུན་གཟིགས་པཎ་ཆེན་མཆོག་མྱུར་དུ་ཀློད་གྲོལ་ཡོང་བའི་འབོད་སྐུལ་བསྒྲགས་གཏམ་སོགས་སྤེལ་སོང་།

དྷ་ས་ས་གནས་བུད་མེད་གཙོ་ཨ་ཅག་གཡང་ལགས་ཀྱིས། དེ་རིང་ཕྱི་ཟླ་ ༤ བའི་ཚེས་ ༢༥ ཉིན་མོ་འདིར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཁྲུངས་པའི་ཉིན་མོ་ཡིན་སྟབས། ང་ཚོ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་མཉམ་རུབ་བྱས་ཏེ་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུ་ཡི་ཡོད། དེ་རིང་ང་ཚོས་འདིར་ཕྱི་ལུགས་ཀྱི་ཐོག་ནས་འཁྲུངས་སྐར་སྒོང་བསྲེས་བག་ལེབ་ (Birthday Cake) དང་ནང་ལུགས་ཀྱི་ཐོག་ནས་འབྲས་སིལ་སོགས་ཕུལ་ཏེ་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་གནང་གི་ཡོད་ལ། རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ད་སྐབས་གང་དུ་བཞུགས་ཡོད་མེད་གསལ་བཤད་བྱེད་ཀྱི་ཡོད་པ་མ་རེད། ང་ཚོ་དང་འཛམ་གླིང་མི་མང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་འཚོ་བཞུགས་ཡིན་མིན་དང་། ས་ཆ་གང་དུ་བཞུགས་ཡོད་མེད་ཤེས་འདོད་ཆེན་པོ་ཡོད། ཡིན་ནའང་རྒྱ་དམར་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་སྦས་སྐུང་བྱས་ནས་བཤད་ཀྱི་མེད་སྟབས། ང་ཚོས་རྒྱ་གཞུང་གིས་༧པཎ་ཆེན་མཆོག་གང་དུ་འཚོ་བཞུགས་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་བཤད་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

ས་གནས་གཞོན་ལྷན་ཚོགས་གཙོ་དབང་ལྡན་སྐྱབས་ལགས་ཀྱིས། དེ་རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་རྗེས་ཀྱི་འཁྲུངས་སྐར་ཐེངས་ ༢༠ པ་དེ་ཆགས་ཡོད། ང་ཚོས་ཁོང་གི་འཁྲུངས་སྐར་སྲུང་གཙི་བྱེད་དགོས་པ་དེ་གཅིག་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གོང་མ་དེ་ཚོར་ང་ཚོས་རྗེས་དྲན་ཞུ་ཡ་དང་། དམིགས་བསལ་དེ་ལྟའི་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་ལོ་དྲུག་གི་སྟེང་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་དེའི་སྒང་ལ་ང་ཚོ་ཕྱི་སྡོད་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་། དངོས་སུ་ཁོང་ལ་མཇལ་ཐུབ་མ་ཐུབ་དེ་འདྲར་མ་བལྟས་པར་ག་དུས་ཡིན་ཡང་ང་ཚོ་ཁོང་དང་མཉམ་དུ་ཡོད་པའི་བརྡ་ལེན་སྤྲོད་བཞིན་ཡོད། འཁྲུངས་སྐར་སྲུང་གཙི་འདི་ཆབ་སྲིད་དང་འབྲེལ་བ་མེད་པའི་སྒོ་ནས་ནམ་རྒྱུན་ཕྱི་རྒྱལ་རང་གི་འགྲོ་སྟངས་ཀྱི་ཐོག་ནས་གོ་སྒྲིག་ཞུ་བཞིན་ཡོད། ད་ལྟ་ཆུ་ཚོད་ ༡༠།༣༠ སྟེང་བོད་ལུགས་ལྟར་མར་མེ་མཆོད་འབུལ་ཞུ་རྒྱུ་དང་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་འཁྲུངས་སྐར་བག་ལེབ་ (Birthday Cake) སོགས་གོ་སྒྲིག་ཞུས་ཏེ། རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་འབུལ་རྒྱུ་དང་༧པཎ་ཆེན་རིན་པོ་ཆེ་ཁོང་གི་གནས་ཚུལ་འགྲེལ་བརྗོད་སོགས་གོ་སྒྲིག་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

དེའི་རྗེས་དབུས་མེད་བུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་ཅག་གཡང་སྒྲོན་ལགས་ཀྱིས། ང་ཚོས་༧པཎ་ཆེན་རིན་པོ་ཆེ་ཁོང་རྒྱ་ནག་གི་བཙན་ཁྲིད་འོག་བརླགས་པའི་ངོས་འཛིན་ཞུ་ཡི་མེད། ད་རེབ་ང་ཚོས་ཁོང་གི་འཁྲུངས་སྐར་སྲུང་གཙི་དང་ལས་འགུལ་སྤེལ་བ་དེ་ཁོང་ང་ཚོ་དང་མཉམ་དུ་ཡོད་པ་གཞིར་བཟུང་གིས་ས་གནས་སོ་སོ་ནས་དགའ་དགའ་སྐྱིད་སྐྱིད་ཀྱི་ཐོག་ནས་རྟེན་འབྲེལ་ཞུ་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད། མ་འོངས་པར་ང་ཚོས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ཁོང་མགྱོགས་ནས་མྱུར་དུ་རྒྱ་དམར་གྱི་བཙོན་འོག་ནས་ཐར་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་བརྗོད་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༡༤ ཉིན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་མཆོག་ནས་ ༡༩༩༥ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢༨ ཉིན་སྐུ་གཤེགས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་སྐབས་དེར་ཁོང་དགུང་ལོ་དྲུག་ལ་ཕེབས་ཡོད། ཁོང་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་སུ་རྒྱ་གཞུང་གི་དབང་འཛིན་པས་ཁོང་ནང་མི་དང་བཅས་པ་བཙན་འཁྲིད་བྱས་པ་དང་། དེ་ནས་ཟླ་བ་ ༦ ནང་ཚུད་ལ་རྒྱ་ནག་གཞུང་གིས་མིང་ལ་རྒྱལ་མཚན་ནོར་བུ་ཞེས་པའི་བྱིས་པ་གཞན་ཞིག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་པ་རེད། བོད་མི་རྣམས་དང་མཁས་པ་མང་པོ་ཞིག་གིས་དེ་ནི་རྒྱ་གཞུང་གིས་ཆིག་སྒྲིལ་ལྡན་པའི་བོད་མི་ནང་ཁུལ་སྔར་ལས་ཀྱང་ལྷིང་འཇགས་དང་ཆིག་སྒྲིལ་མེད་པ་བཟོ་རྒྱུའི་ཐབས་ཇུས་ཤིག་དང་། དེ་བརྒྱུད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་གཅོག་ཐབས་བྱེད་རྒྱུའི་རེ་ངན་བཅངས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། བོད་མིའི་ལུགས་སྲོལ་གཞིར་བཟུང་བྱས་ན་༧པཎ་ཆེན་རིན་པོ་ཆེ་མཆོག་ནི་༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་གནང་མཁན་གཅིག་པུ་དེ་ཡིན་སྟབས་ཁོང་བོད་མི་ཚོ་ལ་མཚོན་ན་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། ཅེས་འཁོད་འདུག

གསལ་བསྒྲགས་དེའི་ནང་ད་དུང་། འདི་ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཙོས་པའི་འཛམ་གླིང་གང་སར་ཡོད་པའི་ས་གནས་ཡན་ལག་ ༥༦ སྤྱི་ཡོངས་ཀྱིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་དམིགས་བསལ་གྱིས་གསོལ་འདེབས་སྨོན་ལམ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པའི་ཐོག་ནས་ཉིན་མོ་འདི་སྲུང་གཙི་ཞུ་རྒྱུ་ཡིན་ལ། ཁོང་གི་འཁྲུངས་སྐར་ཉིན་ང་ཚོས་དམིགས་བསལ་གྱིས་ཞབས་བྲོ་དང་ཞལ་ཏོག་འབུལ་བ་སོགས་ཀྱི་ལས་རིམ་ཁག་ཅིག་གོ་སྒྲིག་ཞུས་ནས་དགའ་སྐྱིད་བྱེད་ཀྱི་ཡིན། དུས་དྲན་འདི་སྲུང་བརྩི་བྱ་བའི་རྒྱུ་མཚན་ནི་ང་ཚོས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གསེར་ཞལ་འཚོ་བཞུགས་ཡིན་པ་དང་ཁོང་ལ་མགྱོགས་མྱུར་དུ་རང་དབང་འཐོབ་ཐུབ་པའི་རེ་སྨོན་མཚོན་པའི་ཆེད་དུ་ཡིན། ཞེས་སོགས་འཁོད་འདུག

གཞན། ས་གནས་གཞོན་ལྷན་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐུ་ཉིད་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་ཁྲིད་བྱས་པ་ནས་ང་ཚོ་བོད་མི་ཚོའི་སེམས་ཁུངས་ནས་ཁྱེད་རང་དྲན་བཞིན་ཉིན་མོ་འཁྱོལ་དཀའ་ཞིང་མཚན་མོ་གཉིད་མེད་པའི་སྐྱོ་གདུང་གི་ནང་ལྷག་ཡོད། ང་ཚོ་དེ་རིང་མཉམ་འཛོམ་ཐོག དགའ་དགའ་སྤྲོ་སྤྲོ་ཡི་དུས་ཆེན་སྲུང་གཙི་བྱེད་རྒྱུ་ལས། རང་གི་ལུང་པ་འདི་ནས་སྐུ་ཉིད་ཀྱི་ཚབ་བྱས་ཏེ་མང་ཚོགས་ལ་འཁྲུངས་སྐར་སྒོང་བསྲེས་བག་ལེབ་ (Birdthday Cake) འགྲེམས་བཞིན། སྐར་ཆ་རེ་རེ་བཞིན་ང་ཚོ་སྐུ་ཉིད་དང་ལྷན་དུ་ཡོད་ཅིང་སྐུ་ཉིད་ལ་ལུས་ངག་ཡིད་གསུམ་ནས་དགའ་གུས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཁྱེད་ཀྱི་འཁྲུངས་སྐར་བསུ་བཞིན་ཡོད། ཅེས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese