མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོ་ཏཱི་ཡི་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལག་ཆར་འགྱུར་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་བརྟན་གཞི་བྱེད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཞིག་དང་དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་མཉམ་དུ་གོ་སྒྲིག་བྱེད་འཆར་ཡོད་པའི་རྒྱ་ནག་གི་དམངས་གཙོའི་སྐོར་གྱི་ཚོགས་འདུར་བཅར་མཁན་ཁག་ཅིག་གི་ཐོངས་ཆེན་རྒྱ་གར་གཞུང་གིས་ཕྱིར་འཐེན་བྱས་པ་གླེང་གཞི་ཆེན་པོ་ཆགས།

tibettimes-2རྒྱ་གར་གྱིས་སྙན་གྲགས་ཅན་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལུའུ་ཇིང་ཧཱ་(Lu Jinghua)དང་། ཧོང་ཀོང་དམངས་གཙོ་འཐབ་རྩོད་པ་རེས་ཝོང་(Ray Wong)གཉིས་དྷ་རམ་ས་ལར་འཚོགས་རྒྱུའི་ ༼རྒྱ་ནག་གི་དམངས་གཙོར་དམིགས་པའི་ལྷན་ཚོགས།༽(China-focussed conference on democracy) ཞེས་པའི་ཚོགས་འདུར་བཅར་རྒྱུའི་ཐོངས་མཆན་དེ་སྔོན་སྤྲད་ཟིན་པ་ཕྱིར་འཐེན་བྱས་ཡོད་པ་རེད། ཐོངས་མཆན་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་ནི་ཇར་མན་དུ་རྟེན་གཞི་བྱས་པའི་ཡུ་གུར་རང་དབང་འཐབ་རྩོད་པ་སྐུ་ཞབས་ཌོལ་ཀུན་ཨི་སཱ་(Dolkun Isa)ཡི་ཐོངས་མཆན་ཕྱིར་འཐེན་བྱས་པའི་ཉིན་ཤས་རྗེས་བྱུང་བ་ཞིག་ཡིན་པ་དང་། ཁོང་ཡང་ལྷན་ཚོགས་དེར་བཅར་འཆར་ཡོད་པ་ཞིག་རེད། རྒྱ་གར་དྷ་རམ་ས་ལའི་ཚོགས་འདུ་དེའི་དབུ་འབྱེད་གསུང་བཤད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་གནང་འཆར་ཡོད་པ་ཞིག་རེད།

ཡུ་གུར་རང་དབང་འཐབ་རྩོད་པ་སྐུ་ཞབས་ཨི་སཱ་ནི་རྒྱ་ནག་གཞུང་གིས་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ Interpol ཀྱིས་དོ་སྣང་སྤྲོད་པའི་མི་ཞིག་ཀྱང་ཡིན། ལུའུ་ཇིང་ཧཱ་ནི་ ༡༩༨༩ ལོ་གནམ་སྡེ་སྒོ་མོ་ཆེར་ངོ་རྒོལ་བྱེད་སྐབས་ཀྱི་མི་སྣ་གཙོ་གྲས་ཡིན་པ་དང་། རྒྱ་གཞུང་གིས་ནག་ཉེས་ཆེ་བའི་མི་སྣར་ངོས་འཛིན་བྱེད་པའི་གྲས་སུ་ཚུད་ཡོད། ལུའུ་ཇིང་ཧཱ་ཡིས་རང་ཉིད་ཀྱི་ཐོངས་མཆན་ཕྱིར་འཐེན་བྱས་པའི་སྐོར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནེའུ་ཡོག་ནས་ལྡི་ལིར་ཕྱོགས་ཐོན་བྱེད་པའི་གནམ་གྲུར་སྡོད་ལ་ཉེ་བའི་སྐབས་གཞི་ནས་ཤེས་རྟོག་བྱུང་བ་ཞིག་ཡིན་སྐོར་བཤད་ཡོད། ཧོང་ཀོང་དམངས་གཙོ་འཐབ་རྩོད་པ་རེས་ཝོང་གི་ཐོངས་མཆན་ཡང་སྐབས་ཐོག་དེར་ཕྱིར་འཐེན་བྱས་ཡོད་པ་རེད།

ད་ལྟའི་ཆར་ཨ་རིའི་མི་སེར་ཆགས་ཟིན་པའི་ལུའུ་ཇིང་ཧཱ་ཡིས་ནེའུ་ཡོག་ནས་ཧིན་དྷུ་སི་ཐན་དུས་བབ Hindustan Times ཀྱི་དྲི་བར་ལན་འདེབས་གནང་སྐབས། རྒྱ་གར་གཞུང་གིས་ཁོ་མོ་རྒྱ་གར་དུ་ཐོན་ཁར་ཐོངས་མཆན་ཕྱིར་འཐེན་བྱས་པར་ཁོང་ཁྲོ་ཆེན་པོ་ལངས་སྐོར་བརྗོད་ཡོད་པ་མ་ཟད། ལོ་ན་ ༥༤ ལ་སོན་པའི་དམངས་གཙོ་འཐབ་རྩོད་པ་ལིའི་ཡིས་ཐོངས་མཆན་ཕྱིར་འཐེན་བྱས་པའི་གནད་དོན་དང་འབྲེལ་ཏེ། ཁོ་མོས་རྒྱ་གར་གཞུང་ཚབ་ནས་ཐོངས་མཆན་ཞུ་སྐབས། ལས་ཁུངས་ལོགས་ཀ་ཞིག་ཏུ་འགྲོ་སྡོད་དགོས་པ་སོགས་དོ་བདག་ལ་བརྡབ་གསིག་ཆེན་པོ་བཏང་ཚུལ་བརྗོད་དོན་ “ང་གནམ་ཐང་དུ་འཛུལ་ཡོང་བ་དང་། གནམ་གྲུའི་ནང་སྡོད་ལ་ཉེ་བའི་སྐབས། གློ་བུར་དུ་གནམ་ཐང་གི་ལས་བྱེད་ཅིག་གིས་ང་རེ་ཞིག་སྒུག་དགོས་པར་བཤད་བྱུང་།”ཞེས་བརྗོད་པ་དང་། གནམ་ཐང་གི་ལས་བྱེད་པ་དེས་རྒྱང་རིང་གི་ཁ་པར་འགའ་བཏང་རྗེས་ཁོ་མོ་གནམ་གྲུར་སྡོད་མི་ཆོག་ཚུལ་བཤད་འདུག

ལུའུ་ཡིས་བརྗོད་དོན། “ང་སྒུག་འཇུག་པའི་སྐབས། མི་རྣམས་ཀྱིས་ང་ལ་ཡ་མཚན་ངང་ལྟ་གི་འདུག སྐབས་དེར་ང་ནི་ངོ་ཚ་བ་དང་ཧོན་ཡང་འཐོར་དགོས་པ་བྱུང་། ངས་རྒྱུ་མཚན་དྲིས་ཀྱང་ལས་བྱེད་པ་དེས་ལན་འདེབས་བྱེད་ཀྱི་མི་འདུག” ཅེས་དང་། “རྒྱ་གར་གྱི་བྱེད་ལུགས་དེས་ང་ལ་བློ་ཕམ་ཆེན་པོ་བྱུང་། ཕྱི་ཟླ་ ༡ ནང་ཐའེ་ཝན་དུ་འགྲོ་སྐབས་ཀྱང་དཀའ་ངལ་དེ་འདྲ་གང་ཡང་མ་བྱུང་། རྒྱ་གར་གྱིས་ངའི་ཐོངས་མཆན་ཕྱིར་འཐེན་བྱེད་དོན་གང་ཡིན་ནམ། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བཀག་པ་ཞིག་ཡིན་ན་ངས་བསམ་ཤེས་བྱེད་ཐུབ་པ་ཞིག་རེད།” ཅེས་སོགས་བརྗོད།

རྒྱ་གར་གཞུང་འབྲེལ་ཐོག་ལུའུ་ཇིང་ཧཱ་ཡི་ཐོངས་མཆན་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་ནི། ཁོ་མོའི་འབྲེལ་ཡོད་ཡིག་ཆའི་འོས་ཆོས་མ་ཚང་བ་དང་། རྒྱ་གར་དུ་ཡོང་བའི་དམིགས་ཡུལ་ཁ་གསལ་མེད་ལུགས་བརྗོད་ཡོད་པ་རེད། རེས་ཝོང་གི་གནད་དོན་དེ་ནི་ཁོ་པའི་ཡིག་ཆའི་ནང་གི་ཟླ་ཚེས་སོགས་རེའུ་མིག་ཁ་སྐོང་གསལ་པོ་མེད་ལུགས་ཀྱི་རྒྱུ་མཚན་བརྗོད་ཡོད།

རྒྱ་མཚན་དེ་དག་ལས་ཀྱང་ཐ་དད་པ་ཞིག་ནི། རང་ཉིད་ཀྱི་མིང་བརྗོད་འདོད་མེད་པའི་གཞུང་འབྲེལ་མི་སྣ་ཞིག་གིས། རྒྱ་ནག་གཞུང་ལ་རྒྱབ་གཏོད་བྱེད་མཁན་ལ་རྒྱ་གར་གཞུང་གིས་ཐོངས་ཆེན་སྤྲོད་མི་སྲིད་པ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་གཞི་དང་འབྲེལ་བར་དབུས་གཞུང་གིས་ཐེ་ཇུས་བྱེད་པ་དེ་ནི། ལྡི་ལི་སྲིད་གཞུང་དང་པེ་ཅིན་གཞུང་གཉིས་བར་གྱི་སྲིད་ཇུས་ལ་དོ་ཕོག་འགྲོ་གཞིར་ངོས་འཛིན་བྱེད་ཀྱི་ཡོད།

“སྲིདtibettimes་ཇུས་དེ་ནི་རྒྱ་དཀར་ནག་གཉིས་ཀྱིས་ལོ་མང་རིང་ལག་ལེན་བྱས་དང་བྱེད་མུས་ཤིག་ཡིན། དེའི་རྒྱུ་མཚན་གྱིས་རྒྱ་གར་ནང་གི་བཙན་བྱོལ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་ཀྱང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད།” ཅེས་གཞུང་འབྲེལ་མི་སྣ་དེས་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཚོར་རྐྱེན་རྣོ་བའི་རང་བཞིན་གྱི་གནད་དོན་དང་འབྲེལ་ལམ་སྐོར་ལ་དེ་ལྟར་བརྗོད་འདུག

གྲངས་ཚད་བརྗོད་པར་དཀའ་བའི་མི་མང་དང་། གཙོ་ཆེར་མཐོ་རིམ་སློབ་མས་གནམ་སྡེ་སྒོ་མོ་ཆེར་རྒྱ་ནག་གི་ཁྲིམས་ལུགས་ལ་བཅོས་སྒྱུར་དགོས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བརྩམས་པར། རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་དང་དམར་གསོད་བཏང་བ་རེད། ངོ་རྒོལ་བ་མི་ཉུང་བ་ཞིག་དྲག་གནོན་དེའི་རྗེས་བྲོས་བྱོལ་དུ་འགྲོ་ཐུབ་པ་བྱུང་བ་ལས་ལུའུ་ཇིང་ཧཱ་དེ་དག་ཁྲོད་ཀྱི་གཅིག་ཡིན། ཁོ་མོ་ནི་ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཞིག་ཡིན།

རྒྱ་ནག་གཞུང་གིས་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་མི་སྣ་དང་གནད་དོན་ཇི་འདྲ་ཞིག་ཡིན་རུང་དོ་སྣང་དང་སུན་སྣང་ཆེན་པོ་བྱེད་ཀྱི་ཡོད། ལོ་ལྟར་ཕྱི་ཟླ་ ༦ པའི་ནང་རྔམ་སྟོན་ངོ་རྒོལ་དུས་དྲན་གྱི་སྔ་ཕྱི་བར་གསུམ་དུ་པེ་ཅིན་གཙོས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

དྷ་རམ་ས་ལར་འཚོགས་པའི་ལྷན་ཚོགས་དེ་ནི་ཟླ་ ༤ པའི་ཚེས་ ༢༨ ནས་ཕྱི་ཟླ་ ༥ པའི་ཚེས་ ༡ བར་ཡིན་པ་དང་། ལྷན་ཚོགས་དེ་ནི་ཨ་མི་རི་ཀར་རྟེན་གཞི་བྱས་པའི་རྒྱ་ནག་ཆེད་མི་སེར་གྱི་ནུས་པ་ Citizen Power for China ཞེས་པའི་ཚོགས་པའི་གོ་སྒྲིག་འོག་སྐོང་འཚོགས་བྱེད་ཀྱིན་ཡོད་པ་རེད། ཚོགས་པ་དེ་ནི་ཡང་ཅན་ལི་ཡིས་དབུ་ཁྲིད་པ་ཞིག་ཡིན་པ་དང་། ཁོང་རང་ཡང་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཞིག་ཡིན།

གཟའ་འཁོར་གཅིག་གི་རིང་ཐོངས་མཆན་གསུམ་ཕྱིར་འཐེན་བྱས་པ་དེ་ནི་རྒྱ་ནག་གི་རེ་འདོད་བཞིན་བྱས་པ་མངོན་གསལ་དོད་པོ་ཡིན་སྟབས། མོ་ཏཱི་ Narendra Modi གཞུང་ལ་སྐྱོན་བརྗོད་བྱེད་པའི་ལག་ཆར་འགྱུར་རྒྱུ་ཧ་ལམ་ངེས་པ་ཞིག་རེད། ཉེ་སྔོན་རྒྱ་གར་གཞུང་གིས་ཨི་སཱ་ལ་ཐོངས་མཆན་སྤྲད་པར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་གསལ་པོ་བསྟན་ཡོད་པ་རེད།

རྒྱ་གར་གཞུང་གིས་ཁོང་གི་ཐོངས་མཆན་ཕྱིར་འཐེན་བྱེད་སྐབས། ཁོང་ལ་རྒྱལ་སྤྱིའི་སྲུང་སྐྱོབ་ལྷན་ཁང་གིས་དམིགས་བཀར་དོ་སྣང་བྱ་ཡུལ་དང་། ཐོངས་མཆན་སྙན་ཞུའི་ནང་དོན་དང་དམིགས་ཡུལ་ཕྱིན་ཅི་ལོག་ཚུལ་འགྲེལ་བརྗོད་བྱས་པ་རེད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་“ཨི་སཱ་ཡིས་ཐོག་མར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་པ་རེད། ཐོངས་མཆན་ཐོབ་པ་དང་རང་ཉིད་ལྷན་ཚོགས་དེར་འགྲོ་རྒྱུའི་སྐོར་ཁྱབ་བསྒྲགས་བྱས་འདུག དེར་བརྟེན་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཐོག་ལས་དོན་དེ་འདྲ་བའི་དམིགས་ཡུལ་བཅངས་པ་ནི་མི་ཆོག་པ་ཞིག་རེད།” ཅེས་འགྲེལ་བརྗོད་བྱས།

ཨི་སཱ་ནི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་མགོ་ཁྲིད་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་ཤིན་ཅང་ཁུལ་དུ་དྲག་སྤྱོད་ཀྱི་ལས་འགུལ་དང་མི་གསོད་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་སྐྱོན་འཛུགས་བྱས་ཡོད་པ་ཞིག་ཡིན། ཡུ་གུར་ཚོགས་པ་ནི་རྒྱ་ནག་གི་ཕྱི་ཕྱོགས་སུ་གྲུབ་པའི་ཚོགས་པ་ཞིག་ཡིན།

སྐལ་ལྡན་གྱིས་རྒྱ་གར་དུས་བབ་ལས་ཕབ་སྒྱུར་བྱས། http://www.hindustantimes.com/world/india-cancels-visas-for-two-more-chinese-activists/story-sta4io7yU54Z4l9xv2q2kK.html

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. ཨོ་རྒྱན་ཚེ་རིང་། says:
    ལོ་ 10 སྔོན།

    རྡ་རམ་ས་ལའི་ཚོགས་འདུ་དེ་གོ་བཀོད་སྒྲིག་བྱེད་མཁན་བོད་ཀྱི་འགྲོ་བ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་བོད་རྒྱ་སྨྱུག་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཟེར་བ་འདི་དག་རེད།

    Reply
  2. བློ་བཟང་། says:
    ལོ་ 10 སྔོན།

    བོད་རྒྱ་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་འབའ་བ་སྐལ་བཟང་རྒྱལ་མཚན་རེད། འཇོན་ཐང་དང་ནུས་པ་འཆར་གཞི་སོགས་ཀྱིས་མ་འདང་བས་དབང་གིས་ཚོགས་འདུ་དེ་རྐུབ་བརྡོལ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese