མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུད་མེད་ཚོས་བུད་མེད་འདི་དག་ལ་དཔེ་ལྟོས་ཨཱ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གངས་ལྷ་མོ་ལགས་ནས་བོད་སྒྱུར་བྱས་པའི་འཛམ་གླིང་ཤར་ནུབ་ཀྱི་བུད་མེད་གྲགས་ཅན་ ༢༡ གི་མི་ཚེའི་ལོ་རྒྱུས་སྐོར་གྱི་༼འཛམ་གླིང་ཐོག་གི་བུད་མེད་གྲགས་ཅན༽ཞེས་པའི་དེབ་ཅིག་དབུ་འབྱེད་གནང་སོང་།

IMG_1234དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་རྒྱ་ཡིག་ནས་བོད་སྒྱུར་བྱས་པའི་༼འཛམ་གླིང་ཐོག་གི་བུད་མེད་གྲགས་ཅན༽ཞེས་པའི་དཔེ་དེབ་ཅིག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་འབྱེད་གནང་བ་དང་འབྲེལ། བཙན་བྱོལ་བོད་མིའི་རྩོམ་པ་པོ་དང་ལྷག་པར་དུ་གསར་འགོད་པ་ཚོས་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་སྤེལ་ཏེ་འབྲེལ་ཡོད་ནས་ཤེས་ཐུབ་པ་ཞིག་དང་། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་བདེན་དོན་ཤེས་རྟོགས་ཐུབ་པ་ཞིག་བཟོ་དགོས་པ་དེ་ལས་འགན་གཙོ་བོ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་དཔེ་དེབ་དེ་བོད་སྒྱུར་བྱས་པའི་དགོས་དམིགས་སྐོར་བརྗོད་སྐབས། ངས་དེབ་འདི་བསྒྱུར་ནས་ག་རེ་བྱེད་པ་ཡིན་ཟེར་ན། དངོས་གནས་སྤྱི་ཚོགས་ནང་བུད་མེད་ཐོག་ཡིན་གཅིག་མིན་གཅིག་གིས་བུད་མེད་ཀྱི་ཐོབ་ཐང་བཤད་དགོས་ཀྱི་ཡོད་པ་མ་རེད། སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ནང་བཞིན་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱིས་ལས་ཀ་བྱེད་མཁན་ཚོ་མིག་དཔེ་ལྟ་ས་རེད། དེབ་འདིའི་ནང་བུད་མེད་ ༢༡ ཡོད་པ་དང་། ཁོང་རང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་ཡིན་ནའང་ཁྱིམ་ཚང་རྫིག་པོ་དང་། རྒྱུ་དཔལ་འབྱོར་ཆེན་པོ། བུ་མོ་མཛེས་མ་རྐྱང་རྐྱང་གང་ཡང་མ་རེད། ཡིན་ནའང་། བུད་མེད་ ༢༡ དེས་སོ་སོའི་ཆེད་ལས་དང་ཁོར་ཡུག་སོགས་ལ་བརྟེན་ནས་ཧུར་ཐག་འབད་ཐག་བྱས་ཏེ་གྲགས་པ་འབར་ནས་འཛམ་གླིང་དབང་བསྒྱུར་བྱས་པ་རེད་ཟེར་ནའང་འུར་དུ་འགྲོ་ཡི་མ་རེད་བསམ་གྱི་འདུག དེར་བརྟེན་བོད་པའི་བུད་མེད་ཚོས་ཁོང་ཚོའི་ཐོག་ནས་ཚང་མ་ཚུར་ལེན་དགོས་པ་རེད་ཟེར་གྱི་མེད་ཀྱང་། སྙིགས་དོར་བཅུད་ལེན་གྱི་ཐོག་ནས་སོ་སོའི་སེམས་ལ་སྤོབས་པ་བསྐྲུན་ཐབས་དང་། སོ་སོའི་བློ་སྒོ་འབྱེད་པར་ཐབས་ལམ་འདྲ་པོ་དེ་ཚུར་ལེན་ཐུབ་པའི་རེ་བ་ཤུགས་ཆེན་པོ་ཞིག་བཅངས་ཏེ་དེབ་འདི་བསྒྱུར་བ་ཡིན་ལ། མ་འོངས་པར་བོད་པའི་བུད་མེད་ཚོར་ཏོག་ཙམ་ཕན་ཐོགས་ཡོང་ན་བསམ་ནས་བོད་སྒྱུར་བྱས་པ་ཡིན། ཞེས་དང་། ཡང་མོས་བོད་རྒྱ་དབྱིན་གསུམ་གྱི་གཙོས་ཡིག་རིགས་འདྲ་མིན་ཐོག་རྩོམ་ཡིག་འབྲི་མཁན་གྱི་རྩོམ་པ་པོས་རང་ཉིད་རྩོམ་པ་པོ་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་ལ། རྩོམ་ཡིག་འབྲི་བ་ནི་སོ་སོའི་ཉིན་རེའི་འཚོ་བའི་རྒྱགས་ཕྱེ་ལྟ་བུ་ཞིག་ཏུ་རྩིས་ནས་དངོས་ཡོད་གནས་སྟངས་ཡོངས་རྫོགས་ཡིག་ཐོག་ཏུ་ཕབ་ཐབས་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆར་ཁ་ཕྱོགས་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་དང་། དེ་བཞིན་བོད་ཀྱི་ལོ་ཙཱ་བ་ནི་ཕ་སྐད་ཕྱུག་པོ་བཟོ་མཁན་གཙོ་བོ་དེ་ཡིན་པ་ངོས་ཟིན་པའི་ཐོག་ནས་དམིགས་ཡུལ་ངེས་ཅན་བཟུང་སྟེ། གཞུང་དམངས་གཉིས་ནས་འཕྱར་གྲུ་མཉམ་འདེགས་བྱེད་ཐུབ་ན་གྲུབ་འབྲས་ཐོན་པར་རེ་བ་ཆེན་པོ་ཡོད་སྐོར་བཅས་དོན་ཚན་ལྔ་ཡི་ཐོག་ནས་འབོད་སྐུལ་གནང་སོང་།

IMG_1240ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གངས་ལྷ་མོ་ལགས་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང་། བོད་ནང་རང་ཉིད་ཀྱི་ལུས་སྲོག་བདེ་སྐྱིད་དང་བཅས་པ་བློས་བཏང་སྟེ། རྒྱ་གཞུང་གི་བཙན་གནོན་འོག་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་དཔའ་བོ་དཔའ་མོ་ཚོར་སྙིང་ཐག་པ་ནས་གུས་འདུད་ཆེན་པོ་ཡོད་ལ། ཁོང་རྣམ་པ་ཚོའི་ནང་ནས་ཉུང་ཤས་ཤིག་བཙན་བྱོལ་དུ་བསླེབས་ཐུབ་ཡོད་པ་རྣམས་ནས་མུ་མཐུད་བོད་སྤྱི་པའི་རྩ་དོན་ཆེད་ཁ་ཡོད་ལག་ཡོད་ཀྱིས་ཕྱག་ལས་གནང་བཞིན་པ་དེ། རང་རེའི་སྤྱི་ཚོགས་ཀྱི་ནུས་པ་དང་གཟི་བརྗིད་ཅིག་ལ་ངོས་འཛིན་གནང་བཞིན་ཡོད་པ་དང་། གངས་ལྷ་མོ་ལགས་ལྟ་བུ་ཡིན་ན། བཙན་བྱོལ་དུ་བསླེབས་རྗེས་ཀྱང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཀྱི་ནང་ཕྱག་ལས་གནང་སྟེ་སྤྱི་ཚོགས་ནང་འགན་འཁུར་ཡོད་པ་དང་། ལྷག་པར་དུ་མི་མང་གི་ངོས་ནས་འོས་འདེམས་བྱས་ཏེ་བོད་མི་མང་སྤྱི་འཐུས་ནང་ཐུགས་འགན་བཞེས་ཐུབ་པ་བྱུང་བ་དེ་ཚོ་ཚང་མ་བོད་ཀྱི་བུད་མེད་ཚོས་སྙིང་སྟོབས་སྐྱེད་སའི་ཡུལ་ཞིག་ཏན་ཏན་ཆགས་ཡོད་སྐོར་གསུངས་བ་དང་འབྲེལ་ཁོང་མོས། ས་ག་ཟླ་བའི་ཚེས་བཅུ་སྟེ་འདི་འདྲའི་ཉིན་མ་བཟང་པོ་ཞིག་ལ། གངས་ལྷ་མོ་ལགས་ནས་བུད་མེད་ཅིག་ཡིན་པའི་ངོས་ནས་འཛམ་གླིང་ནང་གྲགས་ཅན་གྱི་བུད་མེད་ ༢༡ བདམས་ཏེ། ཁོང་ཚོའི་ལོ་རྒྱུས་དེ་ཚོ་དེབ་ཀྱི་ངོ་བོའི་ཐོག་བསྒྱུར་བ་དང་། དེ་ཡང་ང་ཚོའི་མ་སྐད་ནང་ཚུར་བསྒྱུར་ནས་ང་རང་ཚོའི་སྤྱི་ཚོགས་ནང་བསླེབས་ཐུབ་པ་ཡིན་ན། དངོས་གནས་དྲང་གནས་དཔེ་ལྟ་ས་འདྲ་པོ་ཞིག་ཆགས་ཏེ། སྤྱི་ཚོགས་ནང་སེམས་འགུལ་ཐེབས་པའི་ཕན་ཐོགས་ཤིག་ཡོང་གི་རེད་བསམ་ནས་བོད་སྒྱུར་གནང་བ་དེ་བྱ་བ་ཆེན་པོ་རེད་བསམ་གྱི་འདུག་པས། གངས་ལྷ་མོ་ལགས་ནས་ལོ་གཅིག་གི་སྔོན་ནས་འཆར་གཞི་བསྒྲིགས་པ་དང་དེ་ནས་དཀའ་ངལ་མང་པོ་ཞིག་ཏན་ཏན་བྱུང་ཡོད་པ་རེད། དེབ་ཅིག་འདོན་རྒྱུ་དེ་ལས་སླ་པོ་མ་རེད། དེ་རིང་དངོས་སུ་སོ་སོའི་བསམ་པ་ནང་བཞིན་བྱས་ཏེ་འགྲུབ་ཐུབ་པ་བྱུང་བ་དེར་ངས་བཀྲ་ཤིས་བདེ་ལེགས་ཞེས་ཞུ་ཡི་ཡོད་ལ། ང་རང་ཚོའི་སྤྱི་ཚོགས་ནང་གི་ཀློག་མཁན་ཚོས་དགོངས་པ་བཞེས་སྟངས་ཡིན་ནའང་བུད་མེད་དེ་ཚོས་གནང་བ་ནང་བཞིན་ང་ཚོས་བྱེད་མ་ཐུབ་པ་མི་འདུག་བསམ་ནས་སེམས་ཤུགས་སྐྱེད་དགོས་པ་རེད། རྒྱལ་ཁབ་ཅིག་གི་ལོ་རྒྱུས་ནང་བལྟས་པ་ཡིན་ན། ང་ཚོ་ད་ལྟ་ཛ་དྲག་པའི་དུས་སྐབས་ཤིག་ཏུ་གནས་ཡོད་པ་དངོས་འབྲེལ་ཆགས་བསྡད་ཡོད་སྟབས། སོ་སོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ཆེད་ཕྱག་ལས་གནང་བར་ཏན་ཏན་ཕོ་མོ་འདྲ་མཉམ་གྱི་ཐོག་ནས་འགན་མཉམ་འཁུར་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དེབ་འདིས་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། ཚང་མས་ཐུགས་སྣང་གནང་རོགས། ཞེས་གསུངས་སོང་།

ཡང་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མིའི་རྩོམ་པ་པོ་དང་གསར་འགོད་པ་ཚོར་དྲན་སྐུལ་གནང་དོན། དམངས་གཙོའི་སྤྱི་ཚོགས་ནང་རྩོམ་པ་པོ་ཟེར་ན་རེད། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་གྱི་འགན་འཁུར་དང་ནུས་པ་དེ་ཤུགས་ཆེན་པོ་ག་ཚོད་ཡོད་མེད་ང་རང་ཚོ་ཚང་མས་མཁྱེན་གསལ་རེད། དེར་ངས་འགྲེལ་བཤད་ཞེ་དྲགས་ཤིག་རྒྱག་དགོས་པ་མ་རེད། རང་བཙན་བརྩོན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགྱུར་འགྲོས་ཆེན་པོ་བྱུང་བའི་སྐབས་དེར། གསར་འགྱུར་བརྒྱུད་ལམ་ནང་ཕྱག་ལས་གནང་མཁན་གྱི་ནུས་པའི་ཐོག་ནས་འགྱུར་འགྲོས་ཆེན་པོ་ཕྱིན་ཡོད་པ་དེ་གཟིགས་རྒྱུ་ཡོད་པ་ཞིག་དང་། ལོ་རྒྱུས་ནང་ཀློག་རྒྱུ་ཡོད་པ་དངོས་འབྲེལ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ངས་སྔོན་མ་ཐེངས་ཁ་ཤས་ལ་ཞུས་མྱོང་། ང་རང་ཚོ་བཙན་བྱོལ་ནང་དུ་ཡོད་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཕྱག་ལས་གནང་མཁན་ཚོར་དངོས་གནས་དྲང་གནས་ལས་འགན་ཆེན་པོ་ཞེ་དྲགས་ཡོད་པ་རེད། དངོས་འབྲེལ་གནས་ཚུལ་གང་ཡིན་པ་དེ་ང་རང་ཚོའི་སྤྱི་ཚོགས་ནང་གི་འབྲེལ་ཡོད་ཚོས་མཁྱེན་ཐུབ་པ་བྱེད་དགོས་པ་དེ་གཅིག་ཆགས་ཀྱི་ཡོད་པ་རེད། གཉིས་པ་དེ་ག་རེ་རེད་ལབ་ན། བོད་ཀྱི་རྩ་དོན་འགྲུབ་པའི་ཆེད་དུ་བོད་ཀྱི་བདེན་པའི་གནས་སྟངས་འཛམ་བུ་གླིང་གིས་མཁྱེན་པ་བཟོ་ཐུབ་དགོས་པ་དེ་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་སོགས་གསུངས་སོང་།

ཤོག་གྲངས་ ༤༢༩ ཡོད་པའི་༼འཛམ་གླིང་ཐོག་གི་བུད་མེད་གྲགས་ཅན་༽ཞེས་པའི་དཔེ་དེབ་འདི་དྲ་ལམ་ནས་གནས་ཚུལ་འདེམས་སྒྲུག་བྱས་ཏེ་བོད་སྒྱུར་གནང་བ་ཞིག་ཡིན་ལ། འདིའི་ནང་འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་དབུ་ཁྲིད་དང་རྩོམ་པ་པོ། ཚན་རིག་པ། ཆོས་ལུགས་མི་སྣ་སོགས་ཁྱོན་སྙན་གྲགས་ཅན་གྱི་བུད་མེད་ ༢༡ གི་ཀྱག་ཀྱོག་གི་མི་ཚེའི་ལོ་རྒྱུས་དང་དཀའ་སྡུག་ཆེ་བའི་འཐབ་རྩོད་ཀྱི་ལམ་བུ། ཟུང་ཁྲག་དང་འདྲིས་པའི་མཛད་རྗེས་བཅས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese