མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་དང་པོའི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འཚོགས་རྒྱུ་ཡིན་པ་དང་ཐེངས་འདིའི་རྩེད་འགན་བོད་པའི་བུ་མོའི་རུ་ཁག་དང་རྒྱ་གར་གྱི་རུ་ཁག་གསུམ་བཅས་ཡོད་འདུག

tibetitmesདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་། དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྟོབས་རྒྱལ་ཚེ་རིང་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་རྗེས་མར་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱ་གར་གྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གསུམ་དང་འགྲན་བསྡུར་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

སྐལ་བཟང་དོན་གྲུབ་ལགས་ཀྱིས་བརྗོད་དོན། དེ་རིང་འདིར་གསལ་བསྒྲགས་ཞུ་རྒྱུ་གཙོ་བོ་གཉིས་ཡོད། དང་པོ། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ཐེངས་དང་པོ་དེ་དྷ་རམ་ས་ལར་འཚོགས་རྒྱུ་དང་། གཉིས་པ། དེ་བྱང་ཨ་རིའི་ནང་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་གསེར་གྱི་གཟེངས་རྟགས་འཚོགས་འཆར་ཡོད་པ་དེ་གཉིས་ཡིན། དང་པོ། ཟླ་བ་རྗེས་མའི་ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་དེ་ཟླ་བ་རྗེས་མའི་ནང་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་གོ་སྒྲིག་ཞུ་རྒྱུ་ཡིན། ཕྱི་ཟླ་ ༦ ཚེས་ ༩ ནས་ ༡༢ ཉིན་བར། བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དང་། ལྡི་ལི་ནས་རུ་ཁག་གཅིག ཨཱ་མར་སར་ནས་རུ་ཁག་གཅིག ཧི་མ་ཅལ་ནས་རུ་ཁག་གཅིག་བཅས་རུ་ཁག་ ༤ བར་ལ་ཉིན་བཞིའི་རིང་འགྲན་བསྡུར་བྱ་རྒྱུ་ཡིན།

གཉིས་པ་བྱང་ཨ་རིའི་ནང་གི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེ། ན་ནིང་ཕྱི་ཟླ་ ༡༠ ཙམ་ལ་ང་ཚོའི་སྔོན་མའི་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་བསོད་ནམས་དབང་རྒྱལ་ལགས་ཀྱིས་ཚུར་འབྲེལ་བ་ཞུས་ཏེ། ཁེ་ན་ཌ་ནས་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་གནང་རྒྱུ་ཡིན་གསུངས་པ་ལྟར། ཊོ་རོན་ཊོ་བོད་རིགས་ཚོགས་པས་གོ་སྒྲིག་ཞུ་རྒྱུའི་འགན་ཆ་ཚང་ཞུ་རྒྱུ་བྱས་ཏེ། འབྱུང་འགྱུར་ཕྱི་ཟླ་ ༧ ཚེས་ ༤ ནས་ ༨ ཉིན་བར་འཛུགས་རྒྱུ་གཏན་འཁེལ་བསྡད་ཡོད། གྲ་སྒྲིག་བྱ་རྒྱུ་དང་འགྲོ་སོང་ཆ་ཚང་ཊོ་རོན་ཊོ་བོད་རིགས་ཚོགས་པའི་ངོས་ནས་གཏོང་རྒྱུ་རེད། དེར་རུ་ཁག་ ༡༢ བདམས་ཡོད་པ་དག་ནི། སན་ཧྥི་རན་སི་ཁོ་(San Francisco)དང་། ནེའུ་ཡོག་(New York)གི་རུ་ཁག་ཀ་བ་དང་ཁ་བ། ཆའེ་ཀ་གོ་(Chicago)ནས་རུ་ཁག་གཅིག མེ་ཌི་སན་(Madison)ནས་རུ་ཁག་གཅིག བྷོ་སི་ཊོན་(Boston)། མེ་ནེ་སོ་ཊ་(Minnesota)། ཡུ་རོབ་ནས་རུ་ཁག་གཅིག ཀལ་ཀ་རེ་(Calgary) ཊོ་རོན་ཊོར་ཡོད་པའི་སྦེལ་ཀོབ་སློབ་ཟུར། ཊོ་རོན་ཊོ་གངས་སེང་རུ་ཁག ཊོ་རོན་ཊོ་ཆོལ་གསུམ་རུ་ཁག ཉིན་བཞིའི་ནང་ཚར་དགོས་ཀྱི་ཡོད་སྟབས་སྤོ་ལོ་རྩེད་ཐང་ཁ་ཤས་ཤིག་གོ་སྒྲིག་བྱས་འདུག འགྲན་བསྡུར་ཉིན་མཐའ་མར་ཚེས་༨ ཉིན་དང་པོ་ཕྲུ་གུ་ཆུང་ཆུང་གི་སྤོ་ལོ་འགྲན་བསྡུར་ཞིག་དང་། དེའི་རྗེས་ལ་ལོ་ ༤༠ ཡར་འདབས་ཀྱི་རྒན་པའི་སྤོ་ལོ་འགྲན་བསྡུར་ཞིག་བཅས་གོ་སྒྲིག་བྱས་འདུག སྐུ་མགྲོན་གཙོ་བོར་ཊོ་རོན་ཊོའི་གྲོས་ཚོགས་འཐུས་མི་གཅིག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་སྤྱི་འཐུས་བཅས་འཆར་གཞི་བཏང་འདུག ཅེས་སོགས་བརྗོད་སོང་།

https://tibettimes.net/wp-content/uploads/2016/05/football21.mp3

བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བྱུང་ཡོད་པའི་རྙོག་གླེང་དང་འབྲེལ་བའི་སྐོར་ལ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསལ་བཤད་གནང་།

སྐལ་བཟང་དོན་གྲུབ་ལགས་ཀྱིས་བོད་ཀྱི་རྩེད་རིགས་ཚོགས་པའི་བྱུང་རིམ་སྐོར་ངོ་སྤྲོད་གནང་བར། སྤྱིར་བོད་པའི་རྐང་རྩེད་སྤོ་ལོའི་བྱུང་རིམ་ལོ་རྒྱུས་དེ་ཐོག་མ་བོད་རང་བཙན་མ་ཤོར་སྔོན་གྱི་ ༡༠༤༥ ལོ་ཙམ་ལ་དབྱིན་ཇིའི་རྩེད་མོ་བོད་ནང་དར་ཡོད་པ་དང་། ༡༩༣༠ ལོ་ཡས་མས་ནས་བོད་པའི་དམག་སྒར་དང་སྐུ་དྲག་ཚོའི་བར་དུ་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཏེ་འགྲན་བསྡུར་གནང་འདུག ང་དགུ་ལོའི་སྔོན་ལ་རྒྱ་ནག་གི་དམག་མི་བོད་དུ་བསླེབས་ཏེ་བོད་པའི་རུ་ཁག་དང་རྒྱ་ནག་གི་དམག་མིའི་རུ་ཁག་བར་རྩེད་མོ་རྩེད་བ་དེ་འདྲ་བྱུང་འདུག

༡༩༩༨ ལོར་ཨི་ཊ་ལི་ནས་ལྷ་ལྕམ་སྐུ་ཞབས་ལ་མགྲོན་ཤོག་ཅིག་འབྱོར་ཏེ། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་སྦེལ་ཀོབ་ཏུ་བོད་པའི་རུ་ཁག་དང་པོ་དེ་བདམས་དང་། ༡༩༩༩ ལོའི་ཟླ་བ་དང་པོའི་ནང་ཨི་ཊ་ལིར་ཕྱིན་ཏེ་བདུན་ཕྲག་གཅིག་རིང་རྩེད་བ་དང་ ༢༠༠༡ ལོར་ཌར་མེག་ཏུ་ཕྱིན་ཏེ་རྩེད་པ་རེད། ༢༠༠༢ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་བཙུགས་ཏེ། ལས་འགན་དང་པོ་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་སྐྱེད་སྲིང་བྱས་པ་རེད། གཉིས་པ། ༡༩༨༡ ལོ་ནས་བཙུགས་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་ལས་འགན་དེའང་ཚུར་རྩིས་བླངས་ཏེ་ ༢༠༠༣ ལོ་ནས་བཟུང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་བྱས་ཏེ་ད་བར་འགྲོ་བཞིན་པ་རེད།

༢༠༠༩ ལོས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༠ ནང་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཏེ། ལོ་གཉིས་རེའི་མཚམས་སུ་སློབ་ཕྲུག་རང་ལོ་ ༡༢ མར་འདེབས་འདེམས་སྒྲུག་བྱས་ཏེ་ད་ལྟ་རྩེད་འགྲན་ནང་ཞུགས་བཞིན་ཡོད་པ་རེད། ༢༠༡༢ ལོ་ནས་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཏེ། ད་ལྟ་བོད་པའི་སློབ་གྲྭ་ཁག་ ༡༥ ནང་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཏེ་ད་སྔ་ཐེངས་ ༡༩ ཙམ་འགྲན་བསྡུར་བྱས་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 3

  1. སྒྲོལ་མ་ཚེ་རིང་། says:
    ལོ་ 10 སྔོན།

    དབྱིན་ཇིའི་མགོ་སེར་མ་ཞིག་གིས་བོད་པའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཕྱི་རྒྱལ་ཁག་ཏུ་འཁྲིད་ཀྱི་ཡོད་པའི་གནས་ཚུལ་དེ་གོ་སོང་། ཁོ་རང་ཚོས་ཤོད་སྟངས་བྱས་ན་བོད་མི་ཚོས་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་བདག་པོ་རྒྱག་གི་མེད་པས་ཕོ་མོ་འདྲ་མཉམ་མེད་པའི་དབང་གིས་བོད་པའི་སློབ་གྲྭ་ཁག་གི་བུ་མོ་ཚོར་བདག་པོ་རྒྱབ་སྟེ་རྐང་རྩེད་སྤོ་ལོ་རྩེད་རྒྱུའི་གོ་སྐབས་བསྐྲུན་པ་ཡིན་སྐོར་བཤད་འདུག འདིའི་སྐོར་གྱི་རྙོག་དྲ་དེ་གནས་ཚུལ་ཆེན་པོ་ཆགས་འདུག དབྱིན་ཡིག་གི་གསར་འགྱུར་ནང་དུའང་བསླེབས་འདུག བོད་པའི་རྩེད་རིགས་ཚོགས་པ་ཞབས་འདྲེན་རེད།

    Reply
  2. བློ་བཟང་། says:
    ལོ་ 10 སྔོན།

    སྒང་གི་གསར་འགྱུར་ནང་གི་སྒྲ་དེའི་ཕྱེད་ཀ་མ་གཏོགས་ཉན་ཐུབ་ཀྱི་མི་འདུག ཡང་བསྐྱར་བཏང་ཡང་ཕྱེད་ཀ་ལས་འགྲོ་གི་མི་འདུག ག་རེ་བྱུང་བ་རེད་དམ།

    Reply
  3. ཚེ་རྣམ། says:
    ལོ་ 10 སྔོན།

    དངུལ་ལ་དགའ་དྲག་སྟེ་སྦྱིན་བདག་གི་རྐུབ་ལ་རྒྱུག་རྒྱུ་མང་དྲག་ན་རྙོག་དྲྭ་འདི་ལྷག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese