མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མཇལ་འཕྲད་ཐད་རྒྱ་ནག་གཞུང་གི་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཨ་རིའི་ཕོ་བྲང་དཀར་པོ་རུ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་མིན་ལམ་མ་ལྟོས་པར་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་བཞིན་ཡོད་འདུག

13458757_962948950491011_8977148870666787918_o

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠།༡༥ སྟེང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་བོད་མི་ཡོངས་ཀྱི་སྐྱབས་མགོན་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཞབས་སོར་འཁོད་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་གཏན་འཁེལ་ཡོད་པ་དང་། གནས་ཚུལ་དེས་རྒྱ་ནག་གཞུང་ལ་དོ་ཕོག་བྱུང་སྐོར་བརྗོད་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གིས་ཨ་རིའི་གཞུང་གིས་ཁ་བྲལ་བའི་བྱ་འགུལ་ལ་རྒྱབ་སྐྱོར་མི་བྱེད་པའི་ཁ་དན་སྲུང་དགོས་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་མཇལ་འཕྲད་གནང་རྒྱུ་དང་། ཁོང་རྣམ་གཉིས་སྔོན་ཆད་ཀྱང་གཞུང་འབྲེལ་མིན་པའི་ཐོག་ནས་ཐེངས་འགར་མཇལ་འཕྲད་བྱུང་སྐོར་བརྗོད་ཡོད་པ་རེད།

༧གོང་ས་མཆོག་གིས་རོའུ་ཊར་གསར་འགོད་པར་བརྗོད་དོན། སྲིད་འཛིན་ཨོ་བྷ་ངོས་ཀྱི་དུས་ཡུན་རིང་བོའི་གྲོགས་པོ་ཡིན། ཁོང་ཉེ་ཆར་ཁུ་བྷ་དང་ཨེ་རན། ཝེ་ཋི་ནམ་དང་ཧེ་རོ་ཤཱེ་མ་སོགས་ནང་སྐོར་སྐྱོད་གནང་སྟེ་འབྲེལ་ལམ་སླར་གསོ་གནང་པར་ངོས་ཀྱིས་བསྔགས་བརྗོད་ཡི་རངས་བྱེད་ཀྱིན་ཡོད་ཅེས་གསུངས་འདུག

སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་བར་པེ་ཅིན་གཞུང་གིས་བརྡ་ལན་ག་འདྲ་ཞིག་སྤྲོད་སྲིད་མིན་སྐོར་ལ་ཁོང་གིས། དེ་ངོས་ཀྱིས་མི་ཤེས། དེ་ཁྱེད་རང་ཚོ་སོང་ནས་དྲིས། ངོས་ཀྱིས་བསམ་ན་པེ་ཅེན་ནང་ག་འདྲ་ཤོད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་མེད། པེ་ཅིན་ནང་ལྟ་ཚུལ་གཞན་མང་པོ་ཡོད་པ་རེད། མི་ཁ་ཤས་ལ་དངོས་ཡོད་གནས་ཚུལ་གྱི་ལྟ་ཚུལ་ཡོད་པ་དང་། འགའ་ཤས་ལ་དམ་དྲག་ཆེན་པོ་ཡོད་པ་རེད། དེ་གུ་དོག་པོའི་བསམ་བློ་རེད། ཅེས་གསུང་གནང་འདུག

13428409_1096416783751568_6404964989704802268_n

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་ (Lu Kang) ཟེར་བ་ཞིག་གིས། བོད་དང་ཐའེ་ཝན་གཉིས་ཀྱི་རྩོད་རྙོག་དེ་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་ཐུག་ཡོད་པ་དང་། གཞི་རྩའི་ཕྱི་འབྲེལ་རྩ་འཛིན་ནང་ཕྱིའི་རྒྱལ་ཁབ་ཁག་གིས་ཐའེ་ཝན་དང་བོད་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་དགོས་པར་པེ་ཅིན་གཞུང་གིས་ནན་སྐུལ་ཞུ་བཞིན་ཡོད་ལ། ཨ་རིའི་གཞུང་གིས་ཐའེ་ཝན་རང་བཙན་ལ་ངོས་ལེན་མེད་པ་དང་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད། ང་ཚོས་ཨ་རིའི་གཞུང་གིས་དེ་སྔའི་ཁས་ལེན་ཁག་ཐག་དང་རྒྱ་ནག་རྒྱལ་ཁབ་གཅིག་གི་རྩ་འཛིན་དང་འབྲེལ་བའི་རྩོད་རྙོག་ཐད་དྲང་བདེན་གྱི་ལངས་ཕྱོགས་འཛིན་དགོས་པ་ལས། རྒྱ་ནག་གཅིག་དང་ཐའེ་ཝན་གཅིག་ཅེས་རྒྱ་ནག་རྒྱལ་ཁབ་ཁ་བྲལ་གྱི་རྣམ་འགྱུར་མི་སྟོན་པའི་དགོས་འདུན་ཞུ་ཡི་ཡོད། ཅེས་བཤད་འདུག

གཞན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཨ་རིའི་ན་གཞོན་མགོ་ཁྲིད་ཀྱི་ཞི་བདེ་ཁང་ (United States Institute of Peace) དུ་ཆིབས་སྒྱུར་བསྐྱངས་ཏེ། ཞི་བདེ་ཁང་དེའི་ཚོགས་གཙོ་ལྕམ་ནན་སེ་ལེན་བྷོག་ (Nancy Lindborg) མཆོག་དང་། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སེ་ཕི་ལོ་སེ་ (Nancy Pelosi) མཆོག་སོགས་ཀྱིས་ཕེབས་བསུ་ཞུས་ཏེ་ཞོགས་ཟས་ལྷན་བཞེས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་བཅས་ཡོད་འདུག སྐབས་དེར་ལྕམ་ཕི་ལོ་སེ་མཆོག་གིས་༧གོང་ས་མཆོག་འདི་གར་ཆིབས་སྒྱུར་སྐྱོང་ཐེངས་རེ་ལ་ང་ཚོར་དགའ་མགུ་ཡོང་བཞིན་ཡོད། ལྷག་པར་དུ་ཨོར་ལན་ཌོར་མི་གསོད་དོན་རྐྱེན་བྱུང་བའི་སྐབས་འདིར་ང་ཚོར་སྐུ་ཉིད་མཆོག་གི་དགོས་མཁོ་སྔར་ལས་ལྷག་པ་ཞིག་ཆགས་སོང་། ཞེས་བརྗོད་འདུག

13413505_10154469508354384_2773859802975730173_n༧གོང་ས་མཆོག་གིས་དོན་དམ་གྱི་ཞི་བདེ་སེམས་ནང་ཡོང་དགོས། གལ་ཏེ་ང་ཚོའི་སེམས་ནང་དངངས་སྐྲག་དང་དོགས་པས་ཁེངས་ན། ཞི་བདེ་ཡོང་ཐབས་མེད། དེར་བརྟེན། ཞི་བདེ་ཁང་འདིས་རྒྱུ་མཚན་དང་རིག་པ་གཙོ་བོར་གཞི་བཞག་པའི་ཐོག་ནས་བསམ་བློར་འཕོ་འགྱུར་གཏོང་ཐབས་གནང་དགོས་པ་ལས་བྱིན་རླབས་ལ་བརྟེན་ནས་བསམ་བློ་བསྒྱུར་ཐབས་མེད། བདེ་སྡུག་ཇི་འདྲ་ཡོང་མིན་གཙོ་བོ་རང་གི་ལས་ཇི་འདྲ་བསགས་མིན་ལ་རག་ལུས་ཡོད། ལྷན་ཁང་འདིས་ཞི་བདེ་བསྐྲུན་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་ངོས་ཀྱིས་ཤེས། འོན་ཀྱང་ཞི་བདེ་བསྐྲུན་པར་ཤེས་ཡོན་ངེས་པར་དུ་དགོས། དེང་དུས་ཀྱི་ཤེས་ཡོན་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཞི་བཅོལ་ནས་ཡོད་སྟབས། ད་ཆར་ང་ཚོས་ནང་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་ཐོག་དོན་གཉེར་མང་ཙམ་བྱེད་དགོས། དེ་འདྲ་བྱུང་བ་ཡིན་ན་མི་ལོ་བརྒྱ་ཕྲག་གི་བར་མཚམས་སུ་ང་ཚོས་འཛམ་གླིང་ནང་སྔར་བས་ཞི་བདེ་བསྐྲུན་ཐུབ། ཅེས་བཀའ་སློབ་བསྩལ་འདུག

ཨ་རིའི་ན་གཞོན་མགོ་ཁྲོད་ཀྱི་ཞི་བདེ་ཁང་གི་ཚོགས་གཙོ་ལྕམ་ནན་སེ་ལེན་བྷོག་ལགས་ནས། དེང་སྐབས་དཀྱིལ་ཤར་ཡུལ་གྲུ་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་བཙན་བྱོལ་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐད་གཟིགས་ཚུལ་ཅི་འདྲ་ཡོད་མེད་དྲིས།་པར། ༧གོང་ས་མཆོག་གིས་བཙན་བྱོལ་བ་དེ་དག་ལ་རོགས་རམ་གནང་མཁན་ཚོར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་སྡོད་ཁང་ཙམ་སྤྲད་པས་མི་ཕན། ཕུགས་ལ་རྙོག་དྲ་ཡོད་སའི་ས་ཁུལ་དེ་དག་ནང་ཞི་བདེ་སླར་གསོ་ཡོང་ཐབས་བྱེད་དགོས། དུས་སྐབས་དེའི་རིང་གཞོན་སྐྱེས་ཚོར་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་སྤྲད་ནས་རང་གི་རྒྱལ་ཁབ་ཉམས་པ་སླར་གསོའི་བྱ་འགུལ་སྤེལ་ཐུབ་པ་ཞིག་བཟོ་དགོས། སྤྱིར་མི་ཚེའི་ནང་དཀའ་ངལ་འཕྲད་རྒྱུ་ཡིན། འོན་ཀྱང་སེམས་ནང་ཞི་བདེ་ཡོད་ན་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱ་རྒྱུ་ལས་སླ་བ་ཡོད། དེ་འདྲ་ཡོང་བར་ཤེས་ཡོན་གྱི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ལྟ་ཐུབ་པ་བྱ་རྒྱུ་འདི་རེད། དེ་འབྲེལ་ཚན་རིག་ཐོག་ནས་གཏན་ལ་ཕབ་པའི་རིག་པ་དང་ང་ཚོ་ཚང་མས་ཐུན་མོང་གི་ཉམས་མྱོང་དང་ཚོར་སྣང་ལ་གཞི་བཅོལ་ནས་བསམ་བློ་ཇེ་བཟང་དུ་གཏོང་རྒྱུ་འདི་རེད། ཅེས་གསུང་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནན་སེ་ཕི་ལོ་སེ་ (Nancy Pelosi) མཆོག་དང་། སྤྱི་མཐུན་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཕུལ་ར་ཡན་ (Paul Ryan) རྣམ་གཉས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་དུ་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. གཉེར་དྲུང། says:
    ལོ་ 10 སྔོན།

    སྐུ་ཡི་བཀོད་པས་གངས་ཅན་ཡོངས་སུ་བལྟམས། གསུང་གི་འཕྲིས་ལས་འཛམ་གླིང་ཡོང་ལ་ཁྱབ། ཐུགས་བརྒྱུད་ཀུན་ལ་བྱམས་དང་བརྩེ་བའི་སྐྱོང། རྒྱལ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།

    Reply
  2. ཐོས་པ་དགའ། says:
    ལོ་ 10 སྔོན།

    རྒྱལ་བའི་མཛད་ཆེན་གོ་ལའི་ཁྱོན་ལ་ཁྱབ།།
    བོད་མིའི་དབུ་འཕང་འཛམ་གླིང་དགོང་ལ་བཏེགས།།
    རྒྱ་ནག་དམར་པོའི་སྙིང་རླུང་སྟོད་ལ་འཚང་།།
    རྟ་ལམ་བུང་བུས་འགོག་པའི་ཐབས་ལ་འབད།།

    འཛམ་གླིང་ཉི་མའི་ཚ་དྲོད་རྒྱས་པ་ན།།
    ཡུལ་གྲུ་འགའ་ཞིག་ཚ་བས་གདུང་ན་ཡང་།།
    ཉི་མ་མེད་པར་བཟོ་བའི་ཐབས་མེད་བཞིན།།
    རྒྱལ་བའི་མཛད་ཆེན་སུས་ཀྱང་འགོག་མི་ནུས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese