མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་པར་ཐོག་མ་དྲ་ཐོག་ནས་འགེངས་ཤོག་བསྐང་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་རྒྱལ་མཚོ་ལགས་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཀྱི་དཀའ་རྙོག་སེལ་ཐབས་ཡག་ཤོས་དེ་ང་ཚོ་བོད་པ་ཚང་མས་གང་ཐུབ་ཐུབ་ཀྱིས་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཐོ་འགོད་བྱེད་པར་ཟླ་གཅིག་གི་སྔོན་ལ་ཡོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

tibettimes-2ཟླ་འགའི་གོང་ནས་བཟུང་རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་ཚོའི་སྐྱབས་བཅོལ་ལག་དེབ་(R.C)དུས་འགྱངས་བྱེད་པར་ཐོག་མར་དྲ་ཐོག་ནས་འགེངས་ཤོག་བསྐང་དགོས་པའི་འགྲོ་སྟངས་ཤིག་བཟོས་ཡོད་པ་དང་། བཞུགས་སྒར་དྷ་རམ་ས་ལ་ཁུལ་ལ་མཚོན་ན། སྐྱབས་བཅོལ་ལག་དེབ་ཀྱི་དུས་ཚོད་རྫོགས་པར་ཟླ་གཅིག་ལས་མེད་པའི་མཚམས་སུ་དྲ་ཐོག་ནས་འགེངས་ཤོག་བསྐོངས་ཏེ། དྷ་རམ་ས་ལའི་བདེ་སྲུང་ཡན་ལག་ལས་ཁུངས་བརྒྱུད་ཀང་ར་རྫོང་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་ལ་འགྲོ་དགོས་ཀྱི་ཡོད་འདུག

མི་མང་གིས་སྐྱབས་བཅོལ་ལག་དེབ་དྲ་ཐོག་ནས་དུས་འགྱངས་བྱེད་པའི་འགྱུར་བ་དེ་སྔོན་ཆད་དང་བསྡུར་ན་དཀའ་ཁག་ཆེ་སྐོར་རྗོད་ཀྱི་ཡོད་པ་དང་། ལྷག་པར་དུ་ས་གནས་གཞན་ནང་སྡོད་པའི་བོད་མི་ཚོ་དྷ་རམ་ས་ལར་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་པར་ཡོང་དུས། ཐོག་མར་བདེ་སྲུང་ཡན་ལག་ལས་ཁུངས་བརྒྱུད་དྲ་ཐོག་ནས་འགེངས་ཤོག་བསྐངས་དགོས་པ་དང་། དེ་ནས་ཀང་ར་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་ལ་ག་དུས་བཅར་དགོས་མིན་གྱི་བརྡ་ལན་ལ་སྒུག་དགོས་ཀྱི་ཡོད་སྟབས། འགྲོ་གྲོན་སྡོད་གནས་སོགས་ཀྱི་དཀའ་ཁག་འཕྲད་ཀྱིན་ཡོད་འདུག

འདི་ག་གསར་འགོད་པས་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་རྒྱལ་མཚོ་ལགས་སུ་བོད་མིའི་སྐྱབས་བཅོལ་ལག་དེབ་དྲ་ཐོག་ནས་དུས་འགྱངས་ཞུ་སྟངས་སྐོར་དྲིས་པར་ཁོང་གིས། སྐྱབས་བཅོལ་ལག་དེབ་དྲ་ཐོག་ནས་དུས་འགྱངས་ཞུ་བའི་ལས་རིམ་དེ་ཧ་ལམ་ལོ་གཅིག་འགོར་གྲབས་ཡོད་པ་རེད། འདས་པའི་ལོ་གཅིག་ནང་ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་དང་། དགོན་སྡེ་ཁག སློབ་གྲྭ་ཁག་ཚང་མར་དྲ་ཐོག་ནས་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཐོ་འགོད་ཞུ་ཕྱོགས་སྐོར་ལབ་ཚར་ཡིན། འོན་ཀྱང་བོད་མིའི་སྒྲིག་འཛུགས་ས་གནས་ཁག་ཅིག་ཏུ་གློག་ཀླད་དང་དྲ་ལམ། པར་བཤུས་སོགས་ཀྱི་ཆ་རྐྱེན་མེད་སྟབས། འདི་ག་བདེ་སྲུང་ཡན་ལག་ལས་ཁུངས་སུ་བཅར་ནས་དུས་འགྱངས་ཐོ་འགོད་ཞུ་བཞིན་ཡོད་པ་རེད།

ད་ལན་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་ཀྱི་བོད་མིའི་གཞིས་གྲོང་ཁག་དང་། བོད་སློབ་ཁག་ཡོངས་ནས་ཉིན་གཅིག་ལ་མི་ ༢༠ དུས་འགྱངས་ཐོ་འགོད་ཀྱི་ས་མིག་མ་གཏོགས་སྤྲད་ཡོད་པ་མ་རེད། ང་ཚོའི་སྡོམ་རྩིས་ལྟར་ན་ཀང་ར་རྫོང་ཁོངས་སུ་སྐྱབས་བཅོལ་བོད་མི་སྟོང་ཕྲག་ ༡༥ ལྷག་ཡོད་པ་རེད། ཉིན་གཅིག་ལ་མི་ ༢༠ ས་མིག་དེ་ཁེངས་འགྲོ་གི་ཡོད་པ་དང་། དྲ་ཐོག་ནས་དུས་འགྱངས་ཐོ་འགོད་ཀྱི་དུས་ཚོད་དེ་ཡང་ཕྱི་ཟླ་ ༨ ནང་མ་གཏོགས་རག་གི་ཡོད་པ་མ་རེད། རྒྱ་གར་དཔོན་པོ་ཚོས་ཛ་དྲག་ཡོད་རིགས་ཚོར་དམིགས་བསལ་དུས་འགྱངས་བྱེད་ཀྱི་ཡིན། ཛ་དྲག་མེད་མཁན་ཚོ་དུས་ཚེས་ཏག་ཏག་ལ་ཤོག་ཅེས་ལབ་ཀྱི་ཡོད་པ་རེད། སྔོན་མ་ཡིན་ན་ཉིན་ ༡༥ ནང་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་དགོས་ཀྱི་ཡོད་པ་དང་། དེང་སྐབས་ཟླ་གཅིག་ནང་དུས་འགྱངས་ཞུ་རུ་ཤོག་ཅེས་ཤོག་བུ་དཀར་པོ་དེའི་གཤམ་དུ་གསལ་བཤད་གནང་ཡོད་པ་རེད། དེ་ལ་ཡིན་གཅིག་མིན་གཉིས་དོ་སྣང་ཡོང་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། དེང་སྐབས་དྲ་ཐོག་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་གཅིག་པུ་ཙམ་མིན་པར།  ཕྱིར་སྐྱོད་ཆོག་མཆན་ (Exit Permit) དང་། ཕྱིར་ལོག་ཆོག་མཆན་ (Return Visa) སོགས་ཚང་མ་དྲ་ཐོག་ནས་ཞུ་དགོས་ཀྱི་ཡོད་པ་དང་། ང་ཚོར་ཉིན་གཅིག་ལ་དུས་འགྱངས་ས་མིག་ ༢༠ མ་གཏོགས་མེད་སྟབས། དེ་ཚང་མ་ཁེངས་འགྲོ་བཞིན་ཡོད་སྟབས། དེ་དཀའ་ངལ་གཅིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་ས་གནས་སོ་སོ་ནས་དྲ་ཐོག་དུས་འགྱངས་ཐོ་འགོད་ལས་བྱེད་དང་དུས་འགྱངས་ས་མིག་མང་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། འབོད་སྐུལ་ཞུས་པ་གཞིར་བཟུང་གིས་ཁོང་ཚོས་དགོངས་པ་བཞེས་ཀྱི་ཡོད་ནའང་། ག་དུས་འཕོ་འགྱུར་གཏོང་མིན་ཤེས་ཀྱི་མི་འདུག ཅེས་བརྗོད་སོང་།

བོད་མིའི་སྐྱབས་བཅོལ་ལག་དེབ་དྲ་ཐོག་ནས་དུས་འགྱངས་ཐོ་འགོད་ཞུ་བའི་དགོས་དམིགས་ག་རེ་ཡིན་མིན་སྐོར་ལ་ཁོང་གིས། དེ་རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་གཏན་འབེབ་བྱས་པ་གཞིར་བཟུང་གིས་གཅིག་ནས་ང་ཚོ་སྐྱབས་བཅོལ་བོད་མིའི་ཡིག་ཆ་བོར་བརླག་མི་འགྲོ་བ་དང་། གཉིས་ནས་ཡིག་ཆ་ཁག་འཚོལ་ཞིབ་བདེ་བའི་ཆེད་དུ་ཡིན་ས་རེད། ཅེས་བརྗོད་སོང་།

གསར་འགོད་པས་སྔོན་མ་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་སྐབས་སུ། ཉིན་འགའ་རྗེས་ལུས་ཐེབས་པ་ཡིན་ན། དུས་འགྱངས་ཞུ་མི་ཐུབ་པར་བརྟེན་ནས་རེ་ཟུང་གིས་དངུལ་ཕྲན་བུ་སྤྲོད་ཀྱི་ཡོད་པའི་དཀའ་རྙོག་བྱུང་བ་རེད། མ་འོངས་པར་དཀའ་རྙོག་དེ་རིགས་མི་ཡོང་བའི་ཐབས་ཤེས་གཙོ་བོ་ག་རེ་ཡོད་མེད་དྲིས་པར་ཁོང་གིས། དཀའ་རྙོག་དེ་སེལ་ཐབས་ཡག་ཤོས་ང་ཚོ་བོད་པ་ཚང་མས་གང་ཐུབ་ཐུབ་ཀྱིས་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཐོ་འགོད་བྱེད་པར་ཟླ་གཅིག་གི་སྔོན་ལ་ཡོང་རྒྱུ་གལ་ཆེན་པ་རེད། དེ་མིན་དྲ་ཐོག་ནས་དུས་འགྱངས་བྱེད་སྐབས་ཚེ་གྲངས་ཡོད་པ་རེད། ཚེ་གྲངས་བླངས་པ་ཡིན་ན། རྗེས་མ་ཀང་ར་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་སུ་བཅར་དུས། ངས་དྲ་ཐོག་ནས་དུས་འགྱངས་ཞུས་པའི་ཚེ་གྲངས་འདི་ཡིན་ཞེས་བདེན་དཔང་བྱས་ཆོག་གི་ཡོད་སྟབས། ཁོང་ཚོས་རྙོག་དྲ་བཤད་ཀི་མ་རེད། ཡིན་ཡང་སྐབས་རེར་སྐོར་སྲུང་སྤྱི་ཁྱབ་དཔོན་པོ་མེད་པའམ་ཕར་ཕྱོགས་ནས་ལས་བྱེད་ཉུང་བའི་སྐབས་སུ་འཁེལ་བའི་དཀའ་ངལ་དེ་འདྲ་ཕྲན་བུ་ཡོང་གི་རེད་དེ། དུས་རྒྱུན་ཡོང་གི་མ་རེད་བསམ་གྱི་འདུག ང་ཚོས་ནམ་རྒྱུན་ལྟ་རྟོག་བྱེད་ཀྱིན་ཡོད་པ་རེད། སྔོན་མ་ཡིན་ན་བདུན་ཕྲག་གཅིག་ནང་དུས་འགྱངས་ཉིན་གསུམ་རིང་རེད། དེང་སྐབས་ཧིན་བོད་དུས་ཆེན་གུང་སེང་ཕུད་བདུན་ཕྲག་གཅིག་གི་གཟའ་ཟླ་བ་ནས་སྤེན་པའི་བར་ཉིན་དྲུག་རིང་ག་དུས་འགྲོ་འགྲོ་རེད། ཅེས་བརྗོད་སོང་།

བདེ་སྲུང་ཡན་ལག་ལས་ཁུངས་ནས་དྲ་ཐོག་དུས་འགྱངས་ཐོ་འགོད་ཞུས་ཏེ་ཉིན་གཉིས་རིང་སྒུག་དགོས་པའི་སྐོར་ལ་ཁོང་གིས། དེ་དཔེར་ན་ཁྱེད་རང་གི་སྐྱབས་བཅོལ་ལག་དེབ་ཉིན་ ༢༠ རྗེས་སུ་དུས་འགྱངས་ཞུ་གི་ཡོད་པ་དང་། དེ་རིང་འདིར་དྲ་ཐོག་དུས་འགྱངས་ཐོ་འགོད་ཞུ་བར་སླེབས་པ་ཡིན་ན། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོ་འགོད་ལས་ཁུངས་སུ་བཅར་བའི་དུས་ཡུན་ཟླ་བ་ཆགས་ཀྱི་ཡོད་པ་རེད། དེ་གང་ཡིན་ཟེར་ན་ང་ཚོར་ཉིན་གཅིག་ལ་ཐོ་འགོད་ས་མིག་ ༢༠ མ་གཏོགས་མེད་པའི་རྐྱེན་གྱིས་རེད། ཉིན་གཅིག་ལ་དུས་འགྱངས་ཐོ་འགོད་ཞུ་མཁན་ཉུང་ཉུང་ཡིན་ན། དུས་འགྱངས་ཐོ་ཤོག་ཉིན་དེར་རག་གི་རེད། སྐབས་རེར་ཕྱི་སྐྱོད་ཆོག་མཆན་མ་ཡིན་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་གཅིག་པུ་ཞུ་མཁན་མི་བཞི་བཅུ་ལྔ་བཅུ་སླེབས་ཀྱི་འདུག དེ་འདྲའི་སྐབས་སུ་ཉིན་གཅིག་གཉིས་ཀྱི་དུས་ཚོད་འགོར་གྱི་ཡོད་པ་རེད། རྒྱུ་མཚན་དྲ་ཐོག་ནས་དུས་འགྱངས་ཐོ་འགོད་ཞུ་སྐབས། དྲ་ལམ་མགྱོགས་ན་དུས་འགྱངས་ཐོ་འགོད་དང་པར་བཤུས་སྐར་མ་བཅུའི་ནང་ཚར་གྱི་འདུག དྲ་ལམ་དལ་སྐབས་ཆུ་ཚོད་ཕྱེད་ཀ་འགོར་གྱི་འདུག དེར་མ་ཟད་སྐུ་མདུན་ཆིབས་བསྒྱུར་སྐབས་དང་གསུང་ཆོས་དེ་འདྲ་སྐབས་སུ། ང་ཚོར་ལས་བྱེད་ཉུང་དྲགས་ཏེ་འགོར་འགྱངས་ཐེབས་ཀྱི་ཡོད་པ་རེད་མ་གཏོགས། གཞན་སྤྱི་ཡོངས་ནས་ང་ཚོས་ཉིན་རེ་ཉིན་རེར་དུས་འགྱངས་ཐོ་འགོད་ཚར་བའི་ཐེབས་ཤེས་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་བོད་མི་ཚོས་རྒྱ་གར་གཞུང་གི་སྙན་ཞུའི་འགེང་ཤོག་དྲ་རྒྱ་ (indianfrro.gov.in) འདིའི་ནང་གི་འགེང་ཤོག་བསྐངས་ཏེ་དུས་འགྱངས་ཞུ་དགོས་པ་དང་། དེ་ཡང་དྲ་ཚིགས་བེད་སྤྱོད་ཤེས་ཀྱི་ཡོད་ན། དོ་བདག་སོ་སོས་དྲ་ཐོག་ནས་དུས་འགྱངས་ཞུ་ཆོག་གི་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. རྒྱ་མཚོ says:
    ལོ་ 10 སྔོན།

    དྲྭ་ཐོག་ནས་དུས་འགྱངས་བྱེད་པ་མི་རང་ཉིད་དངོས་སུ་རྡ་སར་ཡོང་དགོས་སམ་ཡང་ན་ལག་དེབ་དང་པོ་བཟོ་སར་འགྲོ་དགོས་རེད་། ངས་ཧ་གི་ཡིས་མིན་འདུགད་ལྟ་ངའི་ས་གནས་ལ་དུས་གྱངས་བྱ་བ་མིན་འདུག

    Reply
  2. sodu says:
    ལོ་ 10 སྔོན།

    དྲ་ཐོག་ནས་དུས་འགྱངས་ཞུ་རྒྱུ་ལས་གཞི་འདི་སྔོན་མ་ལས་ཞེ་དྲག་གི་དཀའ་ལས་ཁག་བ་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་རྩ་བའི་ཤེས་ཡོན་ཅན་མང་ན་ཡང་དྲ་ཐོག་ནས་དུས་འགྱངས་ཞུ་རྒྱུ་མཏུན་རྐྱེན་མེད་པ་མ་ཚད། ཡོད་ན་ཡང་ག་ཚོད་ཀྱིས་ཐུབ་མིན་ཕལ་ཆེར་མཁྱེན་གསལ་རེད། དེ་འདྲ་སོང་སྔོན་མ་ནང་བཞིན་དེབ་ཆུང་བརྒྱུད་དེ་རང་སོར་བཞག་ན་ཉར་ཚགས་དང་མ་བརླག་པར་ཕྱོགས་གང་ནས་བདེ་བར་མངོན། ཤོག་བུ་རྐང་ཞིག་ཐོག་ཞིབ་བཀང་དུས་འགྱངས་ནི་དང་པོའི་ཉར་ཚགས་དཀའ་བ་ཅི་ལ་ཞེས་ན། ལྟེབ་རྩེག་རྒྱབ་རྒྱུ་མེད་པ་དཔེ་ཉར་ཁག་པོ་བརྟེན་རང་སོར་དེབ་གཟུགས་ཐོག་ཡོང་རྒྱུ་འབོད་བསྐུལ་ཟུ་རྒྱུ་མེད་དམ། གཉིས་ནས་རྒྱ་གར་ལྷོ་ཕྱོགས་མཐོ་སློབ་ཁང་དུ་ཡོད་མཁན་བུ་ཕྲུག་ཚོའི་ལག་དེབ་ཕར་འགྱངས་ཞུ་རྒྱུ་ཐོག་ཕྲན་བུ་དམིགས་བསལ་ཡང་ན་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་རྒྱབ་གཉེར་སོགས་ཀྱི་ཐོག་ནས་དུས་འགྱངས་རག་ཐབས་དེ་ནས་འབོད་བསྐུལ་ཞུ་ཕྱོགས་བྱུང་ཚེ་དཔེ་ཕན་ཐོག་ཆེན་པོ་ཡོང་རྒྱུ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese