མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འགྲིག་བསྡད་ཡོད་བསམ་སྟེ་ཆོག་ཤེས་དང་སྣང་བ་དག་ནས་མ་སྡོད་ཨཱ།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ། ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། ཕྱི་ལོ་ ༡༩༦༦ ལོར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་བཙུགས་ཏེ་ལོ་ངོ་ཧྲིན་པོ་ ༥༠ འཁོར་བའི་དུས་དྲན་གཉིས་མཉམ་དུ་སྲུང་གཙི་ཞུས་ཡོད་པ་དང་། ༧སྐུའི་འཁྲུངས་སྐར་དང་སྟབས་བསྟུན་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས། ལོ་ཧྲིལ་པོ་གཅིག་རིང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་བའི་མཇུག་བསྡོམས་བརྟན་བཞུགས་འདེགས་འབུལ་ཞུས་འདུག

༡༢༣༤༥༦

འཁྲུངས་སྐར་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བཀའ་སློབ་གསུང་བཤད་གནང་སྐབས། གོང་དུ་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་ཞེ་དྲགས་ཡག་པོ་གནང་སོང་། དངོས་ཡོད་གནས་ཚུལ་ཁ་ཡོད་ལག་ཡོད་འདྲ་ཆག་ཆག་དང་ཡག་ཡག་ཞེ་དྲགས་བཤད་པ་མིན་པར་དངོས་ཡོད་གནས་ཚུལ་འགྲེལ་བཤད་བརྒྱབ་སྟེ་ཞེ་དྲགས་ཡག་པོ་བྱུང་སོང་། དེ་ཚང་མས་བློ་ལ་བཞག་སྟེ་གཟབ་གཟབ་བྱོས། སྐབས་རེར་ང་ཚོ་ཡར་རྒྱས་འདྲ་པོ་དགའ་རབ་ཕྱིན་པའི་སྐབས་སུ་ལྷོད་གཡང་དུ་སོང་སྟེ་འཐུས་ཤོར་འགྲོ་བ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེར་བརྟེན་ང་ཚོས་ག་དུས་ཡིན་ནའང་གང་ནས་འཐུས་ཤོར་གྱི་འདུག གྲྭ་ས་གྲྭ་ཚང་ཡིན་ནའང་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་སོགས་གང་ཅིའི་ཐོག་ལ་འཐུས་ཤོར་ག་འདྲ་འགྲོ་ཡི་འདུག་དེར་གཟབ་གཟབ་བྱོས། མི་མང་དཀྱུས་མ་ཡིན་ནའང་དེ་དེ་བཞིན་གྱིས་དོ་སྣང་ཡག་པོ་བྱེད་དགོས་པ་རེད། སློབ་གྲྭའི་སློབ་སྦྱོང་དང་འཕྲོད་བསྟེན་ཐོག་ལས་ཀ་བྱེད་མཁན་ཚོས་ང་ཚོ་འགྲིག་བསྡད་ཡོད་བསམ་སྟེ། ཆོག་ཤེས་འདྲ་པོ་དང་སྣང་བ་དག་ནས་མ་བསྡད་པར་སྐྱོན་ཆ་ག་རེ་འདུག་དང་མི་འདུག་ཡིད་གཟབ་བྱེད་དགོས་པ་རེད། ཅེས་གསུངས་འདུག

༡༢༣༤༥༦༧༧ཡང་ཁོང་གིས་གཞོན་སྐྱེས་ཚོར་བཀའ་སློབ་གནང་དོན། སློབ་ཕྲུག་ཚོ་ང་ཚོའི་མ་འོངས་པའི་སོན་རྩ་འདྲ་པོ་རེད། མི་རབས་རྒན་པ་རྣམས་ག་ལེར་ག་ལེར་རྫོགས་འགྲོ་ཡི་རེད། ཁོང་ཚོའི་རྗེས་ཡར་མཐུད་ཡོང་མཁན་དེ་དགེ་འདུན་པ་གཞོན་པ་དང་སློབ་གྲྭའི་སློབ་ཕྲུག་ཁྱེད་རང་ཚོ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་མི་རབས་ནས་མི་རབས་སུ་འཛིན་དགོས་པའི་སྐད་ཆ་ཞིག་རེད་མ་གཏོགས་མི་རབས་གཅིག་གི་སྐད་ཆ་མ་རེད། དེ་མི་རབས་ནས་མི་རབས་སུ་འཛིན་མཁན་དེ་ཁྱེད་རང་ཚོ་གཞོན་སྐྱེས་ཚོ་རེད། གང་ལྟར་བོད་ཀྱི་སངས་རྒྱས་པའི་ཆོས་ཟེར་དུས་ཚིག་དེའི་གོ་བ་ཆ་ཚང་བསླེབས་ཐུབ་མེད་པ་འདྲ་པོ་འདུག་པས། ངས་སངས་རྒྱས་པའི་ལྟ་གྲུབ་ཅེས་བཤད་ཀྱི་ཡོད། དེ་བཞིན་ང་ཚོའི་སློབ་གྲྭ་ཁག་གི་དགེ་རྒན་ལ་ང་ཚོས་སྔོན་མ་ནས་ཆོས་དགེ་ཆོས་དགེ་ཟེར་གྱི་ཡོད་པ་རེད། ཁ་སང་ང་ཚོར་ལྟ་གྲུབ་སློབ་དཔོན་ཞེས་མིང་བཏགས་ན་ཡག་པོ་ཡོད་པའི་སྐད་ཆ་བྱུང་། གང་ལྟར་སློབ་གྲྭའི་ནང་གི་ཆོས་དགེ་ཟེར་ན་མིན་འདུག་འགྲེལ་བཤད་རྒྱག་མཁན་ཚོས་སངས་རྒྱས་ཆོས་ཚོགས་མ་འགྲེལ་བཤད་འདྲ་བརྒྱབ། གཞན་དོན་གྱི་འགྲེལ་བཤད་འདྲ་བརྒྱབ་པ་དེ་མིན་པར་སངས་རྒྱས་པའི་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་ག་འདྲ་ཡིན་པ་དེ་ཚོ་འགྲེལ་བཤད་རྒྱག་དགོས་པ་རེད། ངས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བྲིས་པ་དེའི་ནང་གཞི་བདེན་གཉིས་ཀྱི་རྣམ་བཞག་ཤེས་པའི་སྒང་ནས་བདེན་བཞིའི་རྣམ་བཞག་དེ་ཤེས་པ་བྱས། དེ་ལ་བརྟེན་ནས་ཆོས་དཀོན་མཆོག་ངོ་འཕྲོད། དེ་ལ་བརྟེན་ནས་སྟོན་པ་སངས་རྒྱས་ངོ་འཕྲོད། སྐྱོབ་པ་དགེ་འདུན་ངོ་འཕྲོད། དེ་འདྲ་བྱས་ནས་སྐྱབས་འགྲོ་ངོ་སྤྲོད་བྱེད་དགོས་པ་རེད་མ་གཏོགས་ལོ་ཉིས་སྟོང་དྲུག་བརྒྱའི་གོང་དུ་སངས་རྒྱས་མི་འདྲ་བ་ཞེ་དྲགས་ཤིག་བྱོན་པ་རེད་ཟེར་བ་འདྲ་པོ་དང་། དེས་གསུངས་པའི་སངས་རྒྱས། དེས་གསུངས་པའི་ཆོས་ཞེས་ཡག་པོ་བྱས་ཏེ་འགོག་ལམ་དང་བཅས་པའི་ཆོས་དཀོན་མཆོག་ག་རེ་ག་རེ་ཡིན་པ་དེ་མ་ཤེས་པར་ཆོས་ཞེས་ལབ་དུས། ཧ་ལམ་པོ་ཏི་ལ་འཛུམ་མོ་བཙུགས་པ་འདྲ་པོ་བྱས་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། ཅེས་སོགས་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ཐུགས་རྗེ་གཟིགས་བ་ཡུལ་ནང་དེ་སྔ་བལ་དོན་འབྲེལ་འཐུས་པ་ཐེང་གཉིས་གཏང་གནང་འདུག།
    ད་ལོ་བ་ཡུལ་འབྲེལ་འཐུས་པ་དེ་འཕགས་ཤིང་ཚོགས་གཙོ་ནང་བཞིན་མི་ལྗོན་ཐང་ཡོད་པ་གཅིག་གཏང་རོག་གནང་།
    བ་ཡུལ་ནང་བོད་མི་ཁ་མཐོར་འགྲོ་ཉན་འདུག།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    སློབ་གྲྭའི་ནང་གི་ཆོས་དགེ་ཚོས་རི་བོ་དགེ་ལྡན་པའི་ཐ་སྙད་ཚད་གྲུབ་དང་། ཀ་བ་བུམ་པ་སོགས་ཞེ་ཅིག་བཤད་ནས་བསྡད་པ་ལས་རིས་མེད་ཟེར་བའི་མིང་ཙམ་ཡང་ད་བར་མེད། རིས་མེད་ཅེས་པ་ཁ་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese