མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་འགན་འཛིན་ཚོགས་འདུ་བསྡུས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

སཾ་བྷ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་ང་ཚོས་སེམས་ཅན་ཐམས་ཅད་བསམ་མ་ཐུབ་ནའང་སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས། སོ་སོའི་འཐབ་རྩོད་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

IMG_4084དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་དྷ་སའི་ཉེ་འདབས་ཀྱི་ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༢༩ བར་འཚོགས་འཆར་ཡོད་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་དམིགས་བསལ་འགན་འཛིན་ཚོགས་འདུ་དབུ་འཛུགས་གནང་སོང་ལ། སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་བཅས་ཀྱི་གཙོས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ ༨ གྱི་སློབ་སྤྱི་རྣམས་པ་དང་གསར་དུ་འཛུལ་ཞུགས་གནང་འཆར་ཡོད་པའི་སློབ་གྲྭ་ཁག་ ༡༣ གྱི་སློབ་སྤྱི་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་བཅས་འཛོམས་འདུག

ཚོགས་འདུའི་ཐོག་མར་སཾམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་དམིགས་བསལ་འགན་འཛིན་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་དང་འབྲེལ་ཏེ། དེ་རིང་ང་ཚོས་དམིགས་བསལ་འགན་འཛིན་ཚོགས་འདུ་ཚོགས་འཚོགས་དགོས་པའི་དམིགས་བསལ་དགོངས་དོན་གཙོ་བོ་ཉེ་ཆར་ང་ཚོས་བོད་སློབ་ཁག་ ༡༠ རྩིས་བླངས་པ་རེད། དེའི་སྔོན་ལ་ང་ཚོས་གཞི་རིམ་འོག་མ་ནས་སློབ་གྲྭ་ཁག་ ༤ དང་། དེའི་སྒང་ལ་སྔོན་འགྲོའི་སློབ་གྲྭ་ ༣༣ རྩིས་བླངས་ཡོད་པ་རེད། ཉེ་ཆར་རིང་ལ་ང་ཚོས་གཞི་རིམ་འོག་མ་ ༥ དང་གཞི་རིམ་བར་མ་ ༥ རྩིས་ལེན་དུས། སློབ་གྲྭ་མང་པོའི་ནང་འགན་འཛིན་གསར་བ་བསྐོ་བཞག་དང་། སློབ་གྲྭ་ཁ་ཤས་ནང་གི་འགན་འཛིན་ས་གནས་གསར་བར་འཁེལ་ཡོད་སྟབས། ང་ཚོས་སློབ་གྲྭ་ཁག་འཛིན་སྐྱོང་གནང་སྟངས་ཐད་ལམ་སྟོན་དང་འགྲོ་ལུགས་འགྲོ་སྟངས་ཐོག་གྲོས་བསྡུར་བྱ་རྒྱུ་དེ་ཡིན། ཞེས་བརྗོད་བྱུང་།

ཁོང་གིས་ད་ཆར་སཾ་བྷ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སུ་འཛིན་རིམ་བཅུ་བ་དང་བཅུ་གཉིས་ཡོད་མཁན་རྣམས་ཕུད་གཞན་ཚང་མ་རྩིས་ལེན་ཚར་རེད། འཛིན་རིམ་བཅུ་བ་དང་བཅུ་གཉིས་ཡོད་མཁན་སློབ་གྲྭ་ ༡༤ ཆགས་ཀྱི་འདུག དེའི་ནང་ནས་འཛིན་རིམ་བཅུ་པ་ཡོད་མཁན་ ༥ དང་། དེའི་འཕྲོས་རྣམས་འཛིན་རིམ་བཅུ་གཉིས་པའི་སློབ་གྲྭ་ཁག་རེད། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་པའི་སློབ་གྲྭ་ཁག་གིས་གདོང་ལེན་བྱ་རྒྱུ་གལ་ཆེས་ཤོས་དེ། སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད། དེ་བཞིན་འཛིན་སྐྱོང་གནང་མཁན་ཚོའི་ངོས་ནས་སེམས་ཐག་ཆོད་པོ་ཞིག་དགོས་ཀྱི་འདུག ནམ་རྒྱུན་ང་ཚོས་གཞན་ཕན་གཞན་ཕན་ཞེས་བཤད་བསྡད་པ་དང་། རང་ལས་གཞན་གཅེས་སུ་འཛིན་རྒྱུ་ཞེས་པ་དེ་ད་ཆར་ང་ཚོས་དངོས་སུ་ལག་ལེན་བསྟར་བའི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་པ་རེད་བསམ་གྱི་འདུག དེ་བཞིན་ང་ཚོ་ཚང་མ་ནང་པ་ཆགས་བསྡད་ཡོད་སྟབས། སེམས་ཅན་ཐམས་ཅད་བསམ་མ་ཐུབ་ནའང་། སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས། སོ་སོའི་འཐབ་རྩོད་ལ་བསམ་བློ་གཏོང་དགོས་པ་དེ་དཔེ་གལ་ཆེན་པོ་རེད། དེར་བརྟེན་གལ་ཆེས་ཤོས་སེམས་ཀྱི་ཐག་གཅོད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག སེམས་ཀྱི་ཐག་ཆོད་ཡོད་ཚར་བའི་རྗེས་ལ། ཕྱིའི་མཐུན་རྐྱེན་དེ་ཚོ་བསྒྲུབ་རྒྱུ་དཔེ་མི་སྲིད་པའི་ལས་སླ་པོ་རེད། ཅེས་བརྗོད་བྱུང་།

ད་ལྟའི་བོད་སློབ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་གསོ་འཐུས་ཤོར་ཕྱིན་པ་དེ་ཁ་གསབ་གནང་ཕྱོགས་སྐོར་ལ་ཁོང་གིས། ཏན་ཏན་བོད་སློབ་ཁག་རྩིས་ལེན་དང་གསར་དུ་འཛིན་སྐྱོང་བྱེད་པར་དུས་འགྱངས་ཕྱིན་ཡོད་པ་རེད་དེ། དུས་འགྱངས་ཕྱིན་པ་དེ་ཡང་གང་ཅིའི་ཕྱོགས་ནས་འཐུས་ཤོར་ཕྱིན་པ་དེ་འདྲ་རྩ་བ་ནས་མ་རེད། སྔོན་མ་ནས་ང་ཚོས་བཤད་བསྡད་པ་དེ་རང་འཇགས་སུ་ང་ཚོས་རྩིས་ལེན་དུས་ནས་དཀའ་ངལ་དེ་ག་རང་འཕྲད་བསྡད་ཡོད་པ་རེད། དེ་ག་རེ་རེད་ཞུས་ན། གཞན་དབང་སྟབས་བསྟུན་དུ་འགྲོ་གི་ཡོད་པ་རེད། གཞན་དབང་སྟབས་བསྟུན་གྱི་ནང་ནས་སྒང་གི་འགན་འཛིན་རེད། དྲུང་ཆེ་རེད། དེ་ཚོ་མཉམ་དུ་ང་ཚོས་བཀའ་མོལ་ཡག་པོ་འགྲོ་གི་ཡོད་དེ། འོག་ལ་ཡོད་མཁན་མི་ཁ་ཤས་ཤིག་གི་ཇུས་ངན་ལ་བརྟེན་ནས་ད་ལྟའི་བར་ལམ་ལྷོང་མ་བྱུང་བར་འདི་ལྟར་ཕྱིན་པ་རེད། དེར་བརྟེན་དེ་ཁ་གསབ་བྱ་རྒྱུ་ཏན་ཏན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཁ་གསབ་བྱ་ཕྱོགས་ཐད་ནས་ང་ཚོས་གལ་ཆེས་ཤོས་ཤིག་ག་རེ་མཐོང་གི་འདུག་ཟེར་ན། འགན་འཛིན་ཚོའི་ངོས་ནས་ལག་བསྟར་བྱེད་སྟངས་ལ་དཔེ་མི་སྲིད་པའི་རག་ལས་ཡོད་པ་རེད་བསམ་གྱི་འདུག ངས་ནམ་རྒྱུན་ག་རེ་བཤད་བསྡད་ཡོད་ཟེར་ན། སློབ་གྲྭའི་ནང་ལོགས་ལ་བརྒྱ་ཆ་བརྒྱ་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། དང་པོ་དེ་ལ་འགན་འཛིན་ཁོ་རང་བརྒྱ་ཆ་བརྒྱ་འགྱུར་བ་དགོས་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་དགེ་སློབ་གཉིས་ཀྱང་བརྒྱ་ཆ་བརྒྱ་འགྱུར་བ་འགྲོ་གི་རེད། དེར་བརྟེན་ད་ལན་ང་ཚོས་འདིར་ཚོགས་འདུའི་ཐོག་འགན་འཛིན་གྱི་བྱེད་ཕྱོགས་དང་འགན་འཛིན་གྱི་འཆར་ལས་གནང་ཕྱོགས། དེ་བཞིན་སློབ་གྲྭ་ཁག་འཛིན་སྐྱོང་བྱེད་ཕྱོགས་དང་ཡིག་ཚད་ལེན་ཕྱོགས། དེ་ཚོའི་ཐོག་ལ་བཀའ་མོལ་ཞིབ་ཕྲ་གནང་གི་རེད། གལ་སྲིད་ང་ཚོས་འདིར་བཀའ་མོལ་དང་གྲོས་ཆོད་བྱུང་བ་ནང་བཞིན་ས་གནས་ཐོག་ཏུ་ལག་བསྟར་བྱ་ཐུབ་པ་བྱུང་ཚེ། རིམ་པས་ང་ཚོ་སྐུ་ཚབ་ཏན་ཏན་བྱ་ཐུབ་ཀྱི་རེད་བསམ་གྱི་འདུག ཤེས་ཡོན་ཐོག་སྐུ་ཚབ་ཀྱི་སྐད་ཆ་བཤད་ཡོང་དུས། དེ་ཉོ་འཚོང་གི་སྐུ་ཚབ་འདྲ་བོ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་པ་མ་རེད། དེར་བརྟེན་ཤེས་ཡོན་གྱི་ལས་ཀ་ག་རེ་བྱས་ནའང་། དེ་ལ་དུས་ཚོད་དགོས་པ་ཏན་ཏན་ཆགས་ཀྱི་ཡོད་པ་རེད། ད་ལན་ང་ཚོ་འདིར་འཛོམས་ནས་རྨང་གཞི་མ་ཚུགས་ནའང་བརྟན་པོ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤེས་ཡོན་ཡར་རྒྱས་འགྲོ་དང་མ་འགྲོ་ཟེར་བ་དེ་མཐུན་རྐྱེན་དང་ངོས་འཛིན་རེད་མི་འདུག ཕོགས་ཀྱང་རེད་མི་འདུག ག་རེ་རེད་འདུག་ཟེར་ན་སློབ་སྤྱི་དང་དགེ་རྒན་གྱིས་འགན་འཁུར་མ་འཁུར་རང་རེད་འདུག དེར་བརྟེན་དེ་རིང་རྣམ་པ་ཚོ་ཚང་མ་འདིར་ཕེབས་བསྡད་ཡོད་པ་དང་། ཉིན་གཉིས་དང་ཕྱེད་ཀའི་རིང་བསམ་ཚུལ་བརྗེ་ལེན་གནང་སྐབས། སློབ་སྤྱི་གསར་པ་ཚོ་ཡིན་ནའང་ག་འདྲ་བྱེད་དགོས་པ་རེད་ཟེར་བ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག བསམ་ཚུལ་བརྗེ་ལེན་སྐབས་ཉམས་མྱོང་ཅན་ཚོས་གཏིང་ཟབ་པོ་དང་ཧ་ལས་པ་གསུང་རྒྱུ་ཡོད་པ་རེད་བསམ་གྱི་འདུག དེ་ཚོ་ཡིད་ལ་བཅིངས་བའི་ཐོག་ནས་སློབ་གྲྭ་ཁག་ལ་ཕེབས་པའི་སྐབས་སུ་ལག་བསྟར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་ནས་༧གོང་ས་མཆོག་ནས་ལྗགས་རྩོམ་གནང་བའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གཏོང་ཕྱོགས་ཀྱི་དེབ་རྣམས་དཔེ་མཛོད་བརྒྱུད་དེ་ང་ཚོའི་སློབ་གྲྭའི་ནང་ཡོང་གི་ཡོད་པ་རེད། ང་ཚོའི་སློབ་གྲྭའི་ནང་བྱུང་ན་ད་ལོ་དང་། ད་ལོ་མ་བྱུང་ན་ལོ་རྗེས་མར་ཡིན་གཅིག་མིན་གཅིག་གིས་ལག་བསྟར་གནང་དགོས་པ་རེད། གང་ཡིན་ཟེར་ན། འཛམ་གླིང་སྤྱི་ཡོངས་ཀྱི་ནང་༧གོང་ས་མཆོག་ནས་ནང་ཆོས་གཞིར་བཞག་པའི་ཐོག་ནས་ཡ་རབས་བཟང་སྤྱོད་དགོས་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་རེད་ལ། ༧གོང་ས་མཆོག་ལ་དད་གུས་བརྩི་བཀུར་བྱེད་མཁན་ས་ཡ་མང་པོ་ཡོད་པ་རེད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་བའི་ཐོག་ལའང་དོ་སྣང་བྱེད་མཁན་མང་པོ་ཞེ་དྲགས་ཡོད་པ་རེད། འབྲུག་དང་མེག་སི་ཁོ། ཨ་རི། ཁ་ན་ཌ་སོགས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་ཟེར་མཁན་ཡོད་པ་རེད་ལ། འགའ་ཤས་ཀྱིས་སློབ་ཚན་འཁྲིད་དེ་ལག་བསྟར་བྱེད་ཀྱི་ཡོད་ཟེར་གྱི་ཡོད་པ་རེད། དངོས་གནས་བྱས་ན་དང་ཤོས་ང་ཚོས་ལག་བསྟར་བྱེད་དགོས་པ་རེད་བཱ། ང་ཚོའི་ཕྲུ་གུ་ཚོར་ནང་ཆོས་གཞིར་བཞག་པའི་ཡ་རབས་བཟང་སྤྱོད་ཡོད་ཅེས་འཛམ་གླིང་ལ་ངོམ་རྒྱུ་དེ་དངོས་གནས་བྱས་ན་ང་ཚོའི་སློབ་ཕྲུག་ཚོས་ངོམ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་ལ། བཀའ་ཤག་ནས་ལོ་ ༥ ཡི་ནང་ཤེས་ཡོན་ཐོག་མཐུན་རྐྱེན་ག་རེ་སྦྱོར་དགོས་པ་ཡིན་ནའང་གང་ཐུབ་སྦྱོར་རྒྱུ་ཡིན་སྐོར་སོགས་གསུང་སོང་།

དེའི་རྗེས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། ང་ཚོར་འགན་ཆེན་པོ་འདུག་ཟེར་བ་དེ། སྔོན་མ་ལས་ཡག་པོ་ཞིག་དང་སྔོན་མ་ལས་དྲག་པ་ཞིག་ཡར་རྒྱས་འགྲོ་བ་ཞིག་ང་ཚོས་ཏན་ཏན་གནང་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག དེ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ ༡༤ ཡི་སློབ་སྤྱི་ཚོས་ཐུགས་ལ་ངེར་པར་དུ་ཉར་རོགས་གནོང་། ང་ཚོས་འགན་ཁུར་བའི་ཐོག་ནས་དངོས་གནས་དྲང་གནས་ཕྲུ་གུ་ཚོར་ལྟ་སྐྱོང་གི་ཐོག་ནས་རེད། ཕྲུ་གུའི་ཤེས་ཡོན་གནས་ཚུལ་ཐོག་ཡག་པོ་ཆགས་སོང་། ཡར་རྒྱས་ཕྱིན་འདུག་ཟེར་བ་ཞིག་དང་། མང་ཚོགས་ནང་ཡིན་ནའང་དེ་ལབ་ཐུབ་པ་ཞིག་ངེས་པར་དུ་བྱེད་ཐུབ་པ་དགོས་ཀྱི་འདུག དེ་ཤོག་ཐོག་ནས་སྟོན་ཐུབ་པ་ཞིག་དགོས་ཀྱི་འདུག ཕྲུ་གུའི་རང་རྟོག་ཡིན་ནའང་དེ་དངོས་སུ་ཡོད་བསྡད་པ་ཞིག་དགོས་ཀྱི་འདུག དེ་འདྲ་ཡོང་བའི་ཆད་དུ། དཔེར་ན་ང་རང་ཡིན་ནའང་གང་ཐུབ་ཅི་ཐུབ་ཀྱིས་སློབ་གྲྭ་ཁག་ནང་ལྟ་སྐོར་ལ་བཅར་དགོས་བསམ་བསྡད་ཡོད། འདིར་དྲུང་ཆེ་རྣམས་པ་དང་འགན་འཛིན་རྣམས་པ་ཚོ་བཞུགས་ཡོད་པ་རེད། ཁ་སང་ང་ཚོས་ཡང་ནས་ཡང་དུ་སྔར་བས་ལྷག་པར་ལོ་ཁ་ཤས་ནང་ག་འདྲ་ཞིག་གི་ཐོག་ནས་འབད་བརྩོན་གནང་རྒྱུ་དང་ཕྱག་ལས་མཉམ་དུ་གནང་རྒྱུའི་སྐོར་ལ་བཀའ་མོལ་བྱུང་དུས། ཁོང་ཚོའི་བསམ་ཚུལ་ང་ཚོ་དང་གཅིག་པ་རེད། དེར་བརྟེན་ཕྱོགས་གཞན་ཞིག་ནས་བལྟས་ན། འདས་པའི་ལོ་གཉིས་གསུམ་ནང་སློབ་གྲྭ་ཁག་རྩིས་ལེན་བྱུང་མ་བྱུང་བར་ནས་ཕྲུ་གུ་ཚོར་དཀའ་ངལ་ཕྲད་ཡོད་པ་རེད། དེའི་ཐོག་ལ་ཡིན་ནའང་ཁ་གསབ་ག་འདྲ་ཐུབ་ཀྱི་འདུག ཁ་གསབ་ཀྱི་འཆར་གཞི་ག་རེ་འཐེན་དགོས་ཀྱི་འདུག གང་ལྟར་ཕྲུ་གུ་ཚོའི་ཤེས་ཡོན་སློབ་གསོ་ཚད་དང་ལྡན་ཞིག་བཟོ་དགོས་ཀྱི་འདུག དེ་ཚང་མས་ངེས་པར་དུ་དགོངས་པ་བཞེས་རོགས་གནོང་ཞུ་རྒྱུ་ཡིན། ཞེས་གསུང་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༡ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 2

  1. ན་བུན། says:
    ལོ་ 9 སྔོན།

    ཀློག་པ་པོ་ལགས་སུ།

    བོད་སློབ་འཛིན་ཚོགས་ནས་གཞི་རིམ་འོག་མའི་སློབ་གྲྭ་ཁག་ ༩ དང་འབྲིང་རིམ་སློབ་གྲྭ་ཁག་ ༥ ཁྱོན་སློ་གྲྭ་ ༡༤ ཤེས་རིག་ལས་ཁུངས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་ཟིན་པ་དང་། རྩིས་ལེན་རྒྱུ་ཡིན་པའི་སློབ་གྲྭ་ཁག་ནི་འཛིན་གྲྭ་བཅུ་པ་ཡོད་མཁན་ ༥ དང་འཛིན་གྲྭ་ ༡༢ ཡོད་མཁན་ ༩ ཁྱོན་སློབ་གྲྭ་ ༡༤ ལྷག་ཡོད་པ་དང་། དེ་སྔོན་ནས་སྔོན་འགྲོའི་སློབ་གྲྭ་༣༣ རྩིས་ལེན་བྱས་ཟིན་འདུག

    ནོར་བཅོས། གསར་འཛུགས་བྱ་འཆར་གྱི་སློབ་གྲྭ་་་་་་གསར་འཛུལ་བྱ་འཆར་གྱི་སློབ་གྲྭ་་་་་་་
    བཅས་་་་་་ཁྱོན་་་་་་་
    ཡོལ་མཁན་་་་་་་་་ཡོད་མཁན་་་་་་
    གཞན་་་་་་ད་ལན་གྱི་དམིགས་བསལ་འགན་འཛིན་ཚོགས་འདུའི་ཐོག་་་་་་སཾ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་བླངས་པ་དང་ལེན་འཆར་གྱི་སློབ་གྲྭ་ཁག་ ༢༡ གི་སློབ་སྤྱི་རྣམས་ཕེབས་འདུག་ལས། སཾ་བྷ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོད་ཚད་ཅིའི་ཕྱིར་མ་ཕེབས་པའི་གནས་ཚུལ་མ་དྲིས།
    གང་ལྟར་ཀློག་མཁན་གྱིས་ནོར་འཕྱུག་ཐེར་འདོན་དང་བསམ་ཚུལ་ལྷུག་བརྗོད་གནང་བར་བཀའ་དྲིན་ཆེ། མ་འོངས་པར་མུ་མཐུད་བསམ་ཚུལ་འདོན་པའི་རེ་བ་ཡོད།
    པདྨ་རྒྱལ་ནས།

    Reply
  2. པ་སངས་ལྷ་མོ། says:
    ལོ་ 9 སྔོན།

    བསམ་ཚུལ་མཁས་པ་འཛུམ་ཤོར།

    དང་པོ། རྩ་བའི་བོད་ཀྱི་དུས་བབ་གསར་ཁང་ནས་ལངས་ཕྱོགས་མ་ནོར་ཞིང་ཕྱོགས་ལྷུང་གི་རྒྱ་རུ་མ་ཚུད་པའི་གསར་འགྱུར་དང་རྩོམ་ཡིག་དུས་ཐོག་ཆར་པ་ལྟར་འདོན་སྤེལ་གནང་བཞིན་པར་རྗེས་སུ་ཡི་རང་དང་། ཡག་ཐོག་ཡག་བརྩེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

    གཉིས་པ། རྩ་བའི་གསར་འགྱུར་ཁ་གསལ་གོ་བདེ་འབྲི་རྒྱུ་གལ་ཆེ་བ་བཞིན་དུས་རྒྱུན་དུས་བབ་ནས་གོ་བདེའི་གསར་འགྱུར་འབྲི་བཞིན་ཡོད་ཀྱང་། གོང་གི་གསར་འགྱུར་བཀླགས་པ་བརྒྱུད་རང་ཉིད་ལ་གསལ་པོ་མ་ཆགས་པའི་ཕྱོགས་ཁག་ཅིག་ཐད་གསལ་བཤད་གནང་ཐབས་ཡོད་ཚེ་གནང་རོགས་ཞུ་རྒྱུ་ཡིན། ང་དང་ང་འདྲ་བ་མང་པོ་ཡོད་ངེས་སྙམ། གསར་འགྱུར་འགོ་འཛུགས་སྐབས་སུ། སམ་བྷོ་ཊའི་ད་ཡོད་སློབ་གྲྭ་ ༨ དང་། གསར་འཛུགས་བྱ་འཆར་སློབ་གྲྭ་ ༡༣ ཡི་སློབ་སྤྱི་ཚོགས་འདུར་ཕེབས་སྐོར་གསུངས་འདུག དེ་ལ་བལྟས་ཚེ་ད་ལྟ་དང་མ་འོངས་འཛུགས་འཆར་སློབ་གྲྭ་ ༢༡ ལས་མི་འདུག འོན་ཀྱང་དེའི་གཤམ་ལ་ཀརྨ་པ་ཆུང་བདག་གི་གཏམ་བཤད་ནང་། ཉེ་ཆར་གཞི་རིམ་འོག་མའི་སློབ་གྲྭ་ ༥ དང་ སྔོན་འགྲོའི་སློབ་གྲྭ་ ༥ བཅས་ཁྱོན་སློབ་ཁག་ ༡༠ རྩིས་བླངས་པ་དང་། དེ་སྔོན་ནས་གཞི་རིམ་འོག་མའི་སློབ་གྲྭ་ ༤ དང་། སྔོན་འགྲོའི་སློབ་གྲྭ་ ༣༣ རྩིས་བླངས་ཟིན་སྐོར་བརྗོད་འདུག གཤམ་ལ་སློབ་གྲྭ་རྩིས་བླངས་ཟིན་པའི་གྲངས་འབོར་ལ་བལྟས་ཚེ་སློབ་གྲྭ་ ༤༤ རྩིས་བླངས་ཟིན་འདུག་ཀྱང་། ད་ལན་ཚོགས་འདུར་ད་ཡོད་དང་མ་འོངས་འཛུགས་འཆར་ཡོད་པ་བཅས་སློབ་གྲྭ་ ༢༡ ཡི་སློབ་སྤྱི་ལས་མེད་དོན་ཅི། སློབ་གྲྭ་ཉུང་དུ་ཕྱིན་པ་རེད་དམ། གལ་ཏེ་ཕྱིན་ཡོད་ཚེ་སློབ་གྲྭ་གང་དང་གང་མེད་པ་བཟོས་པ་རེད་དམ། སློབ་གྲྭ་མེད་པ་བཟོས་པ་དེ་དག་ལ་སྔར་རྒྱ་གར་གཞུང་ནས་གནང་བའི་དངུལ་འབོར་ད་ལྟ་མེད་པ་བཟོས་ཡོད་དམ་མེད།

    གསུམ་པ། ཡང་ཀརྨ་པ་ཆུང་བདག་ལགས་ཀྱི་གཏམ་བཤད་ནང་། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཡོད་པའི་སློབ་གྲྭ་ཁག་ ༡༤ ཕུད་སློབ་གྲྭ་ཚང་མ་རྩིས་བླངས་ཟིན་པ་རེད་ཅེས་བརྗོད་པ་དང་། གཤམ་དེར་འཛིན་གྲྭ་བཅུ་ཡོད་པ་གྲངས་ལྔ་དང་། བཅུ་གཉིས་ཡོད་པ་གྲངས་ ༡༢ ཅེས་བྲིས་འདུག་པར་བལྟས་ཚེ་གྲངས་འབོར་མི་མཐུན་པ་གསལ་པོར་མངོན། གོང་དུ་གྲངས་ ༡༤ བྲིས་པ་དང་། འོག་ལ་གྲངས་ ༡༧ བྲིས་པ་གཏམ་བཤད་གནང་མཁན་དང་གསར་འགོད་པ་སུའི་སྐྱོན་ཡིན་ནམ། གཅིག་བྱས་ན་རང་ཉིད་ཀློག་པ་པོས་ཡག་པོ་མ་བཀླགས་པའམ། གོ་བ་མ་ལོན་པའི་སྐྱོན་ཡང་ཡིན་སྲིད།

    བཞི་པ། ཀརྨ་པ་ཆུང་བདག་གི་གཏམ་བཤད་ནང་། གོང་དུ་སློབ་གྲྭ་རྩིས་ལེན་དུས་འགྱངས་བྱུང་ཡང་འཐུས་ཤོར་ཕྱིན་མེད་ཟེར་བ་དང་། གཤམ་ལ་ཁ་གསབ་བྱེད་དགོས་ཟེར་བ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་ཆ་མ་ཡིན་ནམ། འཐུས་ཤོར་ཕྱིན་མེད་ན་ཁ་གསབ་ཅིའི་ཕྱིར་བྱེད་དགོས་སམ།

    ཚོགས་འདུ་ཚོགས་པ་དང་། དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དཔལ་ལྡན་སྲིད་སྐྱོང་མཆོག་ནས། བཀའ་ཤག་ལོ་ལྔའི་ནང་ཤེས་ཡོན་མཐུན་འགྱུར་ག་རེ་སྦྱོང་དགོས་ནའང་སྦྱོར་རྒྱུ་ཡིན་གསུངས་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་དང་། ཕྱག་བསྟར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese