མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་མཚན་ཐོ་མེད་ན་སྤྲུལ་རྫུན་ཡིན་པ་གསལ་བཤད་བྱས་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེའི་ནང་དུ་དགེ་རྒྱས་རིན་པོ་ཆེའི་མཚན་མེད་པར་བརྟེན་ཁོང་སྤྲུལ་སྐུ་རྫུན་མ་ཡིན་ལུགས་བསྒྲགས་འདུག

11bc5187c4ag215ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ཝེ་པའོ་དྲ་བའི་ཐོག བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཤར་གཏོང་བྱས་པ་ནས་བཟུང་སྟེ། སྤྲུལ་སྐུ་རྫུན་མ་མང་པོ་གོ་མེད་ཚོར་མེད་དུ་གྱུར་ཡོད་ཀྱང་། ཉེ་སྔོན་རྒྱ་ནག་བོད་ལྗོངས་དྲ་བ་ཞེས་པའི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་ཁང་ལ་ཁ་པར་ཞིག་འབྱོར་ཏེ། སྟོད་མངའ་རིས་དགེ་རྒྱས་དགོན་གྱི་སྤྲུལ་སྐུ་དགེ་རྒྱས་རིན་པོ་ཆེས་(格杰仁波切)ས་གནས་དེ་རུ་སྒེར་གཉེར་འཛིན་གྲྭ་ཞིག་བཙུགས་ཏེ། ཐེངས་རེའི་ཟུར་འཁྲིད་ལ་རྒྱ་སྒོར་ཁྲི་ ༣༠ ལྷག་ལེན་གྱི་ཡོད་སྐོར་བརྗོད་དེ་གཏུག་བཤེར་བྱས་ཡོད་པ་དང་། འབྲེལ་ཡོད་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་དགེ་རྒྱས་རིན་པོ་ཆེའི་མཚན་འཚོལ་ཞིབ་བྱེད་སྐབས་རྙེད་མེད་སྟབས། ཁོང་སྤྲུལ་སྐུ་རྫུན་མ་ཞིག་ཡིན་པ་ར་འཕྲོད་ཡོད་སྐོར་དང་། དགེ་རྒྱས་རིན་པོ་ཆེ་ཞེས་པའི་མཚན་དེ་ཝེ་པའོ་ནང་འཚོལ་སྐབས། དགེ་རྒྱས་རིན་པོ་ཆེ་དང་དགེ་རྒྱས་སྤྲུལ་སྐུ་རིན་པོ་ཆེ་ཞེས་པའི་མཚན་ཐོག་ནས་ཝེ་པའོ་ནང་ཁ་བྱང་གཉིས་ཡོད་ཅིང་། དགེ་རྒྱས་རིན་པོ་ཆེ་ཞེས་པ་དེའི་ཐོག་རྗེས་འཇུག་པ་ ༨༡༦༠༨ དང་། དགེ་རྒྱས་སྤྲུལ་སྐུ་རིན་པོ་ཆེ་ཞེས་པ་དེར་རྗེས་འཇུག་པ་ ༡༢༢༣༩ བྱུང་ཡོད་སྐོར་སོགས་བརྗོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཀྱི་ཞོགས་པའི་ཆ་འཕྲིན་དྲ་བའི་ཐོག དགེ་རྒྱས་རིན་པོ་ཆེས་དྲ་ཐོག་ནས་མི་གྲངས་ས་ཡ་མང་པོའི་སེམས་བཀུག་ཡོད་པ་དང་། དེ་སྔོན་ཁོང་གིས་ཆེད་སྒྲིག་བརྙན་འཁོར་བཏོན་གནང་ཡོད་སྐོར་དང་། ཁོང་གིས་ཁོང་རང་སྐྱབས་རྗེ་གླིང་རིན་པོ་ཆེའི་ཡང་སྲིད་ཡིན་ལུགས་བརྗོད་དེ། ས་གནས་སུ་ཡང་སྲིད་སྐོར་ལ་ཟུར་འཁྲིད་འཛིན་གྲྭ་བཙུགས་ཏེ་རྒྱ་སྒོར་ཁྲི་ ༣༠ རེ་བླངས་ཡོད་སྐོར་སོགས་བསྒྲགས་འདུག

གོང་གི་གནས་ཚུལ་དེའི་ཐད་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེའི་ནང་ཁྱོན་སྤྲུལ་སྐུ་ ༡༣༠༧ ཡི་མཚན་དང་དགོན་པ། སྤྲུལ་སྐུའི་དཔང་ཨང་། ར་སྤྲོད་ཨང་གྲངས་སོགས་དྲིལ་བསྒྲགས་བྱས་ཏེ་ལས་གཞི་གང་འཚམ་འགྲུབ་ཚར་ཡོད་པ་དང་། འཚོལ་བཤེར་མ་ལག་དེའི་ནང་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། དེ་བཞིན་ནང་སོག་དང་ཤིན་ཅང་། ལོ་ལིན་སོགས་ཀྱི་སྤྲུལ་སྐུའི་མཚན་གཞུང་ཚུད་ཡོད་པ་དང་། སྤྲུལ་སྐུ་ངོ་མ་ཡིན་པ་ཚང་མའི་གནས་ཚུལ་མ་ལག་དེའི་ནང་ནས་འཚོལ་བཤེར་ཐུབ་ཀྱི་ཡོད་སྟབས། དགེ་རྒྱས་རིན་པོ་ཆེའི་མཚན་འཚོལ་བཤེར་མ་ལག་ནང་ནས་མ་རྙེད་པ་དེས་ཁོ་སྤྲུལ་རྫུན་ཞིག་ཡིན་པ་གསལ་བཤད་བྱས་ཡོད་སྐོར་བརྗོད་འདུག

ཡང་ཝེ་པའོ་ཐོག་གི་གནས་ཚུལ་དེའི་ནང་དུ། འདས་ལོར་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐེ་ལིན་ཁྲི་འདོན་བྱས་པའི་གནད་དོན་སོགས་རྒྱ་ནག་ནང་སྤྲུལ་རྫུན་གྱི་གནད་དོན་རིམ་པར་བྱུང་རྗེས། འབྲེལ་ཡོད་ནས་རྒྱ་ནག་ཝེ་པའོ་དྲ་བའི་ནང་སྤྲུལ་སྐུ་ཞེས་པའི་ཚིག་དེ་འཚོལ་བཤེར་བྱེད་སྐབས། སྤྲུལ་སྐུ་ཞེས་པའི་མིང་བེད་སྤྱོད་བྱེད་མཁན་ཁྱོན་ ༤༦༦༤ རྙེད་ཡོད་པ་དང་། དེ་བཞིན་རིན་པོ་ཆེ་ཞེས་པའི་མིང་བེད་སྤྱོད་བྱེད་མཁན་༣༡༧༡ རྙེད་ཡོད་ལ། དེ་ཚོ་མང་ཆེ་བ་སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་མེད་པའི་སྤྲུལ་སྐུ་རྫུན་མ་ཡིན་སྐོར་སོགས་བརྗོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་སུ། རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེས། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་མཛད་འཕྲིན་དང་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་གནོད་སྐྱོན་ཅི་ཡོང་སྐོར་དྲིས་པར། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྒྲིག་གཞི་དང་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེ་གཉིས་མ་འོངས་པར་མུ་མཐུད་བོད་པའི་སྤྱི་ཚོགས་ནང་ལག་བསྟར་བྱས་ཚེ། ངའི་ངོས་ནས་ག་རེ་བརྗོད་འདོད་ཡོད་ཟེར་ན། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བཤད་ན་ཐད་ཀར་ཆོས་དད་རང་མོས་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་ལ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྒྲིག་གཞི་དང་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་དེ་གཉིས་ཀྱི་རྒྱབ་ལོག་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཡོད་པ་ཞིག་དང་། ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་དབང་གིས་ཡིག་ཆ་དེ་ཚོ་བཟོས་ནས་མ་འོངས་པར་བོད་སྲོལ་རྒྱུན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་གཏོགས་བྱེད་པའི་བསམ་བློ་ཡོད་པ་རེད། དེ་ནི་བོད་སྲོལ་རྒྱུན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་རྡོག་རོལ་བཏང་བ་ཞིག་དང་། སྤྱི་ཡོངས་ནས་ཆོས་དད་རང་མོས་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese