མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་གཞོན་ནུ་གཉིས་དབུས་སྤྱི་ཁྱབ་ཀྱི་ཁོངས་སུ་ཆིག་སྒྲིལ་བྱུང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༤༠ ཙམ་གྱི་ཐོག དྷ་ཤོད་ཀྱི་ཨིམ་སི་ཌི་ཚོགས་ཁང་(MCD Hall)དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས། དེ་བཞིན། དྷ་ས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་སྐུ་ཚབ་རྣམ་པ། གཞན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་དབུས་རྒྱུན་ལས་ཐོག་པ་དང་ཟུར་པ། གཞོན་ནུའི་ས་གནས་ཁག་ ༤༠ ནས་སྐུ་ཚབ་ ༡༣༠ ལྷག་བཅས་ཚོགས་བཅར་གནང་འདུག

DSCF9394 མཛད་སྒོའི་ཐོག་བོད་བསྟན་སྲིད་ཆེད་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་གུས་འདུད་མཚོན་སླད། ཁོང་རྣམ་པར་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཕུལ་བ་གཞོན་ནུའི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཚབ་ཞུས་ཏེ་བླངས་བ་དང་། དེ་ནས་གཞོན་ལྷན་ས་གནས་རྒྱུན་ལས་སྔ་རྗེས་ཁྱོན་ལོ་ངོ་ ༡༥ ལྷག་གནང་མཁན་ལས་བྱེད་རྣམ་པ་དང་། ས་གནས་རྩེ་ཕུད་གསུམ་ལ་གཟེངས་རྟགས་གསོལ་རས་ཕུལ་བ་དང་། དེ་བཞིན། འཛིན་རིམ་གསུམ་པ་ནས་དྲུག་པ་བར་གྱི་རྩོམ་ཡིག་འགྲན་སྡུར་གྱི་རྩེ་ཕུད་སློབ་མ་ ༣ དང་། འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་རྩོམ་ཡིག་འགྲན་སྡུར་ཀྱི་རྩེ་ཕུད་སློབ་མ་ ༣། འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་རྩོམ་ཡིག་འགྲན་སྡུར་གྱི་རྩེ་ཕུད་སློབ་མ་ ༣། མཐོ་སློབ་ཁག་གི་རྩོམ་ཡིག་འགྲན་སྡུར་གྱི་རྩེ་ཕུད་ ༣ བཅས་ལ་བྱ་དགའ་ཕུལ། གཞན་ཡང་། བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་སྐལ་བཟང་དབང་འདུས་ལགས་དང་རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱི་སྙིང་སྟོབས་དང་རྒྱལ་ཞེན་ལ་ཡི་རང་གུས་འདུད་མཚོན་ཆེད་རང་བཙན་གཟེངས་རྟགས་ཕུལ་སོང་བ་དང་། དེ་བཞིན་འདི་ལོའི་རྒྱ་བལ་འབྲུག་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ཐོབ་མཁན་མོན་གྷོ་གཏན་སློབ་ཀྱི་སློབ་མ་བདེ་ཆེན་བཟང་མོ་ལགས་དང་བསྟན་འཛིན་མགོན་པོ་ལགས་གཉིས་ལ་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དང་། མཇུག་ཏུ་བལ་ཡུལ་ནང་ས་ཡོམ་ཤུགས་ཆེན་བྱུང་སྐབས་བལ་ཡུལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ཀྱི་དབུས་བལ་ཡུལ་གྱི་བོད་མི་ཚོས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་ཧ་ཅང་ཡག་པོ་གནང་བར་ཆེད་བསྟོད་མཚོན་སླད། འདི་ལོའི་གཞོན་ནུའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བལ་ཡུལ་དོན་གཅོད་དང་བལ་ཡུལ་བོད་མི་ཡོངས་ལ་ཕུལ་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་བླངས་དོར་གྱི་བཀའ་སློབ་གནང་དོན། ང་ཚོའི་ཚོགས་པ་ག་འདྲ་ཞིག་ཡིན་ནའང་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག རྡོག་རྩ་ཆིག་སྒྲིལ་མེད་ན་ཚོགས་པའི་ལས་དོན་བརླག་འགྲོ་བ་དང་། ཚོགས་པ་དེ་ནུས་མེད་ཆགས་འགྲོ་བར་བརྟེན་ནང་ཁུལ་དུ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་རེད། ནང་ཁུལ་དུ་མཐུན་ལམ་ཡོང་བ་ཞིག་གི་ཐོག་ཤུགས་སྐྱོན་པ་ཡིན་ན། ཏན་ཏན་ནང་ཁུལ་ལ་ཤུགས་འབྱུང་རྒྱུ་ཡོད་པ་རེད་བསམ་གྱི་འདུག ཕྱི་ལོག་ལ་བསྡད་དེ་ཁྱོད་དང་ང་ཞེས་ཕན་ཚུན་མཁྲེགས་པོ་བྱས་ནས་སྡོད་པ་དེ་རྒྱ་མི་གུང་ཁྲན་གྱི་ལས་ཀ་རེད། རྒྱ་མི་གུང་ཁྲན་གྱིས་ཕྱོགས་གཅིག་རྒྱལ་དགོས་པ་དང་། ཕྱོགས་གཅིག་ཕམ་དགོས་ཀྱི་ཡོད་པས་མཁྲེགས་པོ་སྡོད་རེས་བྱེད་པ་རེད། ཡིན་ནའང་། ང་ཚོ་དེ་འདྲ་མ་ཡིན་པར་ནང་ཁུལ་ལ་སྐད་ཆ་བཤད་རེས་བྱས་ཏེ་ནང་ཁུལ་ལ་འགྲིག་པོ་བཟོ་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གསུང་གི་ཡོད་པ་རེད། དབུ་མའི་ལམ་དེ་ང་རང་ཚོ་ནང་ཁུལ་ལ་ག་དུས་ཡིན་ནའང་བེད་སྤྱོད་གཏོང་དགོས། ནང་ཁུལ་དབུ་མའི་ལམ་བེད་སྤྱོད་བཏང་སྟེ་སྐད་ཆ་བཤད་རེས་བྱས་ནས་འགྲིག་པ་བཟོ་དགོས་པ་དེ་དབུ་མའི་ལམ་གྱི་གཙོ་བོ་ཞིག་རེད། ང་ཚོའི་ཆོལ་ཁ་ཡིན་ན་རེད། ཆོས་ལུགས་ཡིན་ནའང་རེད། ག་རེ་ཡིན་ནའང་རྡོག་རྩ་ཆིག་སྒྲིལ་དགོས་པ་རེད་མ་གཏོགས་སྣང་བ་གང་དྲན་བྱས་ནས་དབྱེ་བ་འདྲ་པོ་མང་པོ་ཕྱིན་པ་ཡིན་ན་ང་ཚོའི་ནུས་སྟོབས་ཉམས་འགྲོ་བ་རེད། དེར་བརྟེན་ང་ཚོས་ནུས་པ་གཅིག་ཏུ་སྒྲིལ་དགོས་པ་དེ་གལ་ཆེ་ཤོས་རེད་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ༧རྒྱལ་བ་རིན་པོ་ཆེ་དགོངས་པ་འཚོམ་དང་མ་འཚོམ་དང་། ཐུགས་ཕམ་བྱུང་དང་མ་བྱུང་གི་གནས་ཚུལ་མིན་པར་ཁོང་གི་བཀའ་དྲིན་མ་བརྗེད་པའི་ཐོག་ནས་ཁོང་གི་བསླབ་བྱ་རྣམས་ལག་ལེན་བསྟར་དགོས་ཀྱི་ཡོད་པ་དང་། མ་འོངས་པར་༧རྒྱལ་བ་རིན་པོ་ཆེ་སྐུ་མ་བཞུགས་པའི་སྐབས་ཤིག་བྱུང་བ་ཡིན་ནའང་། ཁོང་གི་བསླབ་བྱ་རྣམས་ང་ཚོས་ལག་ལེན་བསྟར་དགོས་ཀྱི་ཡོད་པས་དེ་གཙོ་བོ་སེམས་ལ་འཛིན་དགོས་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས་གསུངས་དོན། བོད་ནང་གི་བོད་མི་ཚོ་དཀའ་ངལ་ལས་སྐྱབས་ཐུབ་པ་ཞིག་དང་། བོད་ནང་གི་གནས་སྟངས་དེ་ཚོ་རང་དགར་མ་བཞག་པར་རྒྱལ་སྤྱིའི་སྡིངས་ཆའི་སྒང་སླེབ་ཐུབ་པ་དང་། བསླེབས་པ་ཙམ་མ་ཟད་སེམས་འགུལ་ཐེབས་ཐུབ་པ་ཞིག་དང་། བོད་ནང་གི་དཀའ་ངལ་ཐོག་སྐད་ཆ་བཤད་ཐུབ་པ་ཞིག་ང་ཚོས་བཟོ་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུར་མཚོན་པ་ཡིན་ན། ལས་འགུལ་ཤུགས་ཆེན་པོ་སྤེལ་གྱི་ཡོད་པ་དང་། སྤེལ་བ་ཙམ་དུ་མ་ཟད་ལས་འགུལ་དེ་ཚོར་རྒྱལ་སྤྱིའི་ནང་ལོགས་ནས་གདེང་འཇོག་ཆེན་པོ་བཞག་སྟེ་སེམས་འགུལ་ཐེབས་ཐུབ་པ་དེ་འདྲ་བྱུང་ཡོད་པ་རེད། དེ་བཞིན་ང་ཚོ་བཙན་བྱོལ་གྱི་ནང་ལོགས་ལ་ཡིན་ནའང་དབུས་སའི་རྒྱུན་ལས་རྣམ་པས་སྐུ་ལས་བསྐྱོན་ཏེ། སྤྱི་ཚོགས་བདེ་དོན་གྱི་གནས་སྟངས་ཐོག་ལའང་ཞབས་ཞུ་ཞུ་ཡི་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མགོ་བཙུགས་ནས་ད་ལྟའི་བར་དུ་ལོ་ ༥༠ ལ་ཉེ་བ་ཆགས་འགྲོ་ཡི་ཡོད་པ་དང་། དེའི་རིང་ལ་དབུས་སའི་རྒྱུན་ལས་ཀྱི་ཕྱག་ལས་གནང་མཁན་གྱི་ནང་ནས་ལྷག་བསམ་དང་ཀུན་སློང་ལ་འགྱུར་བ་མེད་པའི་ཐོག་ནས་ཕྱག་ལས་མཐའ་འཁྱོལ་བ་ཙམ་མ་ཟད། ད་ལྟའི་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུ་མཁན་བཀའ་བློན་རྣམ་པའི་ནང་དུ་ཡིན་ན་འདྲ། སྤྱི་འཐུས་ནང་དུ་ཡིན་ནའང་འདྲ། ལས་བྱེད་ནང་ལོགས་ལ་ཡིན་ནའང་རེད་རིམ་པ་མང་པོར་ཕེབས་བསྡད་ཡོད་པ་དང་། དེ་ཚོའི་གྲས་རྣམས་ལྷག་བསམ་དང་རྒྱལ་སྤྱིའི་གནས་སྟངས་ཐོག་གང་ལ་གང་འཚམ་གྱིས་མཁྱེན་རྟོགས་ཡོད་མཁན། ནུས་པ་ཐོན་ཐུབ་མཁན་གྱི་མི་སྣ་སྐྱེད་སྲིང་བྱས་ཡོད་པ་རེད། དེ་འདྲ་ཡིན་དུས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་རྩ་ཆེན་པོ་ཞིག་དང་གལ་ཆེན་པོ་ཞིག་ཡིན་ལ། དེ་ཚོས་ཕྱག་ལས་གནང་བཞག་པ་དེ་ཚོར་ང་ཚོས་དགའ་བ་སྒོམ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། སྤྱི་ཚོགས་ནང་བསམ་ཚུལ་མ་འདྲ་བ་དང་ལས་འགུལ་མ་འདྲ་བ་ཡོང་ཆོག་གི་ཡོད་སྟབས། གཅིག་གིས་གཅིག་ལ་གུས་ཞབས་དང་བརྩི་བཀུར་ཞུ་དགོས་ལ། གནས་སྟངས་ག་རེ་ཡིན་ནའང་བོད་མི་རིགས་ལ་ཕན་པ་ཞིག་དང་། བོད་ཀྱི་མ་འོངས་པར་ཕན་པ་ཞིག་ཡིན་ན་དེ་ལ་ཞབས་འདེགས་གནང་ཐུབ་པ་ཞིག་ལ་ང་ཚོས་འབད་བརྩོན་བྱེད་དགོས་པ་དེ་གནད་འགག་ཅིག་ཆགས་ཀྱི་ཡོད་པར་བརྟེན། དབུ་མའི་ལམ་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ཞབས་འདེགས་གང་ལེགས་ཞུ་ཐུབ་ན་བརྒྱན་ཡིན་སྐོར་གསུངས་སོང་།

DSCF9393མཛད་སྒོའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། དབུས་རྒྱུན་སྐབས་བཅོ་ལྔ་པས་རྩིས་ལེན་སྐབས་གཅིག་ནས་སྒྲིག་འཛུགས་ནང་གི་ས་གནས་ཁ་ཤས་ཤིག་ཕྱིར་ཐོན་པ་དང་། སྤྱི་ཚོགས་ནང་རང་བཙན་རྩོད་པ་དང་། རང་བཙན་བཤད་པ་ཡིན་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་པ་རེད་ཟེར་བའི་གནས་སྟངས་ཆགས་ཡོད་པ། དེ་བཞིན་རང་ལུས་མེར་སྲེག་གི་གཙོས་པའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅིག་གི་འོག་ཡོད་སྐབས་དབུས་རྒྱུན་རྣམས་འོས་འདེམས་བྱུང་ཡོད་ཀྱང་། ལྷག་བསམ་བརྟན་པོས་བོད་ནང་གི་དཀའ་ངལ་སེམས་ལ་བཞག་སྟེ་མཐར་ཐུག་གི་དམིགས་ཡུལ་ལ་དོ་ཁུར་བླངས་བར་བརྟེན། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་བརྟན་པོ་དང་ཧྲ་ཏག་ཏག་ཡོད་ཅེས་ཞུ་ཐུབ་ཀྱི་ཡོད་ལ། འདས་པའི་ལོ་གསུམ་ནང་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པས་འབད་བརྩོན་ཡོད་རྒུ་རྩལ་སྤུག་བྱས་ཏེ། ས་གནས་ཁག་བརྒྱད་སྒྲིག་འཛུགས་ནས་ཕྱིར་ཐོན་པ་དེའི་ནང་ནས་ས་གནས་གཞོན་ནུ་གཉིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁོངས་སུ་ཆིག་སྒྲིལ་བྱས་ཏེ་ཕྱིར་བསླེབས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་མོན་གྷོ་ས་གནས་གཞོན་ནུ་དང་སྦང་ལོར་ས་གནས་གཞོན་ནུ་མཉམ་ཞུགས་བྱས་ཡོད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚོགས་ཆེན་ནང་མཉམ་ཞུགས་གནང་བ་དེ་བཟང་སྤྱོད་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དེ་མིན་ཐེངས་འདིའི་ཚོགས་ཆེན་ཐོག་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུའི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་སྐོར་དང་། འདས་པའི་ཉམས་མྱོང་ལ་གཞིགས་ན་ཆིག་སྒྲིལ་དེ་སྟོབས་ཤུགས་ཡིན་པ་དང་། ཁ་འཐོར་ནས་སྡོད་པ་དེ་ཕམ་ཉེས་ཤིག་ཡིན་པ་གསལ་པོ་ཡིན་སྟབས། མ་འོངས་པར་འཐབ་རྩོད་གནས་དགོས་པ་དང་། འཐབ་རྩོད་གནས་པར་སྒྲིག་འཛུགས་ཧྲ་ཏག་ཏག་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། སོ་སོ་སྒེར་ལས་སྒྲིག་འཛུགས་གལ་ཆེན་པོ་རྩི་བ་དང་། སྒྲིག་འཛུགས་ལས་འཐབ་རྩོད་གལ་ཆེན་པོ་རྩི་རྒྱུ་དེ་གལ་ཆེན་ཞེ་དྲག་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས། ཉིན་དྲུག་གི་ཚོགས་ཆེན་རིང་གཙོ་བོ་བོད་ནང་གི་གནད་དོན་ཐོག་ལ་བགྲོ་གླེང་གནང་རྒྱུ་ཡིན་ལ། ལམ་ག་གསར་པ་དང་འཆར་གཞི་གསར་པ་ཅི་དགོས་ཐོག་བསམ་ཚུལ་གསར་པ་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ་དང་། དེ་བཞིན། སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་ཚོགས་བཅར་བ་རྣམས་ཀྱིས་བགྲོ་གླེང་བྱས་ཏེ་བོད་མིའི་སྒྲིག་འཛུགས་ལ་བསམ་ཚུལ་འབུལ་རྒྱུ་དང་། ལྷག་པར་དུ་ཐེངས་འདིའི་ཚོགས་ཆེན་གྱི་ཉིན་མཐའ་མར་དབུས་རྒྱུན་གསར་འདེམས་བྱ་རྒྱུ་ཡིན་ལ། དབུས་རྒྱུན་ཟེར་དུས་སྒྲིག་འཛུགས་དེའི་ངོ་གདོང་དེ་ཆགས་བསྡད་ཡོད་སྟབས། ཚོགས་བཅར་བ་རྣམ་པས་ཚོགས་ཆེན་གྱི་ཉིན་དང་པོ་ནས་བཟུང་དབུས་རྒྱུན་ཚད་ལྡན་ཞིག་འོས་འདེམས་ཡོང་བར་དོ་སྣང་སྤྲད་དེ་གྲ་སྒྲིག་ཨང་གསར་དགོས་སྐོར་བརྗོད་སོང་།

ཐེངས་འདིའི་ཚོགས་ཆེན་དེ་རིང་ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༩ ཚེས་ ༣ ཉིན་བར་དུ་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་གཞོན་ནུའི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ་དང་། ཚོགས་ཆེན་སྐབས་ ༡༥ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་མཇུག་སྐྱོང་ཡོང་ཐབས། དེ་བཞིན། བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་དང་། རྒྱ་གཞུང་གིས་བོད་ཀྱི་ངོ་བོ་དང་ཁོག་ཡུག་ལ་ཉེན་ཚབས་ཆེ་བའི་ལས་གཞི་སྤེལ་པར་གདོང་ལེན་བྱ་ཕྱོགས་ཇི་དགེ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་ཏུ་ཀློད་གྲོལ་ཡོང་ཆེད་དང་། རང་ལུས་མེར་སྲེག་གནང་མཁན་རྣམ་པའི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་ཞལ་ཆེམས་སྒྲུབ་ཐབས་ཅི་དགེ། གཞན་ཡང་། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན། དམངས་གཙོའི་གོ་རྟོགས་སྤེལ་ཕྱོགས། སྤྱི་ཚོགས་ཞབས་ཞུའི་ལས་དོན། དེ་བཞིན། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་གཏོང་ཐབས་བཅས་ཀྱི་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese