མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་སྒྲིག་གཞི་མང་མོས་ཀྱིས་རང་སོར་བཞག་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་སྒྲིག་གཞི་དོན་ཚན་བཞི་པའི་ནང་གསེས་དང་པོ་དང་བཞི་པ་བསྐྱར་བཅོས་ཐོག་བགྲོ་གླེང་གནང་བརྒྱུད་མང་མོས་ཀྱིས་རང་སོར་འཇོག་རྒྱུ་གཏན་འབེབས་བྱུང་འདུག

_1260811བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དོན་ཚན་བཞི་པའི་ནང་གསེས་དང་པོ་སྟེ། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏད་རེ་ཡུལ་གཅིག་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ་ཞེས་པ་དེ། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་བཅོལ་ཞུ་ཡུལ་གཅིག་ཉིད་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དང་བཀྲིན་གྱི་བདག་ཉིད་ཆེན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དུས་རྟག་ཏུ་སྤྱི་བོའི་གཙུག་ཏུ་བཀུར་ཞིང་། བོད་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་རྒྱུ་ཞེས་བསྐྱར་བཅོས་དང་། ནང་གསེས་བཞི་པ་གཞིས་བྱེས་རྒྱ་ཆེའི་བོད་མི་མང་ནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དགྲ་བོར་རྒོལ་འཛིང་གི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དྭང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཞེས་པ་དེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རང་བཙན་སླར་གསོའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་། མ་འོངས་བོད་མིའི་དཀའ་རྙོག་འགྲིག་འཇགས་ཀྱི་མཚམས་སུ་སླེབ་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་གཞིས་བྱེས་བོད་མི་མང་ཚོགས་ཀྱིས་མཐའ་མའི་ཐག་གཅོད་ཇི་བྱུང་ལ་གུས་བརྩི་རྒྱབ་སྐྱོར་ཞུ་རྒྱུ་ཞེས་བསྐྱར་བཅོས་རགས་ཟིན་ཚོགས་ཐོག་ཏུ་ཕུལ་ཏེ། ཚོགས་བཅར་བ་རྣམས་ཀྱིས་ཉིན་ཕྱེད་ཙམ་གྱི་རིང་གནད་དོན་དེ་གཉིས་ཀྱི་ཐོག་བགྲོ་གླེང་གནང་བ་བརྒྱུད་སྔ་མའི་ཚིག་དོན་རང་སོར་འཇོག་རྒྱུར་མང་མོས་གཏན་འབེབས་བྱུང་།

དེ་སྔོན་གོང་གི་གནད་དོན་གཉིས་ཀྱི་ཐོག་ནས་ས་གནས་ཁག་བརྒྱད་གཞོན་ནུའི་སྒྲིག་ཁུངས་ནས་ཕྱིར་ཐོན་ཡོད་པ་དང་། ཉེ་སྔོན་མོན་གྷོ་ས་གནས་དང་སྦང་ལོར་ས་གནས་གཞོན་ནུ་གཉིས་ཕྱིར་སྒྲིག་ཁུངས་སུ་འཛུལ་ཡོད་པ་ལྟར། ཚོགས་བཅར་བ་མོན་གྷོ་ས་གནས་གཞོན་ནུའི་དྲུང་ཆེ་བསྟན་འཛིན་དགེ་ལེགས་ལགས་སུ། སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་གཞི་གྲོས་འཆར་དེ་ལག་བསྟར་གཏན་འབེབས་མ་ཐུབ་པར་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། མོན་གྷོ་བསྐྱར་བཅོས་ཀྱི་གྲོས་གཞི་གྲོས་འཆར་ཟགས་པ་དེར་བློ་ཕམ་དང་སྦྲགས། ཐག་གཅོད་དེར་འདོད་པ་ཁྱོན་ནས་མ་བྱུང་། ཞེས་བརྗོད་བྱུང་།

དེ་བཞིན་ནིའོ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ལགས་ལ་དགོངས་ཚུལ་ཅི་ཡོད་དྲིས་པར། དང་ཐོག་སྒྲིག་གཞི་དོན་ཚན་བཞི་པའི་ནང་གསེས་དང་པོར་བསྐྱར་བཅོས་དང་། ནང་གསེས་བཞི་པ་དེ་རང་སོར་གནས་ཐུབ་ན་བསམ་ཡོད་ཀྱང་། དམངས་གཙོའི་འགྲོ་ལུགས་ཡང་དག་ཅིག་གི་ཐོག་ནས་ནང་གསེས་དང་པོ་དང་བཞི་པ་གཉིས་ཀ་རང་སོར་འཇོག་རྒྱུ་མང་མོས་ཐག་གཅོད་གནང་ཟིན་པ་དེར་རྒྱབ་སྐྱོར་ཡོད་པ་དང་། མ་འོངས་པར་སྒྲིག་གཞི་བསྐྱར་བཅོས་འདི་ཡང་བསྐྱར་ཕལ་ཆེར་འཁུར་ཡོང་མི་དགོས་སྐོར་བརྗོད་བྱུང་།

ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་དགུ་བཞག་ཡོད་པའི་གྲོས་ཆོད་དོན་ཚན་གསུམ་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
ཀ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། དེ་བཞིན་རྒྱ་གཞུང་གིས་མི་སེར་སྤེལ་བའི་ངན་ཇུས་དང་། གཏེར་ཁ་སྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབ་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར་ལ།

༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རང་བཙན་ཡིན་པའི་ཁུངས་ལྡན་ལོ་རྒྱུས་ངོ་སྤྲོད་དང་། བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས། དེ་བཞིན་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་མཐོར་གཏང་རྒྱུ་བཅས་ཀྱི་ཟབ་སྦྱོང་གནང་རྒྱུ།

༢༽ རྒྱ་དམར་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག གཙང་པོ་ཁ་བསྒྱུར། ཆུ་བོ་སྦག་བཙོག་སོགས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པར་གཞོན་ལྷན་དབུས་ས་གཉིས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་གསར་གཏོད་ཀྱི་ལས་འགུལ་སྤེལ་རྒྱུ།

ཁ༽ དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་དང་། ལྷག་པར་བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། ཞལ་ཆེམས་སྒྲུབ་ཐབས་ཇི་དགེའི་སྐོར།

༡༽ དགྲ་བོ་རྒྱ་དམར་གྱི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་ཉིན་གཅིག་དུས་གཅིག་ཏུ་དབུས་ས་ཐོུང་གིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།

༢༽ བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། ཞལ་ཆེམས་བསྒྲུབ་ཐབས་སུ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་འཐུས་མི་ཁག་ལ་དབུས་ས་གཉིས་ནས་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།

༣༽ རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་འོག་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡིན་ཟེར་བ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ལེན་རྩ་བ་ནས་མེད་པའི་གསལ་བསྒྲགས་སྔོན་སོང་ལྟར། ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་ཀྱང་དེར་ངོས་ལེན་རྩ་བ་ནས་མེད་པ་གསལ་སྟོན་དང་ནན་བརྗོད་བྱ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

ཀ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག །བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས། དེ་བཞིན་རྒྱ་གཞུང་གིས་མི་སེར་སྤེལ་བའི་ངན་ཇུས་དང་། གཏེར་ཁ་སྔོག་འདོན་སོགས་བོད་ཀྱི་ངོ་བོ་དང་ཁོར་ཡུག་ལ་ཉེན་ཚབ་ཆེ་བའི་ལས་གཞི་སྤེལ་བཞིན་པར་གཞོན་ལྷན་ནས་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།

༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རང་བཙན་ཡིན་པའི་ཁུངས་ལྡན་ལོ་རྒྱུས་ངོ་སྤྲོད་དང་། བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས། དེ་བཞིན་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་མཐོར་གཏང་རྒྱུ་བཅས་ཀྱི་ཟབ་སྦྱོང་གནང་རྒྱུ།

༢༽ རྒྱ་དམར་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག གཙང་པོ་ཁ་བསྒྱུར། ཆུ་བོ་སྦག་བཙོག་སོགས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པར་གཞོན་ལྷན་དབུས་ས་གཉིས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་གསར་གཏོད་ཀྱི་ལས་འགུལ་སྤེལ་རྒྱུ།

ཁ༽ དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་དང་། ལྷག་པར་བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། ཞལ་ཆེམས་སྒྲུབ་ཐབས་ཇི་དགེའི་སྐོར།

༡༽ དགྲ་བོ་རྒྱ་དམར་གྱི་བཙོན་ཁང་དུ་ཡོད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་ཉིན་གཅིག་དུས་གཅིག་ཏུ་དབུས་ས་ཐོུང་གིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།

༢༽ བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་། ཞལ་ཆེམས་བསྒྲུབ་ཐབས་སུ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་འཐུས་མི་ཁག་ལ་དབུས་ས་གཉིས་ནས་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།

༣༽ རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་འོག་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡིན་ཟེར་བ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ལེན་རྩ་བ་ནས་མེད་པའི་གསལ་བསྒྲགས་སྔོན་སོང་ལྟར། ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་ཀྱང་དེར་ངོས་ལེན་རྩ་བ་ནས་མེད་པ་གསལ་སྟོན་དང་ནན་བརྗོད་བྱ་རྒྱུ་ཡིན་པ་བཅས་རེད།

དེ་བཞིན་གྲོས་གཞི་དོན་ཚན་བཞི་པ་༸ གོང་ས་མཆོག་གི་སྐུ་ཕྱྭའི་སྐོར།

ཀ ༽ བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸ སྤྱི་ནོར་ ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་། བོད་མིའི་ཆིག་སྒྲིལ། བདེ་སྐྱིད་ཀྱི་གཞི་རྩར་སོང་། གཞོན་ལྷན་ནས་དེ་འབྲེལ་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར།

༡༽ རྒྱ་གར་དབུས་སའི་གཞུང་དང་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལྷན་ཁང་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་ནས་༸ རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ཐུགས་ཁུར་ཆེ་བཞེས་གནང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་བཀའ་དྲིན་རྗེས་དྲན་གྱི་ཡི་རངས་བསྔགས་བརྗོད་དང་། སྔར་ལྷག་འགན་འཁུར་དམ་དོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།

༢༽ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མི་མང་འདུ་འཛོམས་ཆེ་བའི་མཛད་སྒོ་ཁག་ལ་ཆིབས་བསྒྱུར་སྐྱོང་སྐབས་དང་། གསུང་ཆོས་སོགས་བཀྲིན་སྩོལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་། ཚོགས་མི་རྣམས་ནས་སྐུ་ཕྱྭའི་སྲུང་སྐྱོབ་ཆེད་དགོས་མཁོ་ཅི་མཆིས་ལ་འགན་ཁུར་ཞབས་ཞུ་སྔར་ལྷག་ལྷོད་མེད་བསྒྲུབ་རྒྱུ།

ཁ༽ དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་དགྲ་བོ་རྒྱ་དམར་དང་ངན་འབྲེལ་གྱི་སྐུའི་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བར་གདོང་ལེན་བྱ་ཕྱོགས་ཇི་དགེའི་སྐོར།

༡༽ ས་གནས་གཞོན་ལྷན་ཁག་ནས་མཁས་དབང་གདན་ཞུས་ཀྱིས་མི་མང་ནང་དོལ་རྒྱལ་གྱི་གནད་དོན་ཐོག་གསལ་བཤད་དང་གོ་རྟོགས་སྤེལ་རྒྱུ།

༢༽ གཞོན་ལྷན་དབུས་ས་གཉིས་ནས་ཧི་མ་ལ་ཡའི་ཁུལ་གྱི་ནང་པའི་མི་མང་ལ་དོལ་རྒྱལ་གནད་དོན་སྐོར་ལམ་སྟོན་གསལ་བཤད་ཀྱི་ཡིག་ཆ་གང་མང་འགྲེམ་སྤེལ་དང་གོ་རྟོགས་སྤེལ་རྒྱུ།

དེ་བཞིན་གྲོས་གཞི་དོན་ཚན་བརྒྱད་པ་གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།
ཀ༽ གཞོན་ལྷན་སྒྲིག་འཛུགས་མུ་མཐུད་སྲ་བརྟན་རྒྱུན་སྐྱོང་ཆེད་དབུས་ས་གཉིས་ནས་འགན་འཁུར་ལས་དོན་བྱ་ཕྱོགས་ཇི་དགེའི་སྐོར།

༡༽ དབུས་སྤྱི་ཁྱབ་རྒྱུན་ལས་ནས་ས་གནས་གཞོན་ནུ་ཁག་ལ་ངེས་པར་དུ་འཚམས་གཟིགས་བྱ་རྒྱུ་དང་། ཉམས་ཆག་སོང་བའི་ས་གནས་ཁག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།

༢ ༽ དབུས་ས་གཉིས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་སྔར་ལྷག་ཚགས་ཚུད་གོང་འཕེལ་ཡོང་ཐབས་སུ་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ཐོག་ཤུགས་སྣོན་འཕར་མ་རྒྱག་རྒྱུ།

ཁ༽ སྒྲིག་གཞི་སྐྱར་བཅོས། སྒྲིག་གཞི་ལེ་ཚན་བཞི་པའི་ནང་གསེས་ ༡༽དང་༤༽བཅས་ཀྱི་སྐོར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་ལེ་ཚན་བཞི་པའི་ནང་གསེས་ ༡༽ དང་ ༤༽ པའི་ཐོག་གྲོས་བསྡུར་ལྷག་པོར་གནང་བ་བརྒྱུད་སྐྱར་བཅོས་མི་དགོས་པ་མང་མོས་ཐག་གཅོད་བྱུང་བ་བཅས་རེད་ལ། དེ་བཞིན་ཆོས་དང་རིག་གཞུང་གཅེས་འཛིན་དང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐོག་དབུས་ས་གཉིས་ནས་སྔར་ལྷག་འབད་བརྩོན་གནང་རྒྱུ་ཡིན་སྐོར་གྲོས་ཆོད་བཞག་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese