མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུད་མེད་ལ་རྒྱལ་ཁབ་གཞན་གྱི་བུད་མེད་ལས་འགན་ཆེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡོལ་ཙམ་དུ། དྷ་ས་མཉམ་སྤྲོ་ཁང་(Club house)གི་ཡང་སྟེང་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་བསྐྱར་དུ་བཙུགས་ཏེ་ལོ་ངོ་ ༣༢ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་འགན་འཛིན་དང་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་མོང་གོ་ཊི་ཡ་ལགས། གཞན་ཡང་། དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་མི་གྲངས་ ༡༥༠ ཡས་མས་འཛོམས་འདུག
14330938_1296363587049318_1923133064_nདམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབ། བོད་པའི་ལུགས་སྲོལ་བྱས་ན་ང་ཚོ་རྒན་འཁོགས་ཡིན། ཁུག་ཀྱོག་ལ་ཁུ་སིམ་པོ་བྱས་ནས་འཇོག་རོགས་གནང་ཟེར་བ་ཞིག་ཡོད་པ་རེད། ཡིན་ནའང་། ང་རང་གིས་བསམ་པ་ཡིན་ན་ང་ཚོ་རྒན་འཁོགས་ཡིན་ཞེས་ཕར་སྡོད་པ་དང་། ཆུང་ཆུང་ཡིན་ཟེར་ནས་གུ་ཡང་བྱེད་པའི་དུས་ཚོད་ཅིག་རྩ་བ་ཉིད་ནས་མ་རེད་བསམ་གྱི་འདུག རྒྱུ་མཚན་གང་ཡིན་ཞུས་ན། ང་ཚོས་རྟག་པར་བོད་ནང་གི་གནས་སྟངས་སྐོར་ལ་བཀའ་མང་པོ་གནང་གི་ཡོད་པ་དང་། ད་ལྟ་གོང་དུ་བཀའ་གནང་བ་ལྟར་བོད་ནང་རང་ལུས་མེར་བསྲེགས་བཏང་བ་དང་འབྲོག་པའི་འཚོ་བར་དཀའ་ངལ་ཡོད་པ་སོགས་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་བཞིན་བཙན་བྱོལ་ནང་ཆ་བཞག་པ་ཡིན་ནའང་། འདས་པའི་ལོ་ ༥༠ ལྷག་གི་ནང་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་མི་རབས་རྒན་པ་མང་པོ་ཞིག་གིས་སྐུ་ལས་ཞེ་དྲགས་བསྐྱོན་ཡོད་པ་རེད། ང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྒན་པ་ཞིག་ཡིན་པའི་ཆ་ནས་སེམས་ནང་གང་ཡོད་པ་དེ་ཞུས་པ་ཡིན་ན། ང་ཚོས་བཙན་བྱོལ་ནང་ཕྱག་ལས་ག་རེ་གནང་བ་ཡིན་ནའང་དེ་ལ་ཡིད་ཆེས་ཀྱི་ཐོག་ནས་གནང་དགོས་ཀྱི་འདུག ལུས་ངག་ཡིད་གསུམ་གྱི་ཡིད་ཆེས་ཡོད་པ་དང་སོ་སོའི་རྒྱལ་ཁབ་ལ་ཤ་ཚ་ཡོད་པའི་ཐོག་ནས་གནང་དགོས་ཀྱི་འདུག་མ་གཏོགས་གནང་གི་ཡོད་པ་འདྲ་བོ་དང་། གནང་གི་མེད་པ་འདྲ་བོ་བྱས་ཏེ་སོ་སོའི་མིང་དང་ཁེ་ཕན་ལ་བལྟས་ནས་བྱེད་ཀྱི་ཡོད་པ་འདྲ་བོ་ཞིག་འདུག དེ་འདྲ་བྱས་ན་རྒྱལ་ཁབ་ཅིག་གི་རྩ་དོན་འགྲུབ་རྒྱུ་ཁག་པོ་རེད་འདུག ཅེས་གསུངས་སོང་།

ཡང་མོས་བོད་ཀྱི་བུད་མེད་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡ་རབས་བཟང་སྤྱོད་སོགས་ཀྱི་ཐོག་འགན་འཁུར་ཆེན་པོ་ལེན་དགོས་ལ། དེ་ཚོར་འགན་ལེན་མ་ཐུབ་པ་ཡིན་ན་རྒྱ་ཆེ་ས་ཡི་ཕྱག་ལས་མི་འགྲུབ་པ་མ་ཟད། སོ་སོའི་ལག་འོག་ཏུ་ཡོད་པའི་ལས་ཀ་རྣམས་ཀྱང་ཤོར་སོང་ཚེ་ཕངས་པོ་ཡིན་སྟབས། བོད་ཀྱི་བུད་མེད་ཚོས་ནང་གི་ལས་ཀ་རྣམས་འཐུས་མ་ཤོར་བའི་ཐོག་ནས་ཕྱིའི་ལས་ཀ་ལའང་ལྷག་བསམ་རྣམ་དག་དང་མངོན་ལྐོག་རྒྱབ་མདུན་མེད་པར་ཧུར་ཐག་བྱས་ཏེ། ཆེན་པོ་ཞིག་མ་འཇོན་པ་ཡིན་ནའང་མི་ཚེའི་ནང་འགྱོད་པ་མེད་པ་ཞིག་བྱེད་གལ་ཆེ་སྐོར་གསུངས་སོང་།

དེའི་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིན་མོང་གོ་ཊི་ཡ་ལགས་ཀྱིས། རྒྱའི་བཙན་གནོན་འོག་ཕྱི་ལོ་ ༡༩༥༩ ལོར་བོད་པ་རྒྱ་གར་ནང་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས། བོད་པས་ནཱ་མཱ་སི་དེ་(Namaste)ལབ་ཤེས་ཀྱི་མེད་པ་དང་། རྒྱ་གར་བས་བཀྲ་ཤིས་བདེ་ལེགས་ཙམ་ཡང་ལབ་ཤེས་ཀྱི་མེད་ཀྱང་། དང་ཐོག་ནས་གྲོགས་པོ་(Dosti) ཞེས་བོས་ཏེ་ད་ལྟའི་བར་དུ་གྲོགས་པོ་བྱས་ནས་༸གོང་ས་མཆོག་དང་བོད་མི་ཚོ་དྷ་རམ་ས་ལར་གནས་སྡོད་བྱེད་བཞིན་ཡོད་པ་དེས། ས་གནས་རྒྱ་གར་བའི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་བར་བཀའ་དྲིན་ཞུ་བཞིན་ཡོད་སྐོར་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གར་བུད་མེད་ཀྱི་ལྷན་ཚོགས་ཁག་དང་འབྲེལ་ལམ་ཡག་པོ་འཛིན་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

14281442_1296363580382652_188627942_nམཇུག་ཏུ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསུང་བཤད་དང་། དམངས་གཙོའི་དུས་ཆེན་ཉིན་མོར་བཀའ་སྤྱི་གཉིས་ནས་གསུང་བཤད་སྒྲོག་སྦྱངས་གནང་ཡོད་པ་དང་། ཆབ་སྲིད་ཀྱི་རྩ་འཛིན་ཡིག་ཆ་དེ་ང་ཚོས་གལ་ཆེ་ཤོས་ཏུ་བརྩི་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྒྲིག་འཛུགས་སོ་སོ་དང་ཚོགས་པ་སོ་སོ་ནས་གསུང་བཤད་སྒྲོག་སྦྱངས་ཞུ་ཡི་ཡོད་པ་ལྟར། དེ་རིང་འདིར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་ལས་དོན། ལྷག་པར་དུ་ང་རང་ཚོའི་འཐབ་རྩོད་ཀྱི་ཆབ་སྲིད་ངོ་བོ་གང་ཡིན་པ་དེར་གསུང་བཤད་ཀྱི་ནང་དོན་ཚན་ལྔ་ཅན་ཞིག་བཀོད་ཡོད་པ་དང་། དེ་ཡང་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་སྟབས། ང་ཚོས་འབོད་སྐུལ་ཞུ་ས་དང་རྒྱབ་སྐྱོར་ཞུ་ས་དེ་འཛམ་གླིང་རྒྱལ་སྤྱི་མ་གཏོགས་གཞན་སུ་གང་མེད་པར་བརྟེན། འབོད་སྐུལ་དོན་ཚན་དེ་ཚོ་ཞེ་དྲགས་རྣོ་ངར་ལྡན་པ་དང་དོན་དང་ལྡན་པ་ཞིག་རེད། ཡིན་ནའང་། དོན་ཚན་དེ་ཚོ་ཡིག་འབྲུའི་ངོ་བོའི་སྒང་ནས་ལྷག་པ་མ་ཡིན་པར་མ་འོངས་པར་ཡིག་ཆ་དེ་ཚོ་གཞིར་བཞག་སྟེ་འགུལ་སྐྱོད་ཐེབས་པ་ཞིག་དགོས་རེད། དེ་ཚོ་འཛམ་གླིང་ཡོང་ཁྱབ་ཏུ་ཕྱིན་རྗེས་ལམ་སང་འབྲས་བུ་སོན་རྒྱུ་ཡོད་པ་མ་རེད་ཀྱང་། དེ་ཚོ་རྩ་འཛིན་གྱི་ཡིག་ཆ་ཞིག་གི་ངོ་བོར་འཛིན་པའི་ཐོག་ནས་དོན་ཕན་གང་ཐུབ་ཐུབ་ཅིག་སོན་པར་འབད་བརྩོན་གནང་དགོས་པ་རེད། ཅེས་དང་། ཡང་ཁོང་གིས་བབ་བརླིང་བརྟན་གསུམ་གྱི་ཐོག་ནས་ལས་ཀ་བྱས་པ་ཡིན་ན་གྲུབ་འབྲས་ཐོན་ཐུབ་ལ། གཞན་གྱི་མཐོང་དང་མཉམ་ཞུགས་ཀྱང་རང་བཞིན་གྱིས་ཡོང་གི་ཡོད་སྐོར་དང་། རྒྱལ་ཁབ་གཞན་དང་བསྡུར་ན་བོད་ཀྱི་བུད་མེད་ཀྱི་འཐབ་རྩོད་དང་ལས་ཀའི་ངོ་བོ་ལོགས་ཀ་ཡིན་ལ། ལས་འགན་སོགས་རྦད་དེ་ཆེ་བ་ཡོད་སྐོར་གསུངས་སོང་།

མཛད་སྒོའི་ཐོག་བོད་དབྱིན་གཉིས་ཀྱི་ཐོག་ནས་དུས་དྲན་གྱི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་ཛ་དྲག་གི་འབོད་སྐུལ་དོན་ཚན་ ༥ བྱས་ཡོད་པའི་དང་པོ་ནི། རྒྱ་ནག་ལ་ནན་སྐུལ་དང་གནོན་ཤུགས་ཐོག་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གྲོས་མཐུན་བཏོན་གནང་བའི་དབུ་མའི་ལམ་གྱི་ཐོག་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་ཡང་བསྐྱར་བཀའ་མོལ་འགོ་འཛུགས་ཡོང་བ་ཞུ་རྒྱུ།

གཉིས། རྒྱའི་བཙོན་ཁང་ནང་ལོ་ངོ་ ༢༡ རིང་ལྷག་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གར་ཡོད་མི་ཤེས་པ་དེ་ཉིད་གང་མྱུར་གྲོལ་དཀྲོལ་ཡོང་ཆེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། འོན་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོས་ཞུ་འབོད་དང་གནོན་ཤུགས་ཐེངས་མང་གནང་ཡང་། རྒྱའི་དབང་འཛིན་པ་ཚོས་དེ་ལ་ཡ་ལན་སྤྲད་མེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྐྱར་དུ་རྒྱའི་དབང་འཛིན་པ་ཚོ་ལ་ནན་སྐུལ་ཞུ་རྒྱུར་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པའི་ཆ་ནས་ཁོང་ཚོ་ལ་དྲག་གནོན་མི་བྱེད་པར་ཞི་དུལ་དུ་གྱུར་བ་གནང་རོགས་ཞུ་རྒྱུ་ཡིན།

གསུམ། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཤར་ཕྱོགས་གསེར་རྟ་རྫོང་ཁུངས་བླ་རུང་སྒར་གྱི་དགོན་པས་གྲྭ་ཤག་ཧ་ལས་པའི་མང་པོ་གཏོར་བཤིག་གི་དཀའ་ངལ་དང་། དེར་བརྟེན་གྲྭ་བཙུན་རྣམས་རང་སྲོག་གཅོད་རྒྱུའི་གནས་སྟངས་ཧ་ཅང་ཛ་དྲག་བྱུང་རྐྱེན་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ནང་གི་དཔོན་རིགས་ཚོ་ལ་ཛ་དྲག་གི་མཚམས་འཇོག་དགོས་པའི་ནན་སྐུལ་ཤུགས་ཆེན་ཞུ་ཡི་ཡོད།

བཞི། མཉམ་འབྲེལ་རྒྱལ་ཚོགས་ལ་ནན་སྐུལ་ཞུ་རྒྱུར་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མགྱོགས་ཀློད་དཀྲོལ་ཡོང་བ་ཞུ་རྒྱུ་ཡིན།

ལྔ། ད་བར་རྒྱ་གཞུང་གི་བྱ་སྤྱོད་ལ་ཞི་དུལ་དུ་གྱུར་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ནས་ངེས་པར་དུ་ཕྱག་བསྟར་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་པ་བཅས་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. Aharru Jigwang says:
    ལོ་ 10 སྔོན།

    ༅༅། བཤད་རྒྱུ་མང་པོ་བཤད་སོང། འགོ་གཙོ་བར་ནས་བཤད་སོང།
    ཕན་འབྲས་དངོས་སུ་འདོན་རྒྱུ། ཤིན་ཏུ་རང་ནི་མི་འདུག་

    ཚོགས་ནས་ལྔ་བཅུ་ཕྱིན་སོང། བཤད་ནས་དྲུག་བཅུ་ཕྱིན་སོང།
    ཕན་མེད་སྟོང་བཤད་ཇི་བཤད། དུས་ཚོད་འཕྲོ་བརླག་ཡིན་འགྲོ།

    Reply
  2. guna says:
    ལོ་ 10 སྔོན།

    བུད་མེད་ཐོབ་ཐང་།ཁྱོ་ག་གཉིས་གསུམ་ཡང་འཚོལ་མཆོག་གི་འདུག་ལ།ཁ་ཆེ་ལྟར་གདོང་ལ་ཡིན་ཅི་རས་ཀྱི་སྦས་ཡང་དགོས་ཀྱི་མི་འདུག
    གཞུང་དང་སྒྲིག་འཛུགས་ཁག་ལ་ལས་ཞུ་མཆོག་པ་མ་ཟད།འོས་ཤོགནང་སྤྱི་འཐུས་དང་བཀའ་བློན་ལས་ཁུར་ཡང་བྱ་མཆོག་གི་འདུག
    དེ་ག་རེ་མི་འདུག་ཟེར་གྱི་ཡོག་རེད།རྒྱགས་དྲག་གི་ཡོག་རེད།སྐྱིད་དྲགས་ཀྱི་ཡོག་རེད།
    གཞན་དེ་མིན་བྱ་རྒྱུ་དང་ལབ་རྒྱུ་གང་མི་འདུག་གམ།

    Reply
  3. འདམ་སྐྱེས། says:
    ལོ་ 10 སྔོན།

    གོང་གསལ་རྒྱལ་ཚོགས་སོགས་ལ་འབོད་བསྐུལ་དོན་ཚན་ལྔ་ལས་དོན་ཚན་གསུམ་པའི་ནང་མ་ཡིག་ནང་དེ་ག་རང་ཡིན་དང་གསར་ཤོག་ནང་འགོད་སྐབས་གང་ཡིན་མ་ཤེས་ཀྱང་་་་བླ་རུང་སྒར་གྱི་དགོན་པས་གྲྭ་ཤག་ཧ་ལས་པའི་མང་པོ་གཏོར་བཤིག་གི་དཀའ་ངལ་དང་། ་་ཞེས་གཏོར་མཁན་དགོན་པ་ཡིན་བཟོ་ལྟབུ་དང་ཡང་་་་གྲྭ་བརྩུན་མང་པོས་རང་སྲོག་གཅོད་རྒྱུའི་གནས་སྟངས་ཧ་ཅང་ཛ་དྲག་བྱུང་རྐྱེན་་་ཐད་སྐབས་འདིར་བརྩུན་མ་གསུམ་ལས་གྲྭ་བས་རང་སྲོག་གཅད་པའི་གནས་ཚུལ་མ་ཐོས་པས་ཚོགས་པ་ཆེ་གྲལ་ན་ཡོད་པ་ཞིག་གི་གྲོས་ཆོད་ནང་འདི་བཞིན་འགོད་པ་ནི་རྒྱུན་དུ་ཐུགས་སྣང་མེད་པའམ་ཞེན་པས་མིན་ནམ་གང་ཡིན་མ་ཤེས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese