འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་སྦྱིན་པ་རྒྱ་མཚོ་ཕ་ཡུལ་འབོ་ར་ནས་ཡིན་པ་ཁོང་དང་། གྲྭ་སྨོན་ལམ་རྒྱ་མཚོ་ཕ་ཡུལ་ཅོ་ནེ་ནས་ཡིན་པ་ཁོང་རྣམ་གཉིས་ལ། རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་དང་། ཕྱི་ཕྱོགས་ལ་ཁྲིམས་འགལ་གྱིས་འདྲ་པར་སོགས་བསྐུར་བའི་ཉེས་མིང་འོག་ལོ་གཅིག་དང་ཕྱེད་རེའི་ཁྲིམས་ཐག་བཅད་ཡོད་འདུག
ཁོང་གཉིས་ཐོག་མ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པ་ཡས་མས་ཤིག་ལ་འཛིན་བཟུང་བྱས་ཡོད་འདུག་ལ། དེ་ལས་གཞན་ཁོང་གཉིས་ཀྱི་པར་སོགས་ཞིབ་ཁྲའི་གནས་ཚུལ་གང་ཡང་འབྱོར་མི་འདུག


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)


