མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་བའི་ཞུ་འབོད་ལས་འགུལ་མཚམས་འཇོག་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཇོ་ནང་བའི་སྐུ་ཚབ་ལྷན་ཚོགས་སྟེང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་སླར་ཡང་ཇོ་ནང་བར་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་གནང་ཡོད་འདུག

TibetTimes

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་། ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དུ། འདས་པའི་ཉིན་གཉིས་རིང་དཔལ་རྒྱལ་བ་ཇོ་ནང་བའི་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོ་ཚོགས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ལྷན་ཚོགས་སྟེང་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གཙོ་བྱས་ཏེ་རྒྱལ་ཁབ་འདྲ་མིན་གྱི་ས་གནས་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ་ ༣༠ ཙམ་འཛོམས་འདུག

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བརྗོད་དོན། ན་ནིང་ང་ཚོས་གྲོས་ཚོགས་ནང་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ལས་འགུལ་སྤེལ་པར་གྲུབ་འབྲས་ཡང་གང་ཡང་འཐོན་མེད་ཀྱང་། བཀའ་ཤག་དང་གྲོས་ཚོགས་ཀྱིས་སྐབས་དེའི་དགོས་འདུན་དོན་ཚན་ཁག་ལས་མང་ཆེ་བ་ཞལ་བཞེས་གནང་ཡོད་པ་དང་། ལྷག་པར་དུ་སྐུ་སྒར་ཡིག་ཚང་གི་དྲུང་ཆེ་རྣམ་པ་དང་དཔལ་རྒྱལ་བ་ཇོ་བའི་སྐྱབས་མགོན་མཆོག་གི་འབོད་སྐུལ་གནང་བར་བརྟེན་ཏེ་སྐབས་དེའི་ང་ཚོའི་ལས་འགུལ་མཚམས་བཞག་པ་རེད། ཡིན་ནའང་ང་ཚོས་ཇོ་ནང་བར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་རག་བར་ཞུ་འབོད་མུ་མཐུད་རྒྱུ་ཡིན་ཞེས་ཞུས་ཡོད།

ད་རེབ་ཕྱི་ཟླ་དགུ་བའི་གྲོས་ཚོགས་ནང་ང་ཚོས་སླར་ཡང་སྙན་ཞུ་ཞིག་ཕུལ་ནས་རེ་བ་རྒྱག་རྒྱུ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། ད་ལན་བཀའ་ཤག་གི་བཀའ་བློན་རྣམས་གསར་དུ་བསྐོ་བཞག་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱི་བརྒྱ་ཆ་ལྔ་བཅུ་གསར་བ་ཆགས་ཡོད་སྟབས། ང་ཚོས་ཁོང་རྣམ་པར་རེ་བ་ཆེན་པོ་ཞིག་བརྒྱབ་སྟེ། ང་ཚོར་དྲང་བདེན་གྱི་ཐོག་ནས་ཐག་གཅོད་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ད་ལན་གྱི་གྲོས་ཚོགས་ནང་གྲོས་ཆོད་གང་བྱུང་བ་དེ་གཞིར་བཟུང་ནས། ད་ལོའི་དུས་འཁོར་དབང་ཆེན་སྐབས་རྡོ་རྗེ་ལྡན་ནས་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་མ་འོངས་པར་ཇོ་ནང་བའི་ཞི་འབོད་ལས་འགུལ་ག་འདྲ་ཞིག་འགྲོ་དགོས་མིན་ཐག་གཅོད་རྒྱུ་རེད།

ང་ཚོ་ཇོ་ནང་བའི་ཞུ་འབོད་ལས་འགུལ་ཐད་བཙན་བྱོལ་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཞིག་བྱུང་ཡོད་ཀྱང་། ང་ཚོར་དེའི་ཐད་གསལ་བཤད་ག་རེ་ཞུ་རྒྱུ་ཡོད་ཟེར་ན། ང་ཚོ་ཇོ་ནང་གི་ངོས་ནས་ད་ལྟའི་བར་དུ་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་དང་ཁོང་ཉིད་ཀྱི་དགོངས་གཞི་དང་འགལ་བའི་ལས་འགུལ་སྤེལ་མྱོང་ཡོད་པ་མ་རེད་ལ། མ་འོངས་པར་ཡང་སྤེལ་སྲིད་ཀྱི་མ་རེད། ང་ཚོས་སྐྱབས་མགོན་རིན་པོ་མཆོག་གི་དཀའ་དགོངས་དང་དམངས་གཙོའི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་ཞི་འབོད་བྱེད་ཀྱི་ཡོད་པ་མ་གཏོགས། ང་ཚོས་རང་གཞུང་ལ་རྒྱབ་འགལ་གྱི་ཐོག་ནས་ངོ་རྒོལ་སྐད་འབོད་དེ་འདྲ་རྩ་བ་ནས་བྱེད་ཀྱིན་མེད། ཅེས་བརྗོད་བྱུང་།

ཐེངས་འདིའི་ལྷན་ཚོགས་སྟེང་གི་གྲོས་ཆོད་དོན་ཚན་ཁག་ཅིག་བཞག་ཡོད་པ་ནི། དང་པོ། རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་སྙན་ཞུ་སླར་ཡང་འབུལ་རྒྱུ་དང་། སྐུ་ཚབ་ཆ་བགོས་བྱས་ནས་གྲོས་ཚོགས་འཐུས་མི་རེ་རེའི་ལས་ཤག་ཏུ་ཆེད་བཅར་གྱིས་ཇོ་ནང་བའི་རེ་འདོད་སྙན་གསན་དང་ཡིག་ཐོག་སྙན་ཞུ་དངོས་འབུལ་ཞུ་རྒྱུ། གཉིས་པ། གྲོས་ཚོགས་ཚོགས་ཚོགས་དུས་གཉིས་པར་ཐག་གཅོད་མ་བྱུང་ཚེ། དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་དང་འབྲེལ་བའི་སྟེང་ལ་བགྲོ་གླེང་གནང་རྒྱུ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་འགྲོ་སོང་ཆེད་དཔལ་འབྱོར་མཁོ་སྒྲུབ་ཇི་ལྟར་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་གནང་རྒྱུ།

བོད་ནང་གཙོས་པའི་རྒྱལ་སྤྱིའི་ཐོག་གི་ཇོ་ནང་བ་ཡོངས་ལ་འབྲེལ་ལམ་བྱེད་སླད་སྔར་ཡོད་དང་བཅས་ས་གནས་ཁག་ ༢༠ ས་གནས་རྒྱུན་ལས་བསྐོ་བཞག་བྱས་ཡོད་པ་དང་། ས་གནས་ཁག་དང་རྒྱུན་ལས་རྣམས་ནི། ཨ་རིར་ཀུན་དགའ་ཆོས་འཕེལ་དང་དཀོན་མཆོག ཡུ་རོབ་ནང་ཐུབ་བསྟན་ཉི་མ་དང་བརྩོན་འགྲུས་དཔལ། ཡུ་རོབ་སུ་ལོ་བ་ཁའི་ཡར། བླ་མ་ཊིས་བྷོར། སུད་སིར་ས་པེ་ན། ཨུ་རུ་སུར་མེག་སེམ་དང་ཀར་ལོ་ཡི་ན། ཨོ་སི་ཊིར་ལེ་ཡར་གཡང་ཁོ་རྒྱལ། ཁེ་ན་ཊར་ཤེས་རབ་རྒྱ་མཚོ་དང་བསྟན་འཛིན་ལྷུན་འགྲུབ། ཐའེ་ཝན་ནང་། ཀུན་དགའ་མཆོག་སྒྲུབ་དང་མེས་མེས། འབྲུག་ཡུལ་དུ་སྤྲུལ་སྐུ་བློ་བཟང་། རྒྱ་གར་ལྷོ་ཕྱོགས་སུ་ཚུལ་ཁྲིམས་རྣམ་རྒྱལ་དང་ལྷ་སྐྱབས། མོན་ཡུལ་དུ་སྤྲུལ་སྐུ་གསུང་དབྱངས། བལ་ཡུལ་དུ་དཔལ་འབྱོར་དང་ཆོས་སྤྱིན། ལྡི་ལིར་འགྱུར་མེད། སིམ་ལ་དགོན་དུ་ཡོན་ཏན་རྒྱ་མཚོ་དང་པ་སངས་འཕྲིན་ལས། བལ་ཡུལ་དགོན་དུ་ཆོས་ཀྱི་ཉི་མ་དང་བཀྲ་ཤིས། དོལ་པོ་དགོན་དུ་བཀྲ་ཤིས་དོན་འགྲུབ། ཇོ་ནང་དུས་འཁོར་གྲྭ་ཚང་དུ་ཐབས་ཤེས་རྡོ་རྗེ་དང་ཆོས་ཀྱི་རྒྱལ་མཚན། མེའོ་གཞིས་ཆགས་ཆོས་འཕེལ་གླིང་དུ། བསྟན་འཛིན་ངག་དབང་། དྷ་སར་འཇམ་དཔལ་དང་ཆོས་ཀུན། སོག་པོར་མེ་ར་མགོན་པོ་དང་ལྷུན་ཏེ་བཅས་ཡིན།

གསུམ་པ། གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་དང་ལེན་བྱེད་ཐབས་མེད་པའི་ཐག་གཅོད་བྱུང་ན། སྙན་ཞུ་གཉིས་པ་ཞིག་འཕྲལ་དུ་ཕུལ་ནས་མ་འོངས་ལས་འཆར་སྙན་གསན་ཞུ་རྒྱུ་དང་། དེ་ནས་དུས་དབང་སྐབས་ཀྱི་ཇོ་ནང་ཚོགས་ཆེན་སྐབས་སུ་གྲོས་ཚོགས་ཀྱི་ཐག་གཅོད་ལ་བཀའ་བསྡུར་གྱིས་གྲོས་ཚོགས་ཚོགས་དུས་གསུམ་པར་ཞི་འབོད་ལས་འགུལ་སྤེལ་རྒྱུ། བཞི་བ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་སྟབས་བསྟུན། དབུ་མའི་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་དང་། གོ་སྒྲིག་བྱེད་ཕྱོགས་ལྷན་ཚོགས་ནས་སྐབས་བབ་ཐག་གཅོད་གནང་རྒྱུ། ལྔ་བ། སིམ་ལ་ཇོ་ནང་མ་དགོན་གྱི་ལས་ཐོག་མཁན་རིན་པོ་ཆེ་དང་། བལ་ཡུལ་ཇོ་ནང་དགོན་པའི་ལས་ཐོག་མཁན་རིན་པོ་ཆེ་རྣམ་གཉིས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སུ་བསྐོ་རྒྱུ་སོགས་ཐག་གཅོད་བྱུང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 7

  1. ཁ་བ་འབྲོག་པ། says:
    ལོ་ 10 སྔོན།

    བཟང་གི་ཡ།

    Reply
  2. བཙན་གྲོལ། says:
    ལོ་ 10 སྔོན།

    སྤྱིར་ན་ཆབ་སྲིད་གཅིག་གི་ནང་དུ་ཆོས་ལུགས་ཤིག་བཞུགས་རྒྱུ་ནི་ནོར་འཁྲུལ་རེད། རྒྱུ་མཚན་ནི་ཆོས་རིག་ལས་ཁུངས་ཤིག་ཡོད་བཞིན་དུ་ལོགས་སུ་སྤྱི་འཐུས་ནང་འཐུས་མི་ཞིག་ཡོད་དགོས་དོན་གང་ཡང་མེད། སྤྱི་འཐུས་གྲོས་ཚོགས་ར་བ་ནང་ཆོས་རྒྱུད་དག་གི་དུས་ནམ་ཡང་ཆོས་རྒྱུད་རང་རེའི་དཀའ་རྙོག་ཅིག་ནམ་ཡང་མེད་ལ། དེ་བས་ཆབ་སྲིད་ཀྱི་རྙོག་འཛིང་རྐྱང་རྐྱང་འཁྱེར་ཡོང་གིན་ཡོད། དེ་ཚོ་ནི་ང་ཚོ་ལ་དགོས་བ་མེད་པའི་བྱ་བ་ཞིག་རེད། མི་གཅིག་ལ་འོས་གཅིག་ལས་མེད་ཅིང་། གྲྭ་བཙུན་དག་ལ་ཆ་མཚོན་ན་མི་རེ་ལ་འོས་གཉིས་རེ་ཡོད། དེ་ནི་རྒྱ་སྤྱིའི་ཁྲིམས་དང་འགལ་བཞིན་ཡོད། ང་ཚོ་བོད་པ་ཚོའི་ཇུས་གཏོགས་བྱེད་ན་འདི་ཚོ་རིགས་ལ་བྱེད་དགོས་ཀི དེ་ལྟར་མ་བྱས་ན་ཆོས་རྒྱུད་རེ་རེ་ལ་ཐོབ་ཐང་རེ་རེ་དགོས་ཤིང་། ནམ་ཞིག་དོལ་རྒྱལ་དེ་ཚོའི་ཡང་ཐོབ་ཐང་དགོས་ཞེས་བཤད་མི་སྲིད་པ་མ་རེད། དེ་ཚོར་བསམ་བློ་གཏོང་རོགས།

    Reply
  3. ལྷ་སྤྱན་གསུམ་པ། says:
    ལོ་ 10 སྔོན།

    ཁ་ནས་འདྲ་མཉམ་གླེང་རྒྱུར་སྤྲོ་བའི་སྤུན་ཟླ་ཚོར་ད་དུང་ཡང་འདྲ་མཉམ་གྱི་མིག་ཟུང་མེད་པ་དེ་ག་རེ་ཡིན་ན། ལོ་རྒྱུས་ཆོས་འབྱུང་ལྟ་གྲུབ་གང་ཐད་ནས་ཀྱང་ལོགས་སུ་ཡོད་པའི་ཇོ་ནང་པ་འདི་ལ་ཡང་ཆོས་རྒྱུད་འདྲ་མཉམ་གྱི་ཐོབ་ཐང་མེད་པས་དཀའ་ངལ་འདི་བྱུང་བ་མ་རེད་དམ། ཀླད་པའི་ནང་ལ་རྩྭ་རྐྱེས་ནས་མེད་ན་དོན་འདི་མི་རྟོགས་པ་ཅི་ཞིག་ཡིན་ནམ། ད་དུང་འདི་ལྟར་ནང་ཁུལ་དུ་གཉའ་གནོན་བྱེད་པ་ཡིན་ན། ཁྲིམས་མཐུན་གྱི་ལམ་ནས་ཞི་འབོད་བྱེད་དང་བྱེད། ང་ནི་ནམ་ཡང་དྲང་བདེན་གྱི་ཕྱོགས་སུ་ཡོད།

    Reply
  4. ངག་དབང་བློ་གཏེར says:
    ལོ་ 10 སྔོན།

    སྔོན་བྱོན་དམ་པ་རྣམས་ཀྱི་ཆོསབརྒྱུད་ཆེན་པོ་བཞི་ཞེས་པ་དེ་ཡི་ནང་དུ་ཇོ་ནང་པ་ཚུད་ཡོད་དམ་མེད ཡོད་ན་ལོག་སུ་ཐོབ་ཐང་ཐང་རྩོད་ཡག་མེད་་་་་་་་ལོགས་སུ་ཡོད་དུས་ད་ལྟ་བར་ཏུ་ག་བར་འཛུལ་བསྡད་རེད་པས་ དུས་ད་ལྟ་བར་ཆབས་སྲིད་ལས་འགུལ་སྤེལ་ཡག་ཞིག་གོ་མ་སོང་རྗེས་སུ་སྤེལ་སྲིད་དམ་ཇོ་ནང་པས

    Reply
  5. Abharu Jigwang says:
    ལོ་ 10 སྔོན།

    ད་ཡིན་ན་བཀའ་རྒྱུད་ལ་སྡེ་བརྒྱད། བོན་པོ་ལ་སྡེ་གཉིས།་བོན་དཀར་དང་བོན་ནག་
    ས་སྐྱ་ལ་སྡེ་གསུམ་། དེའི་ཐོག་ཡེ་ཤུ་དང། ཁ་ཆེ་སོགས་སྡེ་ཡོད་ཚད་ལ་ཆོས་རྒྱུད་ཁུངས་སུ་
    བརྩི་ན་རྩ་བ་ནས་མ་འགྲིགས་། དེ་ལས་ཆོས་རྒྱུད་ཚང་མ་སྤྱི་ལྷན་ནས་མེད་པ་བཏང་དགོས་པ་རེད།

    Reply
  6. Abharu Jigwang says:
    ལོ་ 10 སྔོན།

    ༅༅། ཇོ་ནང་ནས་སླར་ཡང་ཆོས་རྒྱུད་ཐོབ་ཐང་གནང་རོགས་ཞེས་སྤྱི་ལྷན་ལ་ཞུ་སྙན་ཞིག་ཕུལ་སྐོར་བཤད་སོང་བ་
    དེ་ནི་དོན་མེད་སྲིད་དོན་རེད། མི་ལོ་༥༠ བརྒལ་བ་ཇོ་ནང་ཆོས་རྒྱུད་ཅེས་གོ་རྒྱུ་མེད་པར་ད་འུར་འདོན་གནང་བའི་
    དོན་རྐྱེན་གང་ཡིན་། ཆོས་རྒྱུད་མ་རྩོད་། ཆོས་ལ་བསླབ་པ་བསློབ་གཉེར་བྱེད་ནས་འགྲོ་དོན་མཛད་ན་ཡག་གི་རེད།
    དོན་མེད་འཇིག་རྟེན་ཆོས་བརྒྱད་ནང་ལ་འཛུལ་ནས་བག་ཆབས་བཞག་རྒྱ་གང་ཡོད།
    དེ་ནས་ཁ་ཆེ་དང། ཡེ་ཤུ། ཆོས་ལ་ཡིད་ཆེ་མེད་པའི་སྡེ་སོགས་ལའང་སྤྱི་ལྷན་ནང་སྐུ་སྟེགས་དགོས་སྐོར་བཤད་ཀྱི་རེད།

    Reply
  7. ལྷ་སྤྱན་གསུམ་པ། says:
    ལོ་ 10 སྔོན།

    བཙན་བྱོལ་གྲོས་ཚོགས་འདིར་བོད་ནང་ཁུལ་དུ་ཡང་འདྲ་མཉམ་གྱི་འཛིན་སྐྱོང་ཞིག་བྱེད་མི་ཐུབ་ཀྱིན་མི་འདུག་པས། བོད་དང་དབང་ག་འདྲ་
    ལེན་ཡ་ལ་རེ་བ་ཞིག་འེ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese