མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་མཚན་སྨད་ཞུས་ན་མི་འགྲིག་ལ། མཛད་དཀའ་བཟོས་ནའང་འགྲིག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་གསུམ་པའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསལ་བཤད་ཁག་ཅིག་གནང་སྐབས། སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་ཉམ་ཐག་དང་ནད་རིགས་སྔོན་འགོག་བཅས་སྤྱི་ཡོངས་འཕྲོད་བསྟེན་གྱི་ཐོག་བཀའ་སློབ་ནན་པོ་ཕེབས་པ་ལྟར། བཀའ་ཤག་ནས་གལ་ཆེན་པོར་བརྩིས་ཏེ་ཆེད་འཛུགས་ཚོགས་ཆུང་གཉིས་བཙུགས་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༧ ཉིན་ཉམ་ཐག་སྐོར་གྱི་ཞིབ་འཇུག་ཚོགས་ཆུང་དེས་སྙན་ཐོ་འབྱོར་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་སྤྱི་དང་གཙོ་བོ་ནད་རིགས་སྔོན་འགོག་སྐོར་གྱི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་དེའང་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་འབྱོར་ཡོད་ཅིང་། ཉམ་ཐག་ཚོགས་ཆུང་གི་སྙན་ཐོ་དེ་གཏིང་ཟབ་པོ་དང་དོན་ལ་ཕན་པ་ཞིག་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་སྐོར་གྱི་ཞིབ་འཇུག་ཚོགས་ཆུང་གིས་བོད་མིའི་གཞིས་ཆགས་༢༠ ལྷག་ཙམ་ནང་ཕེབས་ཏེ། ཞིབ་འཇུག་ཧ་ལས་བ་གཏིང་ཟབ་པོ་གནང་ཡོད་པ་དང་འབྲེལ། སྙན་ཐོའི་ནང་ཞིབ་འཇུག་གནང་མཁན་ཁོ་རང་ཚོར་དགོངས་ཚུལ་ག་རེ་བྱུང་བའང་བཀོད་ཡོད་པ་དང་། སྙན་ཐོ་འབྱོར་བ་གཞིར་བཟུང་ལས་རིམ་བང་སྒྲིག་སྟེ་འགྲོ་མུས་ཡིན་སྐོར་གསུངས་སོང་།

14454661_1126693647412718_901753528_nཡང་ཁོང་གིས་ཉེ་ཆར་ཡུ་རོབ་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་ལ་གསལ་བཤད་གནང་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་ཐོག རྒྱལ་ཁབ་ ༥༠ ནས་ཚོགས་བཅར་བ་ ༢༥༠ ཕེབས་ཡོད་པ་དང་། དེའི་ནང་རྒྱ་རིགས་ ༢༩ དང་། དེ་བཞིན་ཡུ་རོབ་མཉམ་འབྲེལ་གྱི་གནད་ཡོད་མི་སྣ་གཞུང་འབྲེལ་གྱི་ཕྱག་ལས་གནང་མཁན་དང་། དམིགས་བསལ་གྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཕྱག་ལས་གནང་མཁན་ཚོ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུང་བཤད་ཞེ་དྲགས་ཡག་པོ་གནང་ཡོད་པ་དང་། དེ་དང་མཉམ་དུ་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་གཞུང་འབྲེལ་གྱི་ཐོག་ནས་ཕེབས་ཏེ་ཆེ་མཐོང་ལྡན་པའི་གསུང་བཤད་གནང་ཡོད་ལ། ད་ལན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གཟི་བརྗིད་ལྡན་པ་ཞིག་ཆགས་དགོས་དོན་གཙོ་ཆེ་ཤོས་དེ་༧གོང་ས་མཆོག་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་ཡོད་པས་ཡིན་ལ། དབུ་འབྱེད་མཛད་སྒོའི་ཐོག་ཏུའང་ང་ཚོས་ཁོང་ཚོར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞུ་ཡི་ཡོད་ཀྱང་། གཙོ་བོ་ཁོང་ཚོས་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་ཞུ་ཡི་ཡོད་པ་དང་། ༧གོང་ས་མཆོག་གིས་གྲོགས་པོ་ཟེར་ན་འདྲ་ཐག་ཉེ་བོར་བརྩིས་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བར་དུ་རྒྱུན་མ་ཆད་པར་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་ཞུས་ཡོད་ལ། ༧གོང་ས་མཆོག་གི་བཀའ་སློབ་གཞིར་བཞག་པའི་ཐོག་ནས་སེམས་འགུལ་ཐེབས་པ་དང་སེམས་ཤུགས་འཕར་བ་ཞེ་དྲགས་ཡག་པོ་བྱུང་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་ཚོགས་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་ཡང་། ཚོགས་ཆེན་འཚོགས་པར་འགྲོ་སོང་ཨ་སྒོར་འབུམ་ ༣ གཏོང་དགོས་ཀྱི་ཡོད་པས་ལས་སླ་བོ་ཞིག་མེད་ལ། ད་ལན་ཚོགས་བཅར་བ་འགའ་ཤས་ཤིག་ལ་ཐོངས་མཆན་གྱི་ཐོག་ནས་དཀའ་ངལ་འཕྲད་པ་མ་གཏོགས་མང་ཆེ་བར་དཀའ་ངལ་འཕྲད་མེད་སྐོར་དང་། ད་ལན་ཚོགས་ཆེན་ཐོག་གི་གསལ་བསྒྲགས་དེ་གང་ལ་གང་འཚམ་ཤུགས་ཆེན་པོ་ཡོད་པ་དང་། དེའི་ནང་ནས་དམིགས་བསལ་གྱིས་དབུ་མའི་ལམ་དང་འབྲེལ་བའི་བོད་རྒྱ་ཞི་མོལ་སྐོར་ལ་ཕལ་ཆེར་ཐེངས་དྲུག་ཙམ་གླེང་ཡོད་པ་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་ཚོགས་ཆེན་ཐོག་གསུངས་ཏེ་ཕྱག་བརྡབས་ནས་རྒྱབ་སྐྱོར་བྱུང་ཡོད་པས་དེ་གལ་ཆེན་པོར་མཐོང་གི་ཡོད་ལ། ཨ་རིའི་གཞུང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་དུས་ང་ཚོས་ཏན་ཏན་དེ་གལ་ཆེན་པོར་རྩི་དགོས་པ་ལྟར་རྩི་ཡི་ཡོད་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་འཛམ་གླིང་ཐོག་ནས་༧གོང་ས་མཆོག་ལ་དད་གུས་བརྩི་བཀུར་ཤུགས་ཆེན་ཞུ་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། བོད་མིའི་ནང་༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་མཁན་ཉུང་ཤས་ཡོང་བཞིན་ཡོད་པ་དེ་ཚོར་བཀའ་ཤག་ལ་འགན་ཡོད་པ་ལྟར་མཐའ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་སྐོར་གསུངས་དོན། ཉེ་སྔོན་སྦེལ་ཇམ་ནང་ཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་བཅར་བའི་གོ་སྐབས་བྱུང་བ་དང་། ༧གོང་ས་མཆོག་ནས་སེམས་དང་སྲོག་གི་ཚན་རིག་མཁས་པ་ལྷན་དུ་བགྲོ་གླེང་གནང་ཡོང་སྐབས། བགྲོ་གླེང་ཐད་གཏོང་དྲ་རྒྱ་ལ་མི་འབུམ་ ༤ ཡིས་གཟིགས་ཀྱི་ཡོད་པ་རེད་ཟེར་དུས། ནང་ཆོས་ལ་ཆེ་མཐོང་དེ་ཙམ་ཡོད་པ་དང་། འཛམ་གླིང་གིས་དོ་སྣང་དེ་ཙམ་གནང་གི་ཡོད་པ། དམིགས་བསལ་གྱིས་ནང་པ་མིན་པ། ཆོས་ལ་དོགས་ཟོན་བྱེད་མཁན་གྱི་ཚན་རིག་མཁས་པ་ཚོས་དེ་ཙམ་གྱིས་དོ་སྣང་བྱས་ཏེ། ད་ལན་མི་འབུམ་ ༤ ཡིས་བསྟོད་བསྔགས་ཞུ་ཡོང་དུས་འཛམ་གླིང་ནང་༧གོང་ས་མཆོག་ལ་ཆེ་མཐོང་ཅི་ཙམ་ཞུ་ཡི་ཡོད་པ་དེ་གསལ་པོ་ཞེ་དྲགས་ཡིན་སྟབས། བོད་མི་ཚོ་ཧ་ལས་དགོས་པ་ཞིག་དང་དགའ་སྤོབས་བྱེད་དགོས་པའི་གནས་ཚུལ་བཟང་པོ་ཞིག་རེད། ཡིན་ནའང་། ཉེ་ཆར་བོད་མི་གསུམ་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེ་ཧ་ལས་བའི་བློ་ཕམ་པའི་གནས་ཚུལ་རེད། དེ་སྔོན་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་འཁྲུངས་སྐར་དུས་ཆེན་དང་ཉེ་སྔོན་དམངས་གཙོའི་དུས་ཆེན་ལའང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཞུས་པ་ཡིན། ངོ་རྒོལ་ཞུས་པ་དེར་ཁ་ཤས་ཀྱིས་ཁོ་རང་གིས་ཆེ་མཐོང་སྤྲད་པ་རེད། ངོས་འཛིན་བྱས་པ་རེད་ཅེས་བཤད་ཀྱི་ཡོད་ཀྱང་རྩ་བ་ནས་མིན། ངོ་རྒོལ་བྱེད་དགོས་ས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དེ་བཀའ་ཤག་གི་འགན་རེད། ༧གོང་ས་མཆོག་ལ་འཛམ་གླིང་གིས་དད་གུས་དང་བརྩི་བཀུར་དེ་འདྲ་བྱེད་ཀྱི་ཡོད་པ་རེད། བོད་ལ་༧གོང་ས་མཆོག་ལས་ལྷག་གིས་བཀའ་དྲིན་ཅན་ཞིག་མེད་པ་བརྗོད་མི་དགོས་པ་རེད། དགུང་ལོ་ ༡༦ ནས་བཟུང་ལོ་ ༦༠ ཙམ་རིང་སྐུ་ལས་དེ་འདྲ་བསྐྱོན་ཏེ་བོད་ཟེར་ན་རེད། ནང་ཆོས་ཟེར་ནའང་རེད། རྩ་དོན་ཟེར་ནའང་རེད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ད་ལྟའི་བར་དུ་གནས་ཐུབ་པ་དེ་ཁོང་གི་བཀའ་དྲིན་ཡིན་སྟབས། ཁོང་ལ་སྐྱོན་བརྗོད་ག་འདྲ་ཞིག་སུས་ཞུས་པ་ཡིན་ནའང་བཀའ་ཤག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་ཡི་ཡོད། དེང་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིན་ན་རེད། རྒྱ་གར་གྱི་སྲིད་འཛིན་མུ་དྷི་ཡིན་ནའང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ང་ཚོས་ག་རེ་བྱས་ནས་སྐྱོན་བརྗོད་བྱེད་མི་ཆོག་པ་རེད་ཟེར་མཁན་ཉུང་ཤས་ཤིག་འདུག་ཀྱང་། དེ་རྩ་བ་ནས་འདྲ་ཡི་མ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་གར་གྱི་སྲིད་འཛིན་སྲིད་བློན་ཚོས་ང་ལ་འོས་ཤོག་བླུགས་རོགས་བྱོས། ངས་ལས་ཀ་བྱ་རྒྱུ་ཡིན་ཞེས་སོ་སོ་ལངས་ཡོང་གི་ཡོད་པ་དང་། ལས་ཀ་མ་བྱས་ན་ཁོ་ཚོར་སྐྱོན་བརྗོད་བྱས་ན་འགྲིག་གི་ཡོད་པ་རེད། ༧གོང་ས་མཆོག་དགུང་ལོ་ཆུང་བའི་སྐབས་ལ་གདམ་ཀ་མེད་པའི་ཐོག་ནས་སྟག་འཚེར་གྲོང་གསེབ་ནས་ངོས་འཛིན་ཡིན་ཞེས་གདན་འདྲེན་ཞུས་ཏེ། བོད་མི་མང་གིས་དང་དུ་བླངས་ཏེ་ཁྲི་འདོན་བྱས་ནས་དབུ་འཁྲིད་གནང་རོགས་ཞེས་ཡར་ཞུས་བཞག་པ་ཞིག་རེད། དེ་གཅིག་པུས་མི་ཚད་པར་ཉག་ཕྲ་བའི་སྐབས་ལ་ཆབ་སྲིད་ཀྱི་སྐུ་དབང་བཞེས་རོགས་གནང་ཞེས་ཞུས་པ་དང་། དེ་ནས་བཙན་བྱོལ་དུ་འབྱོར་སྐབས་ང་ཚོར་ཅི་ཡང་མེད་པར་རིམ་གྱིས་རིམ་གྱིས་སྐུ་ལས་བསྐྱོན་ཏེ་འཛམ་གླིང་སྒང་ལ་བོད་པ་ཡིན་ཟེར་དུས་གདེང་སྤོབས་ཆེན་པོའི་ཐོག་ནས་འགྲོ་བ་དེ་ཁོང་གི་བཀའ་དྲིན་ཡིན་སྟབས། ཁོང་ལ་སྐྱོན་བརྗོད་ཞུས་པ་དང་སྲིད་འཛིན་གཞན་སུ་ལ་སྐྱོན་བརྗོད་ཞུས་པ་གཉིས་རྩ་བ་ནས་འདྲ་ཡི་མ་རེད། ཡང་འགའ་ཤས་ཀྱིས་གཏམ་བརྗོད་རང་དབང་རེད། གཏམ་བརྗོད་རང་དབང་ཡོད་ན་སྐྱོན་བརྗོད་བྱེད་ཆོག་པ་རེད་ཟེར་མཁན་ཡོད་ཀྱང་། དེའང་འདྲ་ཡི་མ་རེད་ཅེས་དང་། གཏམ་བརྗོད་རང་དབང་གི་ཐོག་ནས་ཡིན་ན་རེད། དམངས་གཙོའི་ཐོག་ནས་བཤད་པ་ཡིན་ནའང་རེད། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་རྒྱུ་ཡོད་པ་མ་རེད་ཅེས་ཞུ་ཡི་ཡོད་ལ། དེ་སྔར་ཞུས་ཡོད། ད་ལན་ཡང་ཞུ་རྒྱུར་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་མདོག་མདོག་བྱས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཡིན་ན་འགྲིག་གི་མ་རེད་ལ། སྲིད་སྐྱོང་ལ་སྐྱོན་བརྗོད་བྱས་པ་ཡིན་མདོག་མདོག་བྱས་ཏེ་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ནའང་འགྲིག་གི་མ་རེད། སྔོན་མ་ཡིན་ན་ང་ཚོས་རང་བཙན་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་ཡི་འདུག་ཟེར་གྱི་ཡོད་པ་རེད་ལ། དེ་འདྲ་ཡོད་པ་རེད། དེང་སང་༧གོང་ས་མཆོག་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་ཡང་ཡོད་པ་རེད། ༧གོང་ས་མཆོག་ལ་མཛད་དཀའ་ཞུ་རྒྱུ་ཡོད་པ་མ་རེད་ལ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ཡོད་པ་མ་རེད། ང་ཚོ་ཚང་མས་ཁོང་ལ་དད་གུས་བརྩི་བཀུར་ཞུ་དགོས་པ་རེད་མ་གཏོགས་སོ་སོའི་རྩ་ཆེ་བའི་རྩ་བའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ལ་མཚན་སྨད་ཞུས་པ་ཡིན་ན། མཐའ་གཅིག་ཏུ་དེ་སྔ་ནས་བཀའ་ཤག་གིས་ངོ་རྒོལ་ཞུས་ཡོད་ལ། མ་འོངས་པ་ལའང་ཞུ་ཡི་ཡིན། ཞེས་གསུངས་སོང་།

ཡང་གྲོས་ཚོགས་ནང་བཙན་བྱོལ་གྱི་མི་ལོ་ ༦༠ རིང་བོད་དོན་ལས་འགུལ་མང་པོ་སྤེལ་བར་དོན་འབྲས་སྨིན་ཡོད་མེད་ཐད་གླེང་སློང་བྱུང་བ་དེར་སྲིད་སྐྱོང་མཆོག་གིས། མི་ལོ་ ༦༠ རིང་ང་ཚོས་ལས་འགུལ་མང་པོ་སྤེལ་ཡོད་པ་དེར་གྲུབ་འབྲས་སྨིན་ཡོད་པ་རེད་དང་སྨིན་ཡོད་པ་མ་རེད་ཟེར་ན་ཏན་ཏན་སྨིན་ཡོད་པ་དེ་ཞུ་མ་དགོས་པ་རེད། ཡུ་གུར་དང་ནང་སོག་གི་མི་ཚོར་ཐུག་དུས། བོད་པ་ཚོར་ཡོད་པའི་སྒྲིག་འཛུགས་དང་དམངས་གཙོ་འདི་ལྟ་བུ་ཞིག་ཁོ་ཚོར་ཡོད་པ་ཡིན་ན་ཞེ་དྲགས་བྱེད་ས་རེད་ཅེས་བརྗོད་ཀྱི་འདུག་ལ། རྒྱ་ནག་གི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་རྒྱབ་ཤ་དཀར་པོ་འདོན་སྟངས་དང་། ཤིན་ཅང་གི་ཐོག་ལ་རྒྱབ་ཤ་དཀར་པོ་འདོན་སྟངས། དེ་བཞིན་ནང་སོག་ལ་རྒྱབ་ཤ་དཀར་པོ་འདོན་སྟངས་བཅས་ལ་བལྟས་ན། ནང་སོག་ལ་རྒྱབ་ཤ་དཀར་པོ་གཅིག་དང་ཤིན་ཅང་ལ་གཉིས། བོད་ནང་ལ་བཅུ་གཅིག་བཟོས་ཡོད་པ་དང་། གྲངས་ཉུང་མི་རིགས་ཞེས་རྒྱབ་ཤ་དཀར་པོ་བཏོན་པ་བཅས་བོད་ཀྱི་གནད་དོན་ཐོག་བསྡོམས་པའི་རྒྱབ་ཤ་དཀར་པོའི་དེབ་ ༡༣ བཏོན་ཡོད་པ་དང་། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་ཡོངས་ཀྱི་བརྩི་ཤོས་༧གོང་ས་མཆོག་ནས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན། རྒྱ་ནག་ཡིན་ནའང་བོད་ལ་ཆེད་དུ་མངགས་ནས་རྒྱབ་ཤ་དཀར་པོའི་དེབ་ ༡༣ བཏོན་དགོས་པ་དེ། ནུས་པ་ཐོན་པར་བརྟེན་ནས་བཟོ་ཡི་ཡོད་པ་རེད་མ་གཏོགས་ནང་སོག་ལྟར་ཡ་མ་བྱས་པར་བཞག་ནའང་འགྲིག་གི་རེད། ང་ཚོས་ལས་འགུལ་སྤེལ་བ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ལ་བརྩི་ཡི་ཡོད་པ་རེད་ལ། ང་ཚོས་ཀྱང་དཀའ་ལས་བརྒྱབ་སྟེ་ཕྲ་ལ་ཕྲན་བུ་ཕན་ཐོགས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྐོར་གསུངས་སོང་།

ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་འཁྲིད་གསར་དུ་བསྐོས་ཡོད་པའི་སྐོར་ལ་ཁོང་གིས། གསར་དུ་བསྐོས་པའི་ཝུ་ཡེན་ཅེ་ག་འདྲ་ཞིག་ཡིན་མིན་ཞིབ་ཕྲ་རིམ་གྱིས་བལྟ་རྒྱུ་རེད་ལ། རྒྱ་ཆེ་ནས་རྒྱ་ནག་སྤྱི་ཡོངས་ཀྱི་ཆབ་སྲིད་འགྱུར་ལྡོག་ལ་བལྟས་པ་ཡིན་ན། ཝུ་ཡེན་ཅེ་དང་མཉམ་དུ་རྒྱ་ནག་གི་མངའ་སྡེ་ལྔ་ཡི་མགོ་འཁྲིད་བརྗེ་བོ་བརྒྱབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་རྒྱ་ནག་གི་མགོ་འཁྲིད་ཚོར་འཕོ་འགྱུར་ཆེན་པོ་ཞིག་འགྲོ་ཡི་ཡོད་སྟབས། ནང་ཁུལ་དུ་ཆབ་སྲིད་ཚོགས་པའི་དབང་ཆ་འཐབ་རྩོད་འཁྲུག་པོ་ཞིག་འགྲོ་ཡི་ཡོད་པ་གསལ་པོ་ཡིན་ལ། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱང་འཕོ་འགྱུར་འགྲོ་རྒྱུ་ཡིན་ལུགས་རྗོད་ཀྱི་ཡོད་ལ། རྒྱ་ནག་སྤྱི་ཡོངས་ཀྱི་ནང་འགྱུར་བ་ག་རེ་འགྲོ་ཡོད་པ་དང་། དེས་བོད་ནང་ལ་འགྱུར་བ་ག་རེ་གཏོང་གི་འདུག་ལྟ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་སྐོར་དང་། བོད་ནང་མེ་འཁོར་ལྕགས་ལམ་མང་པོ་བཟོ་ཡི་ཡོད་པ་དེ་གཏེར་ཁ་སྔོག་འདོན་དང་ཡུལ་མི་དབོར་འདྲེན་སོགས་ཀྱི་ཆེད་དུ་ཡིན་པ་མ་ཟད། ལྕགས་ལམ་གྱི་སྤུས་ཚད་དེ་དམག་ཆས་དབོར་འདྲེན་གྱི་གནས་ཚད་ལྡན་པའི་ཐོག་ནས་བཟོ་ཡི་ཡོད་ལ། དེ་བརྒྱུད་ནས་ག་འདྲ་ཆགས་ཀྱི་ཡོད་མེད་དེ་དྲི་བ་ཆེན་པོ་ཞེ་དྲགས་ཤིག་ཆགས་ཡོད་པ་དང་། རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཚོ་ལའང་གནོན་ཤུགས་སླེབ་ཡོང་གི་ཡོད་པ་ལྟར། རྒྱ་གར་ནང་ལོགས་ལའང་རང་བཞིན་གྱིས་ཆབ་སྲིད་ཀྱི་འགྱུར་བ་ཡོང་བཞིན་ཡོད་པ་དང་བསྟུན། བོད་དོན་ཐོག་རིམ་གྱིས་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 4

  1. བསྟན་འཛིན། says:
    ལོ་ 10 སྔོན།

    སྲིད་སྐྱོང་གིས་གསུང་བཤད་ཡག་པོ་གནང་འདུག་ཡི་རངས་ཡོད།

    Reply
  2. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། སྲིད་སྐྱོང་མཆོག་ནས་མི་གཉིས་གསུམ་ནས་མང་གཙོ་རེད་ཟེར་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཆོག་
    གི་རེད་ཅེས་བརྗོད་པ་འགྲིག་གི་མ་རེད། མཛད་དཀའ་བཟོས་ན་འགྲིག་གི་མ་རེད་གསུངས་པ་བདེན་པ་རེད། ཨ་རི་དང་རྒྱ་གར་སྲིད་འཛིན་ལ་སྐྱོན་བརྗོད་བྱེད་པ་ལྟ་བུ་དཔེ་བཞག་པ་ནི་
    ཨ་ཕོའི་འཁྲབ་པ་དང་། ར་ཕོའི་འཁྲབ་པ་འདྲ་གི་མ་མེད།
    ཆུ་འཐུང་བ་དང་འོ་མ་འཐུང་བ་གཉིས་རྩ་བ་ནས་བྲོ་བ་ཁག་ཁག་རེད།
    མི་ཤེས་ཤེས་མདོག་དང། མི་འཇོན་འཇོན་མདོག་གི་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོ་སྙིང་རྗེ་།
    ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གཉིས་རང་རེད་།
    གཅིག་ནི་རྒྱ་གུང་བྲན་དང།གཉིས་པ་གུང་བྲན་རྒྱུགས་ཁྱི་དོལ་ཚོགས་ཀླད་ཆུང་ཉུང་ཤས་རེད། ཁག་མེད་ཉིན་ རེའི་འཚོ་བ་དང་ཐུག་ཡོད། ༧གོང་ས་མཆོག་ལ་མཚན་སྨད་ཞུས་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་་་དེ་ཡང་༧གོང་ས་མཆོག་གི་བཀའ་
    དྲན་རེད།

    Reply
  3. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། སྲིད་སྐྱོང་མཆོག་ནས་སྤྱི་འཐུས་གྲོས་ཚོགས་སུ་གསུང་བཤད་ཡག་པོ་ཞིག་གནང་སོང།
    ཐུགས་རྗེ་ཆེ་ཞུ་འདོད་བྱུང།

    Reply
  4. ཐོས་པ་དགའ། says:
    ལོ་ 10 སྔོན།

    སྲིད་སྐྱོང་མཆོག་གི་གསུང་བཤད་འདི་ཕེབས་པར། ༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱཱ་དང་ཁོང་གི་བཀའ་དྲིན་ཐུགས་ལ་བརྣག་པའི་སྤྱི་ཁག་ཅིག་གིས་རྒྱག་གཅིག་འཆོང་གཅིག་གིས་རྣོ་ངར་ལྡན་པའི་གཏམ་བཤད་དེ་ཚོ་ཉན་པས་སྤྲོ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese