མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བཀོད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་ཡུ་རོབ་ཁུལ་གྱི་ཟླ་ཕྱེད་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།

14379946_1126415510784019_5316266444035693388_oདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཕོ་ལན་ཌིའི་གྲོང་ཁྱེར་ཝ་རའོ་ཁི་ལོ་ (Wrocław) ནས་གཞུང་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཕེབས་སྐྱེལ་ཐོག་གྲོང་ཁྱེར་དེའི་གནམ་ཐང་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཉིན་གུང་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཡུ་རོབ་རྒྱལ་ཁབ་སྦེལ་ཇེམ་དང་ཧྥ་རན་སི། ཕོ་ལན་ཌི་བཅས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༩ ནས་ ༡༡ བར་སྦེལ་ཇེམ་རྒྱལ་ས་བྷར་སིལ་ (Brussels) གྲོང་ཁྱེར་གྱི་བྷོ་ཛར་སྒྱུ་རྩལ་ལྟེ་གནས་ཁང་ (Bozar Center for Fine Art) དུ“སེམས་དང་སྲོག་གི་ཞིབ་འཇུག་ཁང”གི་ཡུ་རོབ་ཡན་ལག་ཁང་གི་གོ་སྒྲིག་འོག་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་ཚན་རིག་དང་དཔལ་འབྱོར། ཆོས་ལུགས་བཅས་ཀྱི་མཁས་ལས་མི་སྣ་དང་ལྷན་དུ“ནུས་པ་དང་གཅེས་སྐྱོང”ཞེས་པའི་བརྗོད་གཞིའི་ཐོག་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་སྦག་ (Strasbourg) ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མར་ཊེན་ཤཱུལ་ཛི་ (Martin Schulz) མཆོག་གཙོས་པའི་ཡུ་རོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཐོར་བྷན་རྗག་ལན་ཌི་ (Thorbjørn Jagland) མཆོག་དང་། ཡུ་རོབ་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ནེལ་སི་མུ་ཛེ་ནེ་ཁི་སི་ (Nils Muižnieks) མཆོག་བཅས་ཀྱིས་ཕེབས་བསུ་ཞུ་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཧྥ་རན་སའི་སི་ཊར་སི་སྦག་ (Strasbourg) གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ལྟར། ཁུལ་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བསྩལ་བ་དང་། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ (Ethics Beyond Religion) ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་པ་རེད།

ཕྱི་ཚེས་ ༡༩ ཉིན་ཡུ་རོབ་རྒྱལ་ཁབ་ཕོ་ལན་ཌིའི་གྲོང་ཁྱེར་ཝ་རའོ་ཁི་ལོ་ (Wrocław) ནང་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་ཁུལ་དེའི་ལོ་རྒྱུས་དངོས་མཛོད་བསྟི་གནས་ཁང་དུ་ (Depot History Centre) དུ་འགྲེམས་སྟོན་གཟིགས་སྒོར་མཛད་པ་དང་སྦྲགས། བསྟི་གནས་ཁང་དེར“བཟོད་བསྲན་དང་འདུམ་འགྲིག” (Forgiveness and Reconciliation) ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད།

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་ཕོ་ལན་ཌིར་གནས་སྡོད་བོད་མི་དང་སོག་པོ་མི་གྲངས་ ༣༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྗེས། ཉིན་དེའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་སྲུང་གཙི་དང་སྟབས་བསྟུན། ༧གོང་ས་མཆོག་གྲོང་ཁྱེར་ཝ་རའོ་ཁི་ལོ་ (Wrocław) ནང་རྟེན་གཞི་བྱས་པའི་ཞི་བདེ་མཆོད་ཁང་ཆེན་མོའི་ (Church of Peace) དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཞི་བདེའི་འབོད་སྐུལ་གྱི་ཞུ་སྙན་ལ་མཚན་རྟགས་བཀོད་པ་དང་སྦྲགས། འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་དང་ཞི་བདེ་བསྐྲུན་ཐབས་སྐོར་ལ་བཀའ་སློབ་བསྩལ།

ཕྱི་ཚེས་ ༢༢ ཉིན་ཉིན་མགོན་པོ་གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་༧གོང་ས་མཆོག་དང་ཁོང་གི་གྲོགས་པོ་ཌ་སེ་མོན་ཌེ་ཀྲུ་ཀྲུ (TuTu) མཆོག་རྣམ་གཉིས་ཀྱིས་ལྷན་དུ་ལྗགས་རྩོམ་མཛད་པའི་ཕྱག་དེབ་<<བདེ་སྐྱིད་>><< The Book of Joy >>ཅེས་པ་དབུ་འབྱེད་དང་འབྲེལ་ཏེ། ཨ་རི་དང་དབྱིན་ཡུལ་གྱི་བརྒྱུད་ལམ་ཁག་གཉིས་ཀྱི་བཅར་འདྲིར་བཀའ་ལན་མཛད་ཡོད་པ་རེད།

ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༦ བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་བསྩལ་རྒྱུ་ཡིན་འདུག

 གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། གསར་འགོད་པ་པད་མ་རྒྱལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་གང་ལེགས་བྲིས་
    གནང་འདུག་པ་ཐུགས་རྗེ་ཆེ། མགོན་པོ་མཆོས་སྐུ་ཚེ་རབ་ཏུ་བརྟན་ནས་མཛད་འཕྲིན་ཉིན་ཟླ་བཞིན་རྒྱས་པར་ཤོག་།
    གངས་ཅན་ལྗོངས་ཀྱི་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་རྗེས་སུ་འཛིན་པ་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese