མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཚུགས་དང་དྲང་ཚུགས་མེད་ན་སྤྱི་ཚོགས་ནང་རང་མགོ་འཐོན་རྒྱུ་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ད་ཆར་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་པའི་ལག་ཆ་ཆེ་ཤོས་དེ་རང་ལུས་མེར་སྲེག་གནང་མཁན་ཚོའི་སྙིང་སྟོབས་དང་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སེམས་ཤུགས་ཡིན་སྐོར་གསུངས་སོང་།

ུཡཡཏདེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ཉེར་ལྔ་འཁོར་བ་དང་། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉིན་གཉིས་རིང་གི་ཚོགས་ཆེན་ཐེངས་བདུན་པ་བཅས་མགོ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་གཉིས་ཀྱི་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ལགས་ནས་<<དཀར་མཛེས་རྫོང་དུ་ཞི་རྒོལ་>>ཞེས་པའི་དེབ་ཅིག་དབུ་འབྱེད་གནང་དང་། དམིགས་བསལ་སྐུ་མགྲོན་ལགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་ལོ་རྒྱུས་རི་མོའི་བརྙན་དེབ་<<སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་>>ཞེས་པ་ཞིག་དབུ་འབྱེད་གནང་སོང་།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ཚོགས་པའི་ལངས་ཕྱོགས་དབུ་མའི་ལམ་ལ་བསྒྱུར་ཏེ་ཕན་ཐོགས་བྱུང་ཡོད་མེད་སྐོར་བརྗོད་དོན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོགས་དེ་སྐབས་སྔོན་མར་མང་མོས་ཀྱི་ཐོག་ནས་དབུ་མའི་ལམ་ལ་བསྒྱུར་བ་དང་། དེ་ལ་འགྱུར་ཚར་བའི་རྗེས་སུ་གནང་བའི་ཕྱག་ལས་གཅིག་དེ་ཕྱི་ལོ་ ༢༠༡༤ ལོར་བོད་རང་བཙན་དང་དབུ་མའི་ལམ་གྱི་བརྗོད་གཞི་ཞིག་གི་ཐོག་ནས་དྷ་རམ་ས་ལར་ཚོགས་པ་ཁག་དང་མཉམ་དུ་ལས་འགུལ་སྤེལ་གྱི་མིན་པ་དང་། སུམ་བཅུའི་དུས་དྲན་ནང་མཉམ་ཞུགས་བྱ་རྒྱུ་མིན་ཞེས་པ་དེ་རེད། དེ་མ་གཏོགས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་དབུ་མའི་ལམ་ལ་བསྒྱུར་ནས་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་ཞིག་སྤྲོད་དགོས་ཀྱི་ཡོད་ནའང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལྟ་བ་ལངས་ཕྱོགས་དབུ་མའི་ལམ་ལ་བསྒྱུར་བ་དེས་ཕན་ཐོགས་གང་ཡང་བྱུང་མེད་པ་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལྟ་བ་ལངས་ཕྱོགས་བསྒྱུར་བ་དེ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཀློད་གྲོལ་བཏང་མེད་པ་དང་། དེ་བཞིན་འགྱུར་བ་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཚན་སྨད་བྱེད་པ་དེ་ཡང་མཚམས་བཞག་མེད་པ་དང་། ཁོ་རང་མ་བསླེབས་པའི་སྔོན་གྱི་དགུ་བཅུ་གསུམ་གྱི་ལས་གཞིའི་ལས་ཤོག་ཆ་ཚང་ངོས་ལ་བོད་རང་བཙན་ཞེས་བྲིས་ཡོད་པ་དང་། བརྒྱད་བཅུ་གྱ་བདུན་གྱ་བརྒྱད་གྱ་དགུའི་སྔོན་ལ་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཡོད་མཁན་རྐྱང་རྐྱང་གིས་ཚོགས་པ་དེ་བཙུགས་ཏེ་ལས་འགུལ་སྤེལ་ནས་ཡོང་བ་དང་། ད་ཆར་བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་ཇུས་དང་། དེ་འདྲའི་འགྱུར་བ་ཞིག་གི་དབང་གིས་དགུ་བཅུ་གསུམ་གྱི་ལྟ་བ་ལངས་ཕྱོགས་ལའང་འགྱུར་བ་ཕྱིན་ཡོད་པ་དང་། དེ་ལ་བརྟེན་ནས་བཙོན་བྱོལ་སྤྱི་ཚོགས་ནང་ལ་ཕན་ཐོགས་ཡོད་མེད་མི་གསལ་བ་དང་། རྒྱ་ནག་གཞུང་ཕྱོགས་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་འབྲེལ་བའི་ཡ་ལ་བཙུགས་ནས་བཙོན་ཁང་ནང་བཅུག་བཞག་པའི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཀློད་མེད་པ་དང་། ད་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་ཁང་ནང་བཅུག་ཡོད་པ་ཧ་ལམ་སྟོང་ཕྲག་གཉིས་ལྷག་ཡོད་སྐོར་དང་། རྒྱ་ནག་གཞུང་ཕྱིའི་རྣམ་པའི་ཐོག་ནས་སྟོབས་ཤུགས་ཆེན་པོ་ཡོད་པའི་རྣམ་པ་ཞིག་ཡོད་ཀྱང་། བོད་མི་ཚོ་རང་དབང་རང་བཙན་གྱི་ཉིན་མོ་ཞིག་ཤར་ཐུབ་པའི་སེམས་ཤུགས་མ་ཆགས་པར་བསྡད་པ་ཡིན་ན། ད་ལྟ་རྒྱ་ནག་གཞུང་གི་ནང་ཁུལ་རྙོག་ཟིང་ལ་བལྟས་ཡོང་ན་སྲ་བརྟན་དུ་གནས་ཐབས་མེད་པ་ཞིག་གསལ་པོ་མཐོང་གི་ཡོད་པ་དང་། ང་ཚོས་ཆབ་བཙོན་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་ཡིན་ལ། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་པའི་ལག་ཆ་གཙོ་བོ་དེ་རང་ལུས་མེར་སྲེག་གནང་མཁན་ཚོའི་སྙིང་སྟོབས་དང་། ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སེམས་ཤུགས་བཅས་ཡིན་སྐོར་སོགས་བརྗོད་སོང་།

unnamedདམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས། ང་ཚོས་སོ་སོའི་མི་ཚེ་རྫོགས་རག་པར་དུ་བོད་ཀྱི་རྩ་དོན་ཐོག་ཧུར་ཐག་འབད་ཐག་བྱེད་དགོས་པ་དང་། ང་ཚོའི་སྤྱི་ཚོགས་ནང་དངོས་གནས་དྲང་གནས་དབུ་མའི་ལམ་གྱི་ཐོག་ལ་གོམ་པ་སྐྱོན་གྱི་ཡོད་པ་ལྟར། དབུ་མའི་ལམ་གྱི་ཐོག་ཕེབས་ནས་ད་ལྟའི་བར་གྲུབ་འབྲས་ག་རེ་སོན་ཡོད་པ་དང་། གྲུབ་འབྲས་གང་ཐོན་པ་དེའི་ཐོག་ལ་ག་རེ་བྱེད་དགོས་ཀྱི་འདུག་བལྟས་པ་ཡིན་ན། བོད་རྒྱ་ཞི་མོལ་དགོས་པ་དེ་ཞེ་དྲགས་གལ་ཆེན་པོ་ཡིན་པ་དང་། དེའི་ཐོག་ལ་ཞེ་དྲགས་བཤད་བསྡད་པ་ཡིན་ན། ཆབ་སྲིད་ཀྱི་སྐད་ཆ་འདྲ་བོ་ཆགས་འགྲོ་གི་ཡོད་པ་དང་། དེ་ཡང་ཁ་ནས་བཤད་པ་ཙམ་ལས་ལག་ལེན་མ་བསྟར་བ་ཡིན་ན། དེ་ལ་གྲུབ་འབྲས་འཐོན་གྱི་མེད་པ་དང་། དེ་བཞིན། ང་ཚོ་གཞན་གྱི་རོགས་དངུལ་ཁོ་ནར་མི་བརྟེན་པར་སོ་སོའི་རྐང་པའི་ཐོག་ནས་ལངས་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ནང་གི་ཕ་མ་དང་སྤུན་མཆེད་སུ་ཡིན་ནའང་། ང་རང་ཚོའི་བོད་ཡིག་བོད་སྐད་ལ་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མ་མཉམ་འབྲེལ་དང་མཐུན་སྒྲིལ་སྒོས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་དགོས་པའང་གལ་ཆེན་པོ་ཡིན་པ་དང་། མི་སྒེར་དང་ཚོགས་སྡེ་གང་ཡིན་ཡང་། སོ་སོའི་སེམས་ནང་དམ་ཚིག་བརྟན་པོ་ཡོད་པ་ཡིན་ན། ལས་དོན་ག་རེ་བསྒྲུབ་ཀྱང་དེ་ལ་དོན་འབྲས་འཐོན་སྐོར་སོགས་གསུངས་སོང་།

སདངངདེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་རྗེས་དང་ཁོང་གི་ཡང་སྲིད་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་ཀྱིས་མཚོན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སྐོར་ལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནང་གི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས། ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་ག་འདྲ་ཞིག་ཡོང་གི་ཡོད་ནའང་། དེ་ལ་འགན་ལེན་ཡོད་བསམ་པའི་ཐོག་ནས་འགལ་སྐྱོན་ཡོ་བསྲང་བྱེད་དགོས་སྐོར་དང་། རྒྱལ་སྤྱིའི་བཙོན་ཟུར་སྒྲིག་འཛུགས་ནང་ང་ཚོར་གོ་སྐབས་ག་རེ་ཡོད་པ་དེ་གཞི་ལ་བཞག་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་གྲོས་ཆོད་བཞག་པ་ཡིན་ན། རྒྱ་ནག་དང་བོད་རིགས་མི་མང་གང་ཡིན་ཡང་། དེ་ལ་མིག་ཆེན་པོས་ལྟ་དགོས་པ་ཞིག་དང་ཨམ་ཆོག་ཀྲོང་ཀྲོང་གིས་ཉན་དགོས་པ་ཞིག འཛམ་བུ་གླིང་གི་ཆབ་སྲིད་བཙན་ཟུར་ཚོ་ཡིན་ནའང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཆབ་སྲིད་བཙོན་ཟུར་གྱི་གྲོས་ཆོད་དེ་མིག་དཔེར་ལྟ་ས་ཞིག་བཟོ་དགོས་ཀྱི་ཡོད་པ་དང་། སྤྱིར་བཏང་སྒྲིག་འཛུགས་ཤིག་ཚུགས་རྒྱུ་དེ་ལས་སླ་པོ་ཡིན་ནའང་། དེའི་འཛིན་སྐྱོང་རྒྱུན་གནས་སྲ་བརྟན་ཡོང་རྒྱུ་ཁག་པོ་ཞེ་དྲགས་ཡོད་སྟབས། སྒྲིག་འཛུགས་ཀྱི་དམིགས་ཡུལ་གཞིར་བཟུང་གིས་གནས་དགོས་པ་དང་། དྲང་ཚུགས་དང་རང་ཚུགས་བརྟན་པོ་མེད་ན། སྤྱི་ཚོགས་ནང་གཞན་མགོ་ཐོན་རྒྱུ་ཕར་ཞོག་རང་མགོ་ཡང་འཐོན་རྒྱུ་ཁག་པོ་ཡིན་པ་དང་། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ག་འདྲ་སྙོབ་ཐབས་བྱེད་རྒྱུ་དང་ཁོང་ཚོའི་ནང་མི་ཚོར་ལྟ་རྟོག་ག་འདྲ་བྱེད་རྒྱུ། བཙན་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་རྒྱལ་སྤྱིའི་ཐོག་ག་འདྲ་ཞིག་ཁྱབ་བསྒྲགས་བྱེད་དགོས་མིན་བཅས་ཀྱི་ཐོག་ལ་ལས་ཀ་བྱེད་ཐུབ་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དངོས་མཚོན་པའི་འགྲེམས་སྟོན་ཁང་དང་དྲ་ཐོག་ནས་ཁྱབ་བསྒྲགས་རྒྱ་སྐྱེད་གཏོང་ཐབས་སོགས་ཀྱི་ཐོག་ལའང་འབད་བརྩོན་གནང་དགོས་པ་མ་གཏོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་གྲོས་ཆོད་རྫིག་པོ་དང་རྣམ་གྲངས་མང་པོ་བཞག་པ་ཙམ་མིན་པར། དེ་ལག་ལེན་དོན་འཁྱོལ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། གསུངས་རྒྱུ་མང་པོ་གསུངས་སོང། སྔར་བཞིན་ཤ་སྟག་བཤད་སོང།
    གྲུབ་འབྲས་འདི་ཡིན་ཐོན་རྒྱུ་མེད། ཐབས་ཤེས་འདི་ཡིན་བཤད་རྒྱུ་མེད།
    གང་བཤད་ཁ་སྟོང་ལག་སྟོང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese