མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ ༩༨ འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་། བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་དང་། དེའི་རྗེས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པ་ཤོག་ངོས་ ༡༥ ཡོད་པའི་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་སྙན་སེང་ཞུ་རྗེས། སྤྱི་འཐུས་ཁག་ཅིག་གིས་བདེ་སྲུང་བཀའ་བློན་མཆོག་ལ་དྲི་བ་དང་སོ་སོའི་དགོངས་འཆར་སོགས་བཏོན་ཡོད།

བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནི། བོད་མིའི་སྒྲིག་འཛུགས་ལ་ལྷན་ཁང་བདུན་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། བདེ་སྲུང་ལས་ཁུངས་ལ་གངས་སྐྱིད་ཀྱི་ལས་ཁུངས་ཨ་མ་དང་། མེག་ལོར་གྱི་བདེ་སྲུང་ཡན་ལག དེ་བཞིན། སྣེ་ལེན་ཁང་བཅས་སྡེ་ཚན་གསུམ་ཡོད། བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། བོད་ནས་གསར་དུ་འབྱོར་མཁན་དང་ཕྱིར་བོད་དུ་ལོག་མཁན། དེ་བཞིན། ཕྱི་རྒྱལ་ཁག་ཏུ་སྐྱོད་མཁན། སྐྱབས་བཅོལ་ལག་འཁྱེར་དང་ཕྱི་སྐྱོད་ལག་འཁྱེར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བདེ་འཇགས་དང་འབྲེལ་བའི་ལས་དོན་རིགས་སོགས་ཡིན།

བདེ་སྲུང་ལས་ཁོངས་ཀྱི་ལས་བསྡོམས་ནང་བཀོད་པ་ལྟར་ན། ད་ལོར་བོད་མི་ཕྱི་སྐྱོད་ལག་འཁྱེར་(IC)ཞུ་མཁན་མི་སྐྱ་ཕོ་མོ་ ༢༧༢༣ དང་། གྲྭ་བཙུན་ ༣༤༠ བཅས་ཁྱོན་བསྡོམས་ ༣༠༦༣ བྱུང་ཡོད་འདུག་ལ། ནང་མི་ཟླ་སྒྲིལ་ (Travel Document)ཡིག་ཆ་བཟོ་མཁན་ ༢༢ བྱུང་ཡོད་འདུག

ད་ལོར་བོད་ནས་ཕེབས་མཁན་ཁྱོན་བསྡོམས་ ༡༢༨༢ བྱུང་ཡོད་པའི་ཁྲོད་ཕྱིར་བོད་དུ་ལོག་མཁན་ ༡༡༩༤ དང་། བལ་ཡུལ་རྒྱ་གར་གཞུང་ཚབ་ནས་སྐྱབས་བཅོལ་དུ་སྡོད་ཆོག་པའི་ཡིག་ཆ་ཞུ་མཁན་ ༩༨ བྱུང་ཡོད་འདུག གཞན། རྒྱ་གར་ནས་བོད་ནང་གཉེན་འཕྲད་དུ་སྐྱོད་མཁན་ ༢༨༢ བྱུང་ཡོད་འདུག

རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་ ༡༠༤ དང་། བོད་ནས་ཕེབས་མཁན་ ༡༡༠ བཅས་ཁྱོན་བསྡོམས་ ༢༡༤ ལ་སྐྱབས་བཅོལ་ལག་དེབ་(RC)གསར་བཟོ་བྱས་ཡོད་འདུག དེ་བཞིན། སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་མཁན་ཁྱོན་བསྡོམས་ ༥༣༤ བྱུང་ཡོད་འདུག

ད་ལོར་ཕྱི་རྒྱལ་ནས་ཕྱིར་ལོག་ཐོངས་ཆན་(Return VISA)རྒྱབ་གཉེར་ཞུ་མཁན་ ༥༡༠ དང་། ཕྱི་རྒྱལ་འགྲོ་བའི་ཡིག་ཆ་(Exit Permit)ཞུ་མཁན་ ༩༦༦ བྱུང་ཡོད་འདུག

བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་འཐུས་ཚོས་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་དཔྱྭའི་སྐོར་ལ་དམ་ཡིད་གཟབ་སྔར་ལས་མཐོར་འདེགས་གནང་དགོས་སྐོར་དང་། ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་སྐབས་དོལ་རྒྱལ་བ་དང་རྒྱ་ནག་གཞུང་གི་ཆེད་མངགས་ངོ་རྒོལ་བ་ཚོར་དམ་དོན་འཐུས་ཤོར་མེད་པ་གནང་གལ་ཆེ་སྐོར་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese