མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་དངུལ་ཁང་འཛུགས་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ནང་བགྲོ་གླེང་མང་པོ་གནང་མཐར་བཀའ་ཤག་གིས་དམིགས་བསལ་ལས་བྱེད་ ༡༨ ལས་མ་མང་བ་ཞིག་ཐད་བསྐོ་གནང་ཆོག་པའི་སྒྲིག་གཞི་གཏན་འབེབས་གནང་སོང་།

IMG_5010བདུན་ཕྲག་སྔོན་མའི་ནང་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་འཁྱེར་ཡོང་སྟེ་གྲོས་ཚོགས་ལ་སྙན་སེང་ཞུས་པའི་ནང་། བཀའ་ཤག་གིས་དམིགས་བསལ་ལས་བྱེད་ ༡༨ ལས་མ་མང་བ་ཞིག་ཐད་བསྐོ་བྱེད་ཆོག་པའི་ལམ་ཁ་བཟོ་དགོས་ཚུལ་འཁོད་ཡོད་པའི་ཐོག སྤྱི་འཐུས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་ཏེ། གལ་སྲིད་བཀའ་ཤག་གིས་བློ་བུར་ཐོག་རྒྱག་ལ་ལས་བྱེད་དེ་འདྲ་ཞིག་བསྐོ་བཞག་བྱས་ན། དེ་སྔའི་གཞུང་ཞབས་ཐག་པ་རིམ་འཛེགས་བྱས་ཏེ་ཡོང་མཁན་མང་པོ་ཞིག་གི་གནས་རིམ་དང་ས་མིག་སོགས་བཀག་འགོག་བྱེད་སྲིད་སྐོར་དང་། བཀའ་ཤག་སྐབས་སྔ་མར་གྲོས་འདྲི་བ་དང་གྲོས་འདོན་པ་སོགས་མང་པོ་ཞིག་བསྐོ་བཞག་བྱས་པར་བརྟེན་ཏེ། སྲིད་སྐྱོང་ལ་ལབ་གླེང་སྣ་ཚོགས་བྱུང་ཚུལ་སོགས་བརྗོད་ཡོད་སོང་།

ཡང་སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་ལ་ངེས་པར་དུ་དེ་ལྟ་བུའི་ལས་བྱེད་ཁ་ཤས་ཀྱི་དགོས་མཁོ་ཡོད་ཚེ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་ནང་མི་འཇུག་པར། ཟུར་དུ་སྒྲིག་གཞི་གསར་པ་བཟོས་ཏེ་བསྐོ་བཞག་བྱ་རྒྱུ་དང་། ཡང་ན། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དེ་སྔའི་ཆོད་གན་ལས་བྱེད་ཀྱི་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། དུས་ཡུན་ཕར་འགྱང་གིས་དགོས་མཁོ་ཅན་གྱི་ལས་བྱེད་དེ་དག་ཆོད་གན་གྱི་ངོ་བོར་བསྐོས་ན་བཟང་ཚུལ་སོགས་བརྗོད་དེ་གཏན་འབེབས་བྱེད་ཐུབ་མེད།

དེ་རིང་ཕྱི་དྲོར་སླར་ཡང་སྤྱི་འཐུས་མང་པོ་ཞིག་གིས་དགོངས་འཆར་བཏོན་པ་ལྟར་ཁྲིམས་འཆར་དེའི་ནང་དོན་ལ་འགྱུར་བ་ཕྲན་བུ་བཏང་སྟེ། གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཏེ་འོས་བསྡུ་གནང་སྐབས་སྤྱི་འཐུས་ ༣༡ གིས་རྒྱབ་སྐྱོར་གནང་སྟབས་མང་མོས་ཐོག་ཐག་གཅོད་གནང་ཡོད་པ་རེད།

སྒྲིག་གཞི་བསྐྱར་བཅོས་དེའི་ནང་། “དམིགས་བསལ་དགོས་གལ་བྱུང་ཚེ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལྟར་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༣ མམ། ལས་བྱེད་མི་གྲངས་ ༡༨ ལས་མ་མང་བ་ལོ་དུས་རྒྱས་བཅས་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་ལས་བྱེད་འདེམས་ལྷན་དང་གོ་བསྡུར་གྱིས་ཐད་བསྐོ་ཆོག་རྒྱུ། ལས་བྱེད་དེ་རིགས་བཀའ་ཤག་སྐབས་སོ་སོའི་ལས་ཡུན་འཁྱུར་རྗེས་ཟླ་གསུམ་ནང་ཚུན་ལས་མཚམས་འཇོག་དགོས། དེ་དག་གི་ལས་འགན་དང་གནས་རིམ། ཕོགས་ཐོབ། ཁེ་ཕན་གཞན་བཅས་བཀའ་ཤག་གིས་གཏན་འབེབས་བྱ་རྒྱུ།” ཞེས་འཁོད་ཡོད་པ་རེད།

དེ་རིང་སྒྲིག་གཞི་བསྐྱར་བཅོས་དེའི་ཐོག་དྲི་བ་དྲིས་ལན་གནང་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྒྲིག་གཞི་བསྐྱར་བཅོས་དེའི་དགོས་མཁོའི་སྐོར་གསལ་བཤད་གནང་དོན། བཀའ་ཤག་སྐབས་སྔ་མས་གྲོས་འདྲི་བ་དང་གྲོས་སྟོན་པ་མང་པོ་ཞིག་བསྐོས་པ་དེར། དེ་ལ་སྤྱི་འཐུས་ལྷན་ཚོགས་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་བཅས་ཀྱིས་དེ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དང་མཐུན་གྱི་མི་འདུག་སྟབས། དེ་དག་ཁྲིམས་མཐུན་བཟོ་དགོས་ཀྱི་འདུག་གསུངས་པ་ལྟར། བཀའ་ཤག་གིས་ཁྲིམས་འཆར་འདི་འཁྱེར་ཡོང་བ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་སྒྲིག་གི་ཡོད་པ་རེད། ཨ་རིའི་ (USIAD)རོགས་དངུལ་འཐོན་གྲབས་ཡོད། རོགས་དངུལ་དེ་འཐོན་ན་ལོ་རྗེས་མར་ཨ་སྒོར་འབུམ་ ༥ དང་། དེ་ནས་ལོ་རེར་ཨ་སྒོར་ས་ཡ་ ༡ རེ་བུན་གཡར་བྱ་རྒྱའི་ལས་གཞི་སྤེལ་རྒྱུ་ཡིན། དང་པོ་ (NBFC)ཞེས་པའི་དངུལ་ཁང་འཛུགས་དགོས་ཀྱི་ཡོད་པ་རེད། ༢༠༡༨ ལོར་དངུལ་ཁང་འབྲིང་བ་ཞིག་འཛུགས་རྒྱུར་རྒྱ་གར་གཞུང་གིས་བཀའ་འཁྲོལ་གནང་གི་རེད། དེ་ལ་ལོ་གསུམ་རིང་ཞིབ་འཇུག་བྱས་ཚར་ཡོད་ལ། རོགས་དངུལ་ཡང་ཞུས་ཚར་བ་རེད། རོགས་དངུལ་འཐོན་གྲབས་ཡོད་པ་རེད། ད་ལྟ་ནས་གོམ་པ་སྤོ་དགོས་སྟབས། ང་ཚོར་དངུལ་ཁང་སྐོར་ཤེས་མཁན་སུ་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་དུ་ཡོད་པ་མ་རེད། ཨ་རི་དང་ཡུ་རོབ་སོགས་ནས་ཁྱད་ལས་པ་ཞིག་གདན་འདྲེན་ཞུ་དགོས་པ་ཡིན་ན། ཁོ་ལ་ཆེ་མཐོང་ཞིག་ཕུལ་དགོས་པ་རེད། དངུལ་ཁང་དེ་མ་བཙུགས་ན་རོགས་དངུལ་ཕོན་ཆེན་པོ་དེ་རེག་ཐུབ་རྒྱུ་ཁག་པོ་ཞེ་དྲགས་རེད།

དེ་སྔའི་བཀའ་ཤག་ཤིག་གིས་ཨ་རིའི་གཞུང་ལ་ཨ་སྒོར་ས་ཡ་ ༨ ཐེངས་གཅིག་གནང་རོགས། དེ་གནང་བའི་རྗེས་ལ་ཨ་སྒོར་གཅིག་ཀྱང་ཞུ་རྒྱུ་མིན་ཞེས་ཡིག་ཐོག་ནས་འཆར་གཞི་ཕུལ་འདུག སྒོར་མོ་གཅིག་ཀྱང་རེག་མི་འདུག དེ་བཞིན། ཡུ་རོབ་ལའང་ཕུལ་འདུག ཡུ་རོབ་ནས་རོགས་དངུལ་གནང་མཁན་གྱི་མཁས་པ་སྐད་བཏང་སྟེ་ཟབ་སྦྱོང་སྤྲོད་རོགས་ཞུས་པ་ཡིན། ཁོ་རང་གིས་ཡུ་རོབ་ལ་འཆར་གཞི་ཕུལ་བ་དེ་ཐེངས་གཅིག་ལ་ཕུལ་བ་རེད་མ་གཏོགས། ཐེངས་གཉིས་ལ་ཕུལ་ཡོད་ན་བོད་མིའི་སྒྲིག་འཛུགས་(Blacklist)བྱེད་ངེས་རེད་ལབ་སོང་། ཞེས་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. བོད་མི། says:
    ལོ་ 10 སྔོན།

    ད་ཡང་ཁོའི་གཉེན་ཉེ་དང་གྲོགས་པོ་ཚོར་ལས་ཀ་གོ་སྒྲིག་བྱེད་བསམ་གྱིན་ཡོད་པ་འདྲ།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    གསར་གཏོད་རེད་ལ་རང་ཁ་རང་གསོའི་ལམ་ཁ་ཕན་ཐོགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ན་འདོད།

    Reply
    • མི་འདོད། says:
      ལོ་ 10 སྔོན།

      ཁྱེད་བདེན་ན་ཡང་། འདས་པའི་ཉམས་མྱོང་དཔེ་མཚོན་ཙམ་ཞུས་ན། འཆར་འགོད་ལས་ཁུངས་ཀྱི་ལས་གཞི་ལམ་ལྷོང་ཇི་ལྟར་སོང་མིན་སྐོར་བསམ་ཞིབ་བགྱིས་དང་། འཆར་འགོད་ལས་ཁུངས་སུ་༡༩༩༠ ཙམ་གྱི་སྐབས་ཨ་རོ་རོགས་རམ་དངུལ་ཕོན་ཆེན་པོ་འབྱོར་ཡོད། འཆར་ལས་ཁང་ནས་དངུལ་འབོར་ཕོན་ཆེན་ཞིག་མི་ལ་བུ་ལོན་བཏང་བ་སོགས་བྱུང་བ་ནས་དངུལ་ཕྱིར་སྤྲད་པ་ག་ཚོད་བྱུང་ཡོད། དེ་བཞིན་དཔལ་འབྱོར་ལས་ཁུངས་ནས་ཀྱང་དངུལ་བུན་ཕོན་ཆེན་ཞིག་གཏའ་མའི་ཐོག་སྤྲད་པ་རྣམས་ཀྱི་གནས་སྟངས་ག་བ་སླེབས་པ་དང་དེའི་རྒྱུ་མངའ་ཉམས་མྱོང་ལ་བརྟེན་གནས་སྟངས་ག་རེ་འཕྲད་ཡོད། དེ་ལྟའི་བྱུང་རིམ་ལ་ཕྱིར་ཞིབ་ཀྱིས་རང་རིགས་སྤྱི་ཚོགས་ཀྱི་དངུལ་ཁང་འཛུགས་རྒྱུ་དེ་དུས་ཡུན་ག་ཚོད་རིང་གནས་ཐུབ་བམ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese