མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ལེ་ ༣༠༠༠ ལ་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ཁྱབ་བསྒྲགས་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་གྲངས་བཅུ་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་རམ་ས་ལ་བར། སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་བའི་ནང་སྦག་སྦག་བདུན་དང་ལས་འགུལ་བ་ ༡༢ མཉམ་ཞུགས་གནང་ཡོད་པ་རེད།

IMG_1626དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་ཐང་དུ། དྷ་རམ་ས་ལའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སྦེལ་ལ་ཀོ་པེ་དབུ་མའི་ལམ་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་གནང་བའི་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ཁྱབ་བསྒྲགས་ལས་འགུལ་བ་རྣམས་ལ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།

མཛད་སྒོ་དེའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དྷ་ས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། དེ་བཞིན། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སློབ་སྟོན་པ་དང་རྒྱུན་ལས་ཟུར་བ། དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་གཙོ་དང་སྐུ་ཚབ། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ཕེབས་ཡོད་པ་རེད།

ད་ནང་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་། དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་བདུན་ཏེ། དྷ་རམ་ས་ལའི་མདོ་སྟོད་ཆུ་བཞི་སྒང་དྲུག་ཚོགས་པ་དང་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། མངའ་རིས་སྤྱི་མཐུན་ཚོགས་པ་དང་། དབུས་གཙང་ཆོལ་ཁའི་རྒྱུན་ལས་ཁང་། དེ་བཞིན། དྷ་སའི་ཚོང་ཁང་སྐྱིད་སྡུག་བཅས་ཀྱི་སྐུ་ཚབ་ཚོས་ངྷ་ཤོད་ནས་ཕེབས་བསུ་གོ་སྒྲིག་ཞུས་ཡོད་པ་རེད།

ཚོགས་ཐོག་ཏུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ངོ་སྤྲོད་གནང་དོན། དབུ་མའི་ལམ་མི་མང་ལས་འགུལ་ཁང་འཛུགས་དོན་གཙོ་བོ་ང་ཚོ་རྒྱ་ཆེའི་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཏེ་མི་མང་བརྒྱ་ཆ་དགུ་བཅུས་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བཙུགས་པ་ཞིག་དང་། དེ་རྒྱལ་བ་རིན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་རེད་ཟེར་ནས་འགན་མ་ཁུར་བའི་ཐོག་ནས་རང་དགར་བཞག་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། ལྷག་པར་དུ་ཉིས་སྟོང་བརྒྱད་ཀྱི་སྔོན་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཡིན་ན་རེད། མང་ཚོགས་ནང་ཡིན་ན་རེད། དབུ་མའི་ལམ་ཟེར་བ་དེ་རྒྱ་ནག་གཞུང་གིས་གང་སྤྲད་པ་དེ་མ་གཏོགས་ཞུ་གཏུག་དང་སྐད་འབོད་ལས་འགུལ་གང་ཡང་སྤེལ་རྒྱུ་མེད་པའི་སྐད་ཆ་བྱུང་བ་དང་། ལྷག་པར་དུ་ཤེས་ཡོན་མེད་པའི་མི་མང་དཀྱུས་མ་མང་པོ་ཞིག་གི་ནང་དུ་དབུ་མའི་ལམ་ཟེར་བ་དེར་ཞེ་དྲགས་གང་ཡང་བྱེད་རྒྱུ་མི་འདུག་བསམ་པ་དེ་འདྲ་བཤད་མཁན་ཡོང་གི་ཡོད་པ་རེད་ལ། སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་གོ་བ་ལོག་འགྲེལ་རྒྱག་པ་དང་། དངོས་འབྲེལ་གནས་ཚུལ་མ་ཤེས་པ། དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་ཚོས་གནད་དོན་དེའི་ཐོག་ངེས་པ་མ་བརྙེད་པ་བཅས་ཀྱི་གནས་ཚུལ་ལ་གཞིགས་ཏེ། མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་གླེང་སྟེགས་སྟེང་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གླེང་སློང་ཡོང་རྒྱུ་བཅས་ཀྱི་ཆེད་དུ་ཕྱི་ལོ་ ༢༠༠༨ ཟླ་ ༢ བར་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཙུགས་པ་དང་། དེ་ཡང་ཐོག་མ་ཕྱི་ལོ་ ༢༠༠༦ ཟླ་ ༩ པའི་གྲོས་ཚོགས་སྐབས་སུ་བཀའ་མོལ་བྱུང་བ་རེད། འདས་པའི་ལོ་ངོ་ ༡ ལྷག་རིང་གྲོས་བསྡུར་གང་མང་བྱས་ཏེ་དབུ་མའི་ལམ་ལས་འགུལ་ཁང་འདི་བཙུགས་ཏེ་ད་བར་ལོ་བརྒྱད་དགུའི་རིང་ལས་འགུལ་གང་མང་ཞིག་སྤེལ་ཡོད།

བོད་པའི་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་གྱི་ཚོགས་པ་འདྲ་མིན་ཡོད་ནའང་དབུ་མའི་ལམ་གྱི་སྲིད་ཇུས་དེ་རྒྱལ་བ་རིན་པོ་མཆོག་གི་དགོངས་གཞི་རེད། དབུ་མའི་ལམ་མི་མང་ལས་འགུལ་ཁང་བཙུགས་པའི་རྗེས་སུ་ཡིན་ནའང་། ས་གནས་ཁག་མང་པོ་ཞིག་གི་ནང་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གོ་རྟོགས་ལས་འགུལ་མང་པོ་སྤེལ་བར་བརྟེན་ནས། རྒྱ་ཆེའི་མི་མང་ནང་དབུ་མའི་ལམ་གྱི་སྐོར་ཤེས་རྟོགས་གང་འཚམ་བྱུང་ཡོད་སྟབས། དབུ་མའི་ལམ་མི་མང་ལས་འགུལ་ཁང་བཙུགས་པའི་དགོས་དམིགས་གཞིར་བཟུང་གིས་མང་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་དང་རྒྱལ་བ་རིན་པོ་མཆོག་གི་དགོངས་གཞི་དངོས་དེ་ཞུ་ཐུབ་པ་བྱུང་ཡོད་བསམ་པའི་སྤོབས་པ་དང་ཡིད་ཆེས་ཡོད། ཅེས་བརྗོད་སོང་།

IMG_1659དེའི་རྗེས་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུངས་དོན། འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ན། འདས་པའི་ལོ་ངོ་ལྔ་བཅུ་དྲུག་བཅུ་ལྷག་ཟིན་ཙམ་འགྲོ་བཞིན་ཡོད་པ་རེད། བོད་ས་ཤོར་བ་དང་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ནང་ཆིབས་སྒྱུར་གནང་བའི་གནས་སྟངས་ཀྱི་ཐོག་ནས། ང་ཚོས་གཙོ་བོ་བོད་ནང་བོད་མི་ཚོའི་གནས་སྟངས་དང་རྒྱལ་ཞེན་གྱི་ཆབ་སྲིད་གནས་བབ། དེ་བཞིན། རྒྱལ་བ་རིན་པོ་མཆོག་ནས་དགོངས་གཞི་མང་པོ་བཞེས་པའི་ཐོག་ནས་བཙོན་བྱོལ་མིའི་སྒྲིག་འཛུགས་ལ་འགན་འཁུར་མཁན་རྣམ་པ་ཚོར་གོ་བསྡུར་རིམ་པར་བཞེས་པ་དང་། བཙོན་བྱོལ་མི་མང་ལ་གོ་བསྡུར་བཞེས་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱུང་བ་ལྟར། ང་ཚོས་དངོས་སུ་ལག་བསྟར་བྱས་པའི་ཐོག་ནས་གྲུབ་འབྲས་ཀྱང་ཆེན་པོ་ཐོན་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོ་བོད་མིའི་སྒྲིག་འཛུགས་ཡིན་ན་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ཡིན་ན་རེད། ད་ལྟའི་བར་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་མོལ་བྱེད་པའི་ཐབས་ལམ་འདྲ་བོ་ཞིག་བརྒྱུད་ནས་འབྲེལ་མོལ་ཐེངས་དགུ་ལྷག་བྱུང་ཡོད་པ་དང་། དེར་བརྟེན་དབུ་མའི་ལམ་གྱི་སྲིད་ཇུས་དང་བོད་མིའི་སྒྲིག་འཛུགས། ཆོད་སེམས་བརྟན་པོས་ཐོག་ནས་འབྲེལ་མོལ་བྱེད་ཐུབ་པར་ང་ཚོས་ཡིད་ཆེས་ཞུ་བཞིན་ཡོད་ནའང་ཡིད་ཆེས་ཞུས་པ་ཙམ་གྱིས་མི་འགྲིག་པར། གཙོ་བོ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་གནས་བབ་ལ་འགྱུར་བ་འགྲོ་བའི་ཐབས་ལམ་འཚོལ་རྒྱུ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲོག་འོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེའི་ཐོག་ནས་བོད་དོན་ཁྱབ་བསྒྲགས་གཏོང་རྒྱུ་དང་། བོད་མི་ཚོ་སེམས་ཤུགས་མ་ཆགས་པར་མུ་མཐུད་བོད་དོན་ལས་འགུལ་རྒྱུན་འཁྱོངས་བྱེད་རྒྱུ། ང་ཚོའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཅིག་ཡིན་དུས། བདེན་པའི་འཐབ་རྩོད་དེ་བདེན་པའི་གནས་སྟངས་ལ་འཇོག་དགོས་ཀྱི་ཡོད་སྟབས། དེ་ལ་རྒྱབ་སྐྱོར་གནང་མཁན་གྱི་ངོས་ནས་ཡིན་ནའང་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་བ་དེ་འདྲའི་ཐོག་ནས་རྣམ་པ་ཚོས་བོད་དོན་དང་བོད་མིའི་གནས་སྟངས་ཁྱབ་བསྒྲགས་གནང་བ་དང་། དེ་བཞིན། ཆོད་སེམས་བརྟན་པོའི་ཐོག་ནས་དེ་རིང་གི་དུས་ཚོད་འདི་ཟིན་པའི་ཐོག་ནས་མཇུག་སྡོམ་གནང་ཐུབ་པ་བྱུང་བར་ཧ་ཅང་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། བོད་མིའི་གནས་སྟངས་ལ་བལྟས་ཡོང་དུས། ང་རང་ཚོའི་ཆོས་དང་རིག་གཞུང་། ཆབ་སྲིད་དང་སྐད་ཡིག་གང་གི་ཐོག་ནས་བལྟས་བ་ཡིན་ནའང་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་པར་བརྟེན། ང་ཚོ་སེམས་ཤུགས་མ་ཆགས་པའི་ཐོག་ནས་མུ་མཐུད་བོད་དོན་ལས་འགུལ་རྒྱུན་འཁྱོངས་གནང་དགོས་པ་དང་། དེ་ལས་གལ་ཆེ་བ་ཞིག་ནི་༧སྐྱབས་མགོན་རིན་པོ་མཆོག་གི་དགུང་གྲངས་ཡིན་ནའང་གང་འཚམ་མཐོན་པོར་བསླེབས་བསྡད་ཡོད་དུས། ང་ཚོས་དེ་ལ་དགོངས་པ་ཟིན་པའི་ཐོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་བོད་དོན་ཟེར་དེ་ལ་ཐུགས་རྗེ་ཞིག་གནང་དགོས་ཀྱི་འདུག་ཟེར་བ་ཞིག་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟའི་གཉན་འཕྲང་གི་དུས་སྐབས་འདི་ལ་བོད་ཀྱི་བདེན་མཐའ་གསལ་མ་ཐུབ་པ་ཡིན་ན་མུ་མཐུད་དགོས་པ་དང་། བཙན་པོའི་དུས་སྐབས་སུ་བལྟས་པ་ཡིན་ན། བོད་པ་ཟེར་བ་དེ་སེམས་ཤུགས་ཆེན་པོ་དང་ལ་རྒྱ་ཆེན་པོ། སྙིང་སྟོབས་ཆེན་པོའི་མི་རིགས་ཤིག་ཆགས་བསྡད་ཡོད་དུས། གནས་ཚུལ་གང་ལ་འཕྲད་ཀྱང་དེ་ལ་བློས་གཏོང་མི་ཐུབ་པ་དེ་ནི་གནད་འགག་ཅིག་ཆགས་ཀྱི་ཡོད་པ་དང་། དེ་བས་ད་ལྟའི་གཉན་འཕྲང་གི་གོ་སྐབས་འདི་ཟིན་པའི་ཐོག་ནས་བོད་རྒྱ་འབྲོལ་མོལ་ཡོང་ཐབས་སུ་དགོངས་པ་བཞེས་དགོས་པའི་དུས་ལ་བབ་འདུག་ཟེར་བའི་བརྡ་གཏོང་དགོས་པ་དེ་གལ་ཆེན་ནང་གི་འགངས་ཆེན་ཆགས་ཀྱི་ཡོད། ཅེས་སོགས་གསུངས་སོང་།

ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ལས་འགུལ་དེ་ཟླ་འདིའི་ཕྱི་ཚེས་ ༢ ཉིན། རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་དྷེའི་འཁྲུངས་སྐར་དང་བསྟུན་ཏེ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ནས་དབུ་འཛུགས་གནང་ཡོད་པ་དང་། ལས་འགུལ་ནང་སྦག་སྦག་ ༧ དང་མི་གྲངས་ ༡༢ མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. བཀྲ་རྣམ། says:
    ལོ་ 10 སྔོན།

    སྦག་སྦག་སྐོར་སྐྱོད་ལས་འགུལ་བ་རྣམས་ལ་རྡ་ཤོད་ནས་ཕེབས་བསུ་ཞུ་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན། རྡ་རམ་ས་ལའི་མདོ་སྟོད་ཆུ་བཞི་སྒང་དྲུག་ཚོགས་པ་དང་། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། མདོ་སྨད་དབུས་རྒྱུན་ལས། མངའ་རིས་སྤྱི་མཐུན་ཚོགས་པ། དབུས་གཙང་ཆོལ་ཁའི་རྒྱུན་ལས། རྡ་སའི་ཚོང་ཁང་སྐྱིད་སྡུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese