མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་ལྷིང་འཇགས་ཡོད་ན་ལུས་ལ་ན་ཟུག་བྱུང་ཡང་སེམས་དེ་ཙམ་མི་འཁྲུག

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་ཏེ་ཡུལ་དེའི་རིག་གཞུང་བློན་ཆེན་དང་གྲོས་ཚོགས་འཐུས་མིའི་ཕེབས་བསུའི་འོག་རིག་གཞུང་ལས་ཁུངས་དང་ཆོས་ལུགས་བགྲོ་གླེང་བཅས་སུ་ཕེབས་ཡོད་འདུག

14716222_10207645539437509_1643691178875835406_nཟླ་འདིའི་ཚེས་ ༡༨ ཉིན། བོད་མིའི་སྐྱབས་མགོན་༧གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕིརེག་ནང་། ཡུལ་དེའི་རིག་གཞངུ་བློན་ཆེན་སྐུ་ཞབས་ཌནེ་ཧར་མེན་(Daniel Herman)མཆོག་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཆོས་ལུགས་ཀྱི་རྣམ་བཞག་ཅེས་པའི་བགྲོ་གླེང་ཐོག་དབུ་བཞུགས་གནང་ཡོད་པ་རེད། བགྲོ་གླེང་ཚོགས་འདུ་དེ་སྟེང་གཞུང་གི་གནད་ཡོད་མི་སྣ་དང་རྩོམ་པ་པོ་དང་གསར་འགོད་པ་གྲགས་ཆེན་སོགས་མི་གྲངས་ ༡༥༠ ཙམ་ཚོགས་བཅར་གནང་ཡོད་འདུག

སྐབས་དེར་རིག་གཞུང་བློན་ཆེན་མཆོག་གིས་སྤྱིར་ང་རང་ལ་མཚོན་ན་གཞི་རྩ་ཇིའུ་མི་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡང་ངས་རོམ་གྱི་ཡེ་ཤུ་རྣམ་དག་ཆོས་ལུགས་ལ་དད་པ་བྱེད་བཞིན་ཡོད། ང་རང་དེ་སྔ་ཅེག་ཀོ་སུ་ལོ་ཝ་ཀི་ཡའི་ནང་འཚར་ལོངས་བྱེད་སྐབས། ཆོས་ཀྱིས་ངའི་བསམ་བློའི་ནང་རང་དབང་གི་ཚོར་བ་ཞིག་སྟེར་བྱུང་། ཚོར་བ་དེས་ཕྱིས་སུ་ངས་ཆབ་སྲིད་ལས་དོན་བྱེད་སྐབས་སྙིང་སྟོབས་ཀྱི་གཞི་རྩ་ཞིག་ཏུ་གྱུར་སོང་། ཞེས་བརྗོད་ཡོད་འདུག

14708155_10207645556117926_6775960549544028152_nདེའི་རྗེས་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་བདེ་སྐྱིད་སྐྲུན་ཐབས་བྱེད་བཞིན་ཡོད། སེམས་འཁྲུག་ནས་བསྡད་ན་ཕྱི་དངོས་པོའི་མཐུན་རྐྱེན་ཇི་ཙམ་སྦྱར་ཡང་སེམས་ནང་ཞི་བདེ་ཡོང་བ་བཟོ་མི་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་སེམས་ལ་ཞི་བདེ་ལྷིང་འཇགས་ཡོད་ཚེ་ལུས་ལ་ན་ཟུག་བྱུང་ཡང་སེམས་དེ་ཙམ་མི་འཁྲུག འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་ཤུགས་ཆེ་བྱས་པ་ཡིན། སྐབས་དེར་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྐོར་གསུངས་པ་དེ་ངོས་ཀྱིས་རེ་བའི་འབྱུང་ཁུངས་ལྟ་བུར་བརྩི་བཞིན་ཡོད།

ཕྱོགས་གཅིག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་གི་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན། མི་ཐེར་འབུམ་གཅིག་ལྷག་གིས་ཆོས་ལ་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན། བྱམས་བརྩེ་སོགས་ནང་གཤིས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་ཆེད་ཐབས་ལམ་གཞན་ཞིག་བརྒྱུད་ནས་གོ་དཀོན་སློབ་གསོ་སྤྲོད་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་འདུག

14718855_10207645545517661_3762989296720026243_n

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese