མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་གསུམ་ནང་ཉུང་མཐར་དཔོན་རིཊ་ས་ཡ་གཅིག་ལ་ཞིབ་བཤེར་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཐེངས་ ༦ པ་མགོ་འཛུགས་བྱས་པ་དང་བསྟུན་ཞིང་ཆེན་ཁག་ ༢༥ ཙམ་ནས་ཡོང་བའི་འབྲེལ་ཡོད་ཁྱིམ་མི་ ༣༡༩ ཡིས་ཞི་ཅིན་ཕིན་ལ་ཞུ་ཡིག་ཅིག་བསྐུར་ཏེ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་དོགས་ཡོད་ཉེས་ཅན་སོགས་མི་གྲངས་ ༧༠༩ འཛིན་བཟུང་བྱས་ཡོད་པ་ཀློད་གྲོལ་དགོས་པའི་རེ་སྐུལ་བྱས་འདུག

1233ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། སྐབས་བཅོ་བརྒྱད་པའི་རྒྱ་ནག་དབུས་རྒྱུན་ལས་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ ༦ པ་མགོ་འཛུགས་ཀྱིས་ཉིན་གྲངས་ ༣ རིང་འཚོགས་བཞིན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཏུ། ཐེངས་འདིའི་ཚོགས་ཆེན་ཐོག་ཏང་གི་སྒྲིག་ཁྲིམས་དོ་ནན་གྱི་གལ་ཆེའི་གནད་དོན་ཐོག་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ། ༼གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་འཛིན་འགའ་ཞིག༽དང་། ༼ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག༽ཟེར་བའི་ཁྲིམས་སྒྲིག་ཡིག་ཆ་གཉིས་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་གྱིས་བསྐྱར་བཅོས་གཏན་འབེབས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་ཏང་གི་ཁྲིམས་སྒྲིག་དོ་ནན་གྱི་དར་ཆའི་འོག་ནས་རང་ཉིད་ཀྱི་ཁེ་དབང་སྔར་ལས་རྒྱ་སྐྱེད་ཤུགས་སྣོན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུའང་ཞི་ཅིན་ཕིན་གྱི་དབང་ཆ་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་རྗོད་ཀྱི་འདུག

ཚོགས་ཆེན་མགོ་འཛུགས་ཐོག ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གཉིས་ཀྱི་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་ཁྲོད། འདས་པའི་ལོ་གསུམ་རིང་ཉུང་མཐར་དཔོན་རིགས་ས་ཡ་གཅིག་ལ་ཞིབ་བཤེར་འདྲི་རྩད་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་རྒྱལ་སྤྱིའི་ཐོག་རྗེས་འདེད་རྩད་གཅོད་གཏོང་བའི་ལས་འགུལ་འོག ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་ཕྱིན་པའི་དོགས་ཡོད་ཉེས་ཅན་ཁྱོན་ ༤༠༩ འཛིན་བཟུང་བྱེད་ཐུབ་ཡོད་སྐོར་བསྒྲགས་འདུག

ཚོགས་ཆེན་གྱི་ཉིན་དང་པོ་དང་བསྟུན། རྒྱ་ནག་གི་ཞིང་ཆེན་ཁག་ ༢༥ ཙམ་ནས་ཡོང་བའི་གནོད་ཐེབས་འབྲེལ་ཡོད་ཁྱིམ་མི་ ༣༡༩ ཡིས་སྲིད་འཛིན་ཞི་ཅིན་ཕིན་ལ་ཞུ་ཡིག་ཅིག་བསྐུར་ཏེ། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་དང་ཁོང་ཚོའི་ཁྱིམ་མི། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཅས་མི་གྲངས་ ༧༠༩ ཡི་གནད་དོན་ཐད་འཕྲལ་དུ་སྲིད་གཞུང་གི་ནོར་འཁྲུལ་ལེགས་བཅོས་བྱས་ཏེ། དྲང་བདེན་གྱི་ལམ་ནས་བཀག་ཉར་འོག་ཡོད་པ་ཚང་མ་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་སྦྲགས། རྒྱ་གཞུང་གིས་མི་སྣ་འཛིན་བཟུང་དང་གཅར་རྡུང་མནར་གཅོད། བརྒྱུད་ལམ་ལ་བཀག་སྡོམ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེར་ཚད་མེད་སྐོར་འགྲེལ་བརྗོད་བྱས་འདུག

དེ་སྔོན་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། ཨ་རི་དང་ཁེ་ན་ཌ། སི་པིན། ཐའེ་ལན་ཌི། ཐའེ་ཝན། ཨ་ཧྥ་རི་ཁའི་རྒྱལ་ཁབ་ཁག་ཅིག་བཅས་ཁྱོན་རྒྱལ་ཁབ་ ༥༦ ནང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་རྗེས་འདེད་རྩད་གཅོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཆོད་ཡིག་ཡོད་པའི་རྒྱལ་ཁབ་ཁག་ཅིག་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་སྐབས། སྲོག་ཁྲིམས་མི་གཅོད་པ་ཁས་ལེན་དགོས་པའི་ཆ་རྐྱེན་བཏོན་ཡོད་ཀྱང་། ཁྲིམས་ཀྱི་གཏན་འབེབས་ལྟར། ཉེན་རྟོག་ཁང་གིས་ཆེས་མཐོའི་ཁྲིམས་ཁང་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་པ་དང་། ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱས་རྗེས། ཕྱི་འབྲེལ་ལྷན་ཁང་གིས་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་བྱས་ཏེ་ཁས་ལེན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༦ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist