མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་ཇེ་བཟང་དུ་འགྲོ་བའི་རེ་བ་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཡཱོང་གིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཐོག་ཨ་རིའི་གཞུང་གིས་ལངས་ཕྱོགས་གང་འདྲ་ཞིག་འཛིན་མིན་ད་ལོའི་ཨ་རིའི་འོས་བསྡུའི་མཇུག་འབྲས་ལྟར་ཚོད་དཔག་དཀའ་ཟེར།

དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཚགས་པར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༢ ནས་དེ་རིང་ཕྱི་ཚེས་ ༢༣ བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་བཞིན་པའི་ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་ཉོ་འཚོང་ཚོགས་འདུ་ (JCCT)ཞེས་པ་དང་བསྟུན་ཏེ། རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཡཱོང་ (Wang Yang) གིས་ཚོགས་ཞུགས་དཔོན་རིགས་ཚོར་ཨ་རིའི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་གསལ་ཁ་མེད་ཀྱང་། ཨ་རིའི་ཁེ་ལས་ཚོགས་སྡེ་ཁག་གིས་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་འབྲེལ་ལམ་ཐོག་སྤྲོ་སེམས་ཆེན་པོ་ཡོད་སྟབས། མ་འོངས་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་འབྲེལ་ལམ་ལ་བཟང་ཕྱོགས་སུ་འཕོ་འགྱུར་འགྲོ་བར་རེ་བ་བཅང་ཡོད་ཚུལ་བཤད་འདུག

རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཡཱོང་ཟེར་བ་དེས། མ་འོངས་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་འབྲེལ་ཐོག་ཨ་རིའི་གཞུང་གིས་སྲིད་ཇུས་ལངས་ཕྱོགས་གང་འདྲ་ཞིག་འཛིན་མིན་ནི། ཉེ་ཆར་བྱུང་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་མཇུག་འབྲས་ལྟར། ང་ཚོ་མཇུག་འབྲས་ལ་བསྒུག་རྒྱུ་མ་གཏོགས་ད་ལྟ་ནས་ཚོད་དཔག་བྱེད་མི་ཐུབ་པ་དང་། དེ་རིང་ཚོགས་ཞུགས་པ་ཚང་མས་ཨ་རིའི་གཞུང་ལ་འགྱུར་བ་འགྲོ་སྲིད་ནའང་ད་ལྟའི་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ལ་གྱུར་བ་གཏོང་མི་སྲིད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ཨོ་བྷ་མའི་སྲིད་དབང་འོག་ཕྱོགས་གཉིས་བར་གྱི་མཉམ་འབྲེལ་ཚོང་ལས་དང་དམག་དོན། དཔལ་འབྱོར་གྲོས་མོལ་བཅས་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་བྱུང་བ་དང་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཉུང་དུ་ཕྱིན་ཡོད། རྒྱ་ནག་ཕྱོགས་ནས་མུ་མཐུད་དུ་ཨ་རིའི་ཚོང་གཉེར་ཁང་ཁག་ལ་ཁེ་ལས་ཀྱི་གོ་སྐབས་ཆེན་པོ་སྤྲོད་རྒྱུ་ཡིན། དེ་ཡང་མ་འོངས་པའི་ལོ་ངོ་ ༥ ཡི་ནང་ཨ་རིའི་ཕྱོགས་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༨ ཀྱི་དངོས་ཟོག་ནང་འདྲེན་བྱ་རྒྱུ་དང་། རྒྱ་ནག་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཁག་ནང་ཨ་སྒོར་ཐེར་འབུམ་ ༧༢༠ ཡི་མ་འཛུགས་བྱ་རྒྱུ། དེ་བཞིན། ཕྱིའི་རྒྱལ་ཁབ་ཁག་གི་ཁེ་ལས་མ་འཛུགས་ནང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༥༠༠ སྔ་བསྣུར་བྱ་རྒྱུ་དང་།

རྒྱ་རིགས་མི་མང་ས་ཡ་ ༦༠༠ ཕྱིའི་རྒྱལ་ཁབ་ཁག་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་འོང་ཐུབ་པའི་རེ་བ་ཡོད་ལ། འདི་ནི་ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་ཚོང་གཉེར་ཁང་ཁག་གི་གོ་སྐབས་ཆེན་པོ་ཞིག་ཡིན། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རའི་འཕོ་འགྱུར་ལ་གཞིགས་ཏེ། ཨ་རིའི་གཞུང་དང་ཚོང་གཉེར་ཁང་ཁག་གིས་འདམ་ག་མ་ནོར་བར་བྱ་ངེས་རེད་བསམ་གྱི་ཡོད། གལ་ཏེ་འདམ་ག་ནོར་བ་ཡིན་ན། ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་དཀའ་རྙོག་དེ་ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་དཀའ་རྙོག་ལྟ་བུ་ཆགས་སྲིད། ཅེས་སོགས་བཤད་འདུག

ཨ་རིའི་རྒྱལ་ཡོངས་དངུལ་རྩིས་ཞབས་ཞུ་ཁང་ (Morgan Stanley) གི་སློབ་སྟོན་པ་ཟུར་བ་སྐུ་ཞབས་རྗ་ཁི་ཝ་ཌི་ཝོར་ཐི་ (Jack Wadsworth) ཟེར་བ་ཞིག་གིས། ཨ་རིའི་མ་འོངས་གཞུང་གསར་བས་ཕྱིའི་དཔལ་འབྱོར་ཉོ་འཚོང་ལ་བརྟེན་ཏེ། ཨ་རིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ལས་ཤོར་མི་མང་ལ་ལས་གནས་གསར་འཛུགས་ཐུབ་པར་ངོས་འཛིན་བྱ་སྲིད་སྐོར་བརྗོད་འདུག

ཉེ་ཆར་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་གིས་རྒྱ་སྒོར་གྱི་འཛའ་ཐང་བཅག་པ་དང་ཨ་རིའི་ཁེ་ལས་བཙན་འཕྲོག་བྱེད་བཞིན་ཡོད་སྟབས། ཁོས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་གྱི་ཁྲལ་བརྒྱ་ཆ་ ༤༥ སྤར་ཏེ་ཨ་རིའི་གྱོང་གུད་ཇེ་ཉུང་ལ་གཏོང་རྒྱུ་ཡིན་པ་མ་ཟད། ད་དུང་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་ཁོངས་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན། ཞེས་སོགས་བརྗོད་ཡོད་པ་རེད།

གནས་ཚུལ་ལྟར་ན། ཨ་རྒྱ་གཉིས་བར་གྱི་མཉམ་འབྲེལ་ཉོ་འཚོང་ཚོགས་འདུ་ཐེངས་ ༢༧ པ་དེ་ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༣ ཉིན་བར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་བཞིན་ཡོད་པ་དང་། ད་ལོའི་ཚོགས་ཐོག་ཏུ་ཕྱོགས་གཉིས་ཀྱི་ཁེ་ལས་པ་དང་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཁག་ཅིག་བཅས་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་ནག་གིས་རྒྱ་སྒོར་འཛའ་ཐང་བཅག་པ་མ་རེད་འཛའ་ཐང་མ་བཅག་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese