མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕིའི་ཁ་པར་ནང་གི་ཁ་བརྡའི་རྩོད་ཉོག

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཊི་རུམ་ཕི་ཡིས་ལྕམ་ཚའེ་ཡེན་ཝན་ལ་ཁ་པར་ཞིག་བཏང་བ་དེས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་མ་ཟད་གནད་དོན་དེར་རྐྱེན་བྱས་ཏེ་རྡུལ་ཕྲན་མཚོན་ཆ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཁག་ཅིག་ལའང་དོ་ཕོག་འགྲོ་སྲིད་པ་རེད་ཟེར།

BN-RB269_1203ch_GR_20161203130427དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་རྣམ་གཉིས་ཀྱིས་ཁ་པར་སྐུད་ལམ་ནས་ཕན་ཚུན་འཚམ་འདྲི་དང་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སོགས་ཀྱི་སྐོར་ལ་གླེང་མོལ་བྱུང་བ་དེར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཐའེ་ཝན་མཚོ་འགག་གི་སྲུང་དམག་ཉུང་དུ་གཏོང་དགོས་པ་དང་། ཐའེ་ཝན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཁག་ཅིག་གི་འབྲེལ་ལམ་གཅོད་དགོས་ལུགས་སོགས་བཤད་ཡོད་འདུག

གནས་ཚུལ་དེའི་ཐོག་པེ་ཅིན་མི་རིགས་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཧྲི་ཡེན་ཧོང་ (Shi Yin Hong)གིས། རྒྱ་ནག་གཞུང་གིས་སྐུ་ཞབས་ཊི་རུམ་ཕི་ཡི་ཕྱི་འབྲེལ་སྲིད་བྱུས་ལ་རེ་ལྟོས་བྱས་བཞིན་ཡོད་པ་དང་། གལ་སྲིད་སྐུ་ཞབས་ཊི་རུམ་ཕི་ཡིས་མ་འོངས་པར་སྲིད་འཛིན་ལས་ཁུངས་ནས་ཀྱང་མུ་མཐུད་འདི་ལྟར་བྱས་པ་ཡིན་ན། རྒྱ་ནག་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་སྲིད་པ་དང་། སྐུ་ཞབས་ཊི་རུམ་ཕི་ཡིས་སྔོན་མའི་ཨ་རིའི་སྲིད་འཛིན་ཁར་ཊིར་ (Carter) ལགས་ཀྱི་སྐབས་ནས་རྒྱུན་འཁྱོངས་བྱས་ཡོང་བའི་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་ཐད་རྩོད་གླེང་བྱས་པ་ཡིན་ན། དེ་ལ་རྒྱ་ནག་གཞུང་གིས་ཧ་ཅང་ནུས་པ་ལྡན་པའི་ཡ་ལན་བསློག་སྲིད་པ་རེད། རྩོད་རྙོག་དེའི་ནང་ཨ་རིའི་བདེ་འཇགས་དང་འབྲེལ་བའི་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོན་ཆའི་གནད་དོན་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་དང་། རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་དང་འབྲེལ་བའི་རྒྱ་ནག་ལྷོ་བརྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་སོགས་ཀྱང་ཚུད་ཡོད་པ་རེད། ཅེས་བཤད་འདུག

པེ་ཅིན་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཚན་པའི་སློབ་སྟོན་པ་ཅ་ཆིན་གོ་ (Jia Qingguo)ཞུ་བས། ཐེངས་འདིའི་གནད་དོན་དེས་སྐུ་ཞབས་ཊི་རུམ་ཕི་ཡིས་མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་སྲིད་ཇུས་ཤིག་འཛིན་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། དེས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཟོས་པ་མ་ཟད། ད་དུང་ཨ་རིའི་ཁེ་ལས་ཁག་ལའང་དོ་ཕོག་བཟོས་ཡོད་པ་དང་། གལ་ཏེ་ཊི་རུམ་ཕི་ཡིས་མ་འོངས་པར་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་ཀྱང་འདི་ལྟར་བྱས་པ་ཡིན་ན། རྒྱ་ནག་དང་ཐའེ་ཝན་མཚོ་འགག་བར་གྱི་གནད་དོན་དང་། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཁེ་ལས་ལའང་དོ་ཕོག་བཟོ་ངེས་ཡིན་པ་དང་། གནད་དོན་དེ་དང་འབྲེལ་ཏེ་ཕྱོགས་གཉིས་དཔལ་འབྱོར་ཁེ་ལས་དང་རྒྱལ་ཁབ་བདེ་འཇགས་ལ་ཐབས་གདུག་གི་གནས་ཚུལ་འབྱུང་སྲིད་སྐོར་སོགས་བཤད་འདུག

གནས་ཚུལ་འདིའི་ནང་། ཝ་ཤིན་ཏོན་དང་པེ་ཅིན་གཉིས་ཀྱིས་བྱང་ཀོ་རི་ཡ་དང་ཨེ་རན་གྱི་རྡུལ་ཕྲན་ཚོན་ཆའི་གནད་དོན། དེ་བཞིན། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་མཉམ་ལས་ཁག་ལའང་སྐུ་ཞབས་ཊི་རུམ་ཕི་ཡིས་དེ་སྔའི་གྲོས་ཆོད་དེ་དག་ལ་བསྐྱར་ཞིབ་བྱས་ཏེ་ཨ་རིའི་ཁེ་ཕན་གཙོ་བོར་འཛིན་རྒྱུ་ཡིན་པ་དང་། ཐའེ་ཝན་མཚོ་འགག་གི་གནད་དོན་དེ་ནི་ཕྱི་ལོ་ ༡༩༥༩ ལོར་གོ་གུང་གཉིས་ཁ་གྱེས་པ་ནས་བཟུང་ད་བར་སེལ་མ་ཐུབ་པའི་རྙོག་གླེང་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་ཐའེ་ཝན་མཚོ་འགག་ཚུར་ལེན་རྒྱུ་གསལ་བསྒྲགས་བྱས་མེད་ནའང་། ཐའེ་ཝན་གྱིས་རྒྱ་ནག་གི་དྲག་ཆས་མཚོན་ཆའི་ཁ་ཐའེ་ཝན་ཕྱོགས་ལ་གཏད་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། ལྕམ་ཚའེ་ཡེན་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོ་དང་ལྷན་དུ་ཞི་བདེ་བརྟན་ལྷིང་གི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་འདོད་ཡོད་ནའང་། རྒྱ་ནག་ཕྱོགས་ནས་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་རང་བཙན་བྱེད་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་སྐོར་སོགས་འཁོད་འདུག

ཨེ་ཕེ་གསར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས། སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གི་ཊི་ཝིར་ཊི་ (tweet) ཐོག་ཀུན་སློང་ག་འདྲ་ཞིག་བསྟན་ཡོད་ནའང་། རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བརྟན་ལྷིང་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བར་ཡིད་ཆེས་བྱེད་ཀྱིན་ཡོད་ལུགས་དང་། ཨ་རྒྱ་གཉིས་ཀྱི་སུ་ལ་མཚོན་ནའང་། ཁོང་ཚོས་སྐུ་ཞབས་ཊི་རུམ་ཕི་སྒེར་དོན་ལ་བརྡ་ལན་སྤྲོད་ཀྱི་མེད་པར། ཁོང་ཚོས་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་དོ་སྣང་བྱེད་ཀྱིན་ཡོད་ཚུལ་བཤད་འདུག

གཞན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་དྲ་ཚིགས་སྟེང་། ཐའེ་ཝན་ལ་ཉེས་ཆད་གཅོད་ཐབས་ལེགས་ཤོས་དེ་སྐུ་ཞབས་ཊི་རུམ་ཕི་ལ་ཉེན་བརྡ་གཏོང་རྒྱུ་དེ་ཡིན་པ་དང་། ཊི་རུམ་ཕི་ལ་ཕྱི་འབྲེལ་སྲིད་ཇུས་ཐད་ཉམས་མྱོང་མེད་པ་དང་། ཁོས་མ་འོངས་པའི་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་དང་དེའི་མཇུག་འབྲས་གང་འདྲ་ཡིན་པ་ཤེས་ཀྱི་མེད་ལུགས་སོགས་བཤད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༢༢ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

༢༠༢༦/༠༥/༢༥
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

༢༠༢༦/༠༥/༢༥
Front Slider

Long-life prayer offereing to His Holiness by two associations

༢༠༢༦/༠༥/༢༥
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese