མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་བརྩེ་ལྡན་པའི་ནང་ཚཊ་ཀྱི་བསམ་ཚུལ་ཡོད་ན་ལས་དོན་འཐུས་མ་ཤོར་བ་དང་རྒྱབ་མདུན་གྱི་སྐད་ཆ་མི་ཡོང་བར་ཁྱད་པར་ཞེ་དྲགས་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུ་ལ་བཞུགས་མཁན་དང་གཤམ་འོག་སྲི་ཞུ་བའི་བར་བྱམས་བརྩེ་ལྡན་པའི་ནང་ཚགས་ཀྱི་བསམ་ཚུལ་ཡོད་ན་འབྲེལ་བ་ཐག་ཉེ་བོ་དང་གོ་བརྡ་མ་འཕྲོད་པར་བརྟེན་ལས་དོན་འཐུས་ཤོར་འགྲོ་བའི་གོ་སྐབས་ཉུང་ཉུང་ཡིན་སྐོར་གསུངས་འདུག

15284814_10207881243256211_2344603255640127533_n ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་གནང་སྟེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་རྣམས་ལ་སྤྱི་དམངས་ཀྱི་མངོན་འདོད་འགྲུབ་པར་སྲི་ཞུ་བ་ཞིག་གི་བསམ་བློའི་འཁྱེར་སོ་དང་ལས་དོན་སྒྲུབ་ཕྱོགས་སྐོར་ལ་བླངས་དོར་གྱི་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་རིན་ཆེ་མཆོག་གིས་སྲི་ཞུ་བ་རྣམས་པས་བོད་མི་ས་ཡ་དྲུག་དང་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་ངས་ལས་ཀ་ཡག་པོ་བྱེད་ཀྱི་ཡིན། ང་རང་གི་མི་ཚེ་སྐྱེལ་བའི་མཐུན་རྐྱེན་དགོས་པ་དེ་ཚོ་ལས་འགན་གྱི་ཞོར་ལ་ཡོང་གི་རེད་བསམ་པའི་བསམ་བློ་ཞིག་འཁུར་གྱི་ཡོད་ན་བསམ་བློའི་འཁྱེར་སོ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པའི་གནས་སྐབས་ཙམ་དུ་མ་ཟད། བསམ་བློ་དང་རིག་པའི་གཞུང་ལུགས། འཇིག་རྟེན་གྱི་ལྟ་ཚུལ་ཚང་མར་འགྱུར་བ་འགྲོ་བཞིན་པའི་དུས་ཚོད་ཅིག་ལ་སླེབ་ཡོད་པར་བརྟེན། ང་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྒྱུ་ཁག་པོ་རེད་ལ། སྤྱི་ཚོགས་ཀྱི་མངོན་འདོད་ཤེས་རྒྱུ་ཁག་པོ་རེད། དཀའ་ངལ་དེ་ང་ཚོས་ཤེས་དགོས་པ་ཞིག་རེད་བསམ་གྱི་འདུག སྲི་ཞུ་བ་གསུང་གི་ཡོད་དུས་སྲི་ཞུ་བ་ཟེར་བའི་ཚིག་དེ་ཡག་པོ་ཞིག་རེད་འདུག བོད་པའི་གནའ་སྔ་མོ་ནས་ཡི་གེའི་ནང་སྲི་ཞུ་བ་ཟེར་བའི་ཚིག་དེ་ཡོད་པ་རེད། ཡིན་ནའང་། སྲི་ཞུ་བ་རྒྱག་ས་གང་ལ་རྒྱག་དགོས་ཀྱི་ཡོད་པ་དེ་སྔ་མོའི་གནས་སྟངས་དང་ད་ལྟའི་གནས་སྟངས་མི་འདྲ་བ་ཆགས་བསྡད་ཡོད་པ་རེད། སྔོན་མ་ང་ཚོ་བོད་ལ་ཡིན་ན་གཞུང་ཞབས་སྲི་ཞུ་བ་ལབ་ཀྱི་ཡོད་པ་དང་། བདག་པོ་དེ་གཞུང་དང་ཞབས་ཞུ་ཞུ་ས་དེ་གཞུང་། ཞབས་ཞུ་ཞུ་མཁན་དེ་གཞུང་ཞབས་པ་ཚོ་རེད། དེང་སང་ཡིན་ན་ཞབས་ཞུ་ཞུ་ས་དེ་གཞུང་མིན་པར་མི་མང་དང་ཡང་ན་སྤྱི་ཚོགས་ཡིན་ལ། དེ་འདྲ་ཏག་ཏག་བསྡད་ཀྱི་ཡོད་མེད་མི་ཤེས་ཏེ་གང་ལྟར་འགྲོ་སྟངས་དེ་འདྲ་ཆགས་བསྡད་ཡོད་པ་རེད། དངོས་གནས་བྱས་ན་སྲི་ཞུ་བ་ཚོ་མང་ཚོགས་ལ་སྲི་ཞུ་ཞབས་འདེགས་ཞུ་མཁན་ཡིན་ན། ཁོང་ཚོས་ཡིད་ཆེས་བློ་གཏད་བྱེད་ས་དང་ཞབས་ཞུ་ཞུ་ས་དེ་ག་བར་འཚོལ་དགོས་ཀྱི་ཡོད་པ་རེད་ཟེར་ན། རང་རང་གིས་ཞབས་ཞུ་ཞུ་སའི་སྤྱི་ཚོགས་དེ་ལ་ཆ་བཞག་དགོས་པ་རེད། སྤྱི་ཚོགས་ཀྱི་ཞབས་ཞུ་དེ་སྒྲིག་འཛུགས་ཤིག་གི་ངོས་ནས་ཞུ་ཡི་ཡོད་སྟབས། སྒྲིག་འཛུགས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཆ་མཚོན་པ་ཡིན་ན། དབུས་བོད་མིའི་སྒྲིག་འཛུགས་ཆགས་ཀྱི་ཡོད་པ་རེད་ལ། བཙན་བྱོལ་བོད་གཞུང་ཆགས་ཀྱི་ཡོད་པ་རེད། སྲི་ཞུ་ཞུ་ས་དེ་མང་ཚོགས་དང་། སྲི་ཞུའི་བརྒྱུད་ལམ་དེ་དབུས་བོད་མིའི་སྒྲིག་འཛུགས་རེད། དེ་གཉིས་བར་གྱི་འབྲེལ་ལམ་དེ་གསལ་པོ་ཞིག་དང་ཡང་དག་པ་ཞིག་གི་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། སྲི་ཞུ་བ་ཞེས་གསུངས་པ་དེ་མིང་དོན་མཚུངས་བ་ཞིག་ཆགས་མདོག་ཁ་པོ་རེད་བསམ་གྱི་འདུག ཅེས་གསུངས་འདུག

15350649_10207881247256311_2183806581696004499_nཡང་ཁོང་གིས། སྲི་ཞུ་བའི་གནས་བབ་ག་རེ་ཆགས་དང་མ་ཆགས་དེ་སྲི་ཞུ་བ་རང་ཉིད་ཀྱི་བསམ་བློའི་ནང་རང་གི་སྒྲུབ་བྱའི་སྲི་ཞུའི་བྱ་བ་དེ་ག་འདྲ་ཞིག་ལ་དམིགས་ཡུལ་འཛིན་གྱི་ཡོད་པ་དང་། ག་རེའི་ཆེད་དུ་དམིགས་ཡུལ་འཛིན་གྱི་ཡོད་མེད་ལ་རག་ཡོད་པ་རེད། བསམ་བློའི་འཁྱེར་ཕྱོགས་ཟེར་བའི་བསམ་བློ་ལ་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་ཞེས་རིམ་པ་འདྲ་པོ་གཉིས་ཡོད་པ་རེད། བསམ་བློའི་རིམ་པ་དང་པོ་དེ་རྒྱུའི་ཀུན་སློང་དཔེར་ན་ཐོག་མར་ལས་བྱེད་ནང་འཛུལ་སྐབས་ཀུན་སློང་ག་འདྲ་ཞིག་གི་ཐོག་ནས་འཛུལ་བ་རེད་དེ་གལ་ཆེ་ཤོས་རེད། གྲྭ་བ་བྱས་པ་ཡིན་ན་དགོན་པའི་ནང་འཛུལ་ཞུགས་བྱས་ཏེ་དགེ་ཚུལ་སློང་གི་སྡོམ་པ་སྲུང་སྐབས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་སྟེ་ཞེས་གསུངས་པ་ལྟར། ཐར་པ་དོན་གཉེར་གྱི་བློ་ཞིག་གི་དབང་གིས་དགོན་པའི་ནང་སྡོམ་པ་ཞུས་དགོས་ཀྱི་ཡོད་པ་རེད་མ་གཏོགས་ཐར་པ་དོན་གཉེར་གྱི་བློ་ཞིག་མེད་པ་ཡིན་ན་སྡོམ་པ་ཐོབ་རྒྱུ་ཡོད་པ་མ་རེད། ཡིན་ནའང་། དེང་སང་མང་པོ་ཞིག་ཕ་མས་བསྐྱལ་བཞག་པ་དང་། ཡང་ཁ་ཤས་ཧེབ་འདྲ་པོ་ལངས་ཏེ་དགོན་པའི་ནང་ཕྱིན་པ་མ་གཏོགས་ཐར་པ་དོན་གཉེར་གྱི་བློ་ཕར་བཞག་ནས་ཐར་པ་ག་རེ་ཡིན་པ་ངོ་མ་ཤེས་མཁན་དེ་འདྲས་དགེ་ཚུལ་སློང་གི་སྡོམ་པ་སྲུང་ནས་བསྡད་ཡོད་པ་མང་པོ་ཡོད་པ་རེད། དེ་ཚོ་མིང་དང་དོན་མཚུངས་ཀྱི་ཡོད་པ་མ་རེད། དེ་ནང་བཞིན་གྱིས་སྲི་ཞུ་བ་དེའང་ཐོག་མར་མར་སྐུལ་མ་གནང་བ་ཡིན་ན་རེད། ཡར་འཚང་སྙན་བཏང་བ་ཡིན་ནའང་རེད། དེའི་སྐབས་སུ་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་དོན་དུ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཀུན་སློང་དེ་འཁུར་ནས་མཉམ་ཞུགས་བྱས་པ་ཞིག་ཡིན་ན། ཀུན་སློང་དེ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

སྲི་ཞུའི་ལས་དོན་བྱེད་སྐབས་རང་གཞན་སྤྱི་ཕན་གྱི་བསམ་བློ་གཏོང་ཐུབ་ན་དཀའ་ལས་མེད་སྐོར་ཁོང་གིས། སྲི་ཞུའི་ལས་དོན་སྒྲུབ་སྐབས་འོས་ཤིང་འཚམ་པ་ག་རེ་ཡིན་པ་དང་། དྲང་བདེན་ག་རེ་ཡིན་པ་དེའི་ཐོག་ལ་གཙོ་བོ་འགྲོ་ཐུབ་པ་ཞིག་དང་། བསམ་བློ་དེ་གཞན་ཕན་གྱི་བསམ་བློ་ཞིག་མ་གཏོགས་རང་དོན་གཉེར་བའི་བསམ་བློ་སྟེ། ང་ལ་ཕོགས་ཡག་པོ་དགོས་ཀྱི་ཡོད། ང་འདུག་ས་ཡག་པོ་དགོས་ཀྱི་ཡོད། ང་ལ་འཚོ་བ་ཡག་པོ་དགོས་ཀྱི་ཡོད། དེའི་དོན་དུ་ངས་ལས་ཀ་བྱས་པ་ཡིན་བསམ་པ་ཡིན་ན། ལས་ཀ་བྱས་པ་གཅིག་པ་རེད་དེ་བསམ་བློ་འཁྱེར་སྟངས་ཀྱི་ཐོག་ནས་རིན་ཐང་གཉོམ་པོ་འདྲ་བཟོ་བཞག་གི་ཡོད་པ་རེད། ལས་ཀ་འདི་སྤྱི་ཚོགས་ཀྱི་ལས་དོན་ཞིག་རེད། བོད་མི་ས་ཡ་དྲུག་གི་ཁེ་ཕན་གྱི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གི་གཙོས་པའི་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་དུ་ཡིན་པས་ངས་འདི་ཡག་པོ་ཞིག་བྱེད་ཀྱི་ཡིན། ང་རང་གི་མི་ཚེ་སྐྱེལ་བའི་མཐུན་རྐྱེན་དགོས་པ་དེ་ཚོ་ལས་འགན་གྱི་ཞོར་ལ་ཡོང་གི་རེད་བསམ་པའི་བསམ་བློ་ཞིག་འཁུར་གྱི་ཡོད་ན། བསམ་བློའི་འཁྱེར་སོ་དེ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་དང་། བྱ་བར་སྤྲོ་སྣང་ལྡན་པའི་ཐོག་ནས་འདི་ངའི་ལས་འགན་ཡིན། འདི་བྱས་པར་བརྟེན་ངའི་ཚེ་འདི་དང་ཕྱི་མ་གཉིས་ཆའི་དོན་དག་འགྲུབ་ཀྱི་ཡོད་བསམ་པའི་ཐོག་ནས་བརྩོན་འགྲུས་གནང་བ་ཡིན་ན་དཀའ་ལས་གང་ཡང་མེད་སྐོར་གསུངས་འདུག

མཇུག་ཏུ་ཁོང་གིས་མི་དང་མིའི་བར་བྱམས་བརྩེ་དང་ལྡན་པའི་ནང་ཚགས་ཀྱི་བསམ་ཚུལ་ཡོད་ན་འབྲེལ་བ་ཐག་ཉེ་བོ་དང་ལས་དོན་འཐུས་ཤོར་མེད་པ་ཞིག་ཡོང་སྐོར་གསུངས་དོན། སྲི་ཞུ་ལས་བྱེད་པ་རྣམས་ཀྱིས་ཕྱག་ལས་རྣམས་རྒྱུན་སྐྱོང་གནང་རྒྱུ་དང་། ཆབ་སྲིད་ཀྱི་མགོ་འཁྲིད་ཚོས་གསར་གཏོད་དང་(Innovative )ག་རེ་ཡོད་པ་དེ་གནང་ན། རྒྱུན་མཐུད་ཡོད་པ་དང་རྒྱུན་འཛིན་ཡང་ཡོད་པ་རེད། རྒྱུན་འཛིན་གྱི་ནང་དུ་དགོས་ངེས་ཀྱི་འགྱུར་བ་དང་གསར་གཏོད་དེ་ཡོད་པ་དང་། དེ་གཉིས་མཉམ་དུ་འགྲོ་བར་དུས་ཚོད་ངེས་ཅན་ནང་འགྱུར་བ་འགྲོ་མཁན་གྱི་མགོ་འཁྲིད་དང་དུས་ཡུན་ཧྲིལ་པོར་འདུག་མཁན་གྱི་སྲི་ཞུ་ལས་བྱེད་པ་བར་གྱི་སྒྲིག་འཛུགས་གཅིག་ནང་ནུས་པ་སྤུངས་སྟངས་དེ་འདྲ་ཞིག་ཡིན་དགོས་པ་གལ་ཆེན་པོ་ཡིན་ལ། བསྡོམས་བརྒྱབ་ནས་ཞུས་ན། མགོ་འཁྲིད་དང་སྲི་ཞུ་ལས་བྱེད་སུ་ཡིན་ནའང་ལས་དོན་དེ་སྤྱི་ཚོགས་ཀྱི་ཆེད་དུ་བྱེད་ཀྱི་ཡོད་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་བྱེད་ཀྱི་ཡོད་སྟབས། དེ་ལ་ངེས་པར་མཁོ་བའི་གནས་ཚུལ་ཞིག་ནི་སོ་སོས་ཞབས་འདེགས་ཞུ་སའི་མི་མང་དང་སྲི་ཞུ་བའི་བར་གྱི་འབྲེལ་བ་དང་། རང་ལ་ལམ་སྟོན་བྱེད་མཁན་གྱི་དབུ་འཁྲིད་རྣམ་པ་ཚོ་དང་གཤམ་འོག་ཞབས་འདེགས་ཞུ་མཁན་བར་གྱི་འབྲེལ་བ་དེ་རྩ་ཆེན་པོ་ཞེ་དྲགས་ཡིན་ལ། དབུ་ལ་བཞུགས་མཁན་དང་གཤམ་འོག་ཞབས་འདེགས་ཞུ་མཁན་གཉིས་བར་ལ་བྱམས་བརྩེ་དང་ལྡན་པའི་ནང་ཚགས་ཀྱི་བསམ་ཚུལ་ཡོད་པ་ཡིན་ན། ཡར་མར་གོ་བརྡ་མ་འཕྲོད་པའི་གནས་སྟངས་དེ་ཡོང་གི་མ་རེད་ལ། གོ་བརྡ་མ་འཕྲོད་པའི་གནས་སྟངས་མེད་ན་ལས་དོན་ག་རེ་ཡིན་ནའང་འཐུས་ཤོར་དུ་འགྲོ་བའི་གོ་སྐབས་ཞེ་དྲགས་ཉུང་དུ་འགྲོ་ངེས་རེད། དེ་འདྲ་ཡོང་བར་ལས་དོན་གྱི་ཐོག་ལ་བསམ་ཚུལ་མ་མཐུན་པ་བྱུང་བ་དང་། གང་ཟག་སྒེར་གྱི་ནང་ཚགས་ཀྱི་གནས་སྟངས་གཉིས་དཀྲུག་དཀྲུག་མི་གཏོང་བ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་ལ། སྒྲིག་འཛུགས་ཀྱི་མཉམ་འདུས་ལས་དོན་བྱེད་སྐབས་ནོར་འཁྲུལ་ཤོར་ན་འབྲེལ་ཡོད་གང་ཟག་ལ་འཁོན་འཛིང་བྱེད་རྒྱུ་མེད་ལ། དབུ་ལ་བཞུགས་མཁན་གྱིས་ནོར་བ་ཡིན་ན། ངས་བལྟས་ན་ནོར་གྱི་འདུག ནོར་བའི་རྒྱུ་མཚན་འདི་རེད་ཅེས་ཡར་ཞུ་ནུས་པ་ཞིག་དང་། མར་གཤམ་འོག་གི་ལས་ཀ་བྱེད་མཁན་གྱིས་ནོར་བ་ཡིན་ན་དེ་ནོར་བ་རེད་ཅེས་བཤད་དགོས་པ་དང་། ཡང་ནོར་མེད་པ་ཡིན་ན་ནོར་མེད་པའི་རྒྱུ་མཚན་བཤད་པའི་གོ་སྐབས་ངེས་པར་དུ་སྤྲོད་དགོས་པ་རེད། དེ་འདྲའི་འབྲེལ་བ་ཞིག་ཡོད་ན་མི་དང་མིའི་བར་འབྲེལ་བ་ཐག་ཉེ་བོ་ཞིག་ཆགས་ཐུབ་པ་དང་། མདུན་ལ་བཤད་རྒྱུ་དང་རྒྱབ་ལ་བཤད་རྒྱུའི་སྐད་ཆ་མི་འདྲ་བ་གཉིས་མི་ཡོང་བར་ཁྱད་པར་ཞེ་དྲགས་ཡོད་སྐོར་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    ཟམ་གདོང་རིན་པོ་ཆེ་ལྟ་བུའི་མཁས་པའི་དབང་པོ་ཡོད་བཞིན་དུ་སློབ་སྟོན་པའམ་གྲོས་འདྲི་བ་དགོས་པའི་རྒྱུ་མཚན་ཅི། གྲོས་འདྲི་བ་ཞེས་པ་ལོ་རྒྱུས་སོགས་ཕྱི་ནང་གི་གནས་ཚུལ་ཆ་ཚང་མཁྱེན་མཁན་ཞིག་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese